མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བ་དག་གིས་ཁུངས་འཁྱོལ་གྱི་མེད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཟུར་ཐུབ་བསྟན་ལུང་རིགས།

ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༠་ཉིན་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གྲགས་པ་བཙུགས་པ་དང་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་”བོད་བརྒྱུད་ནང་བསྟན་སློབ་གླིང་འཛུགས་བསྐྲུན་ཡག་པོ་བྱ་རྒྱུ་དེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་བཟོ་བ་དང་། དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་ཞིག་ཡིན་ལ། ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་ལ་ཁ་གཡར་ནས་སིམ་འཛུལ་བྱ་རྒྱུ་བཀག་འགོག་བྱེད་པའི་དགོས་མཁོའང་རེད”། ཅེས་བརྗོད་འདུག་པ་ནི་འཐབ་ཕྱོགས་གཅིག་གྱུར་རང་གིས་ནང་བསྟན་ཆོས་ལུགས་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་དགོས་མཁོ་བསྐྲུན་པའི་ཆེད་དུ་བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བ་བཙུགས་པའི་སྲིད་བྱུས་བཟུང་པའི་རང་སྐྱོན་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཁག་དཀྲི་ཞུས་པ་ལས་མ་འདས།

གལ་ཏེ་དངོས་འབྲེལ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་བཟོ་བ་དང་།དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་དོན་དམ་གྱིས་བསྐྲུན་རྒྱུ་ཡིན་ན།ད་ལྟ་ཡོད་བཞིན་པའི་བོད་ནང་གི་ཆོས་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་བོད་བརྒྱུད་ནང་བསྟན་གཏོར་བཤིག་གཏོང་བའི་ངན་བྱུས་བཤམས་ཤིང་ཟུར་དུ་བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བ་བཙུགས་པ་སོགས་ནི།དཔེར་ན།ཆུ་བོ་ཡན་ལག་བརྒྱད་ལྡན་ཕར་ཙམ་བཞག་སྟེ་བ་ཚྭའི་ཁྲོན་པ་བསྐོ་བ་དང་ཤིན་ཏུ་མཚུངས་པ་རེད།

བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནི་རྣམ་རྟོག་དང་། རྨོངས་དད་ཡིན་པར་ངོས་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྲོལ་རྒྱུན་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་ཁག་དམར་པོའི་ཆབ་སྲིད་དང་། དབང་འཛིན་ལམ་ལུགས་འོག་དོ་དམ་ཤུགས་ཆེར་བྱས་ཏེ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་སློབ་གཉེར་བར་ཐེ་བྱུས་ཀྱིས་ཉིན་རེར་ཆོས་ཕྱོགས་སུ་གཏོང་དགོས་པའི་ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་བཟོ་བ། དགོན་པར་ཆོས་བྱེད་དགེ་འདུན་གྱི་གྲངས་ཚད་བཟོ་བ་དང་ཆོས་སྒོར་ཞུགས་སྐབས་ལོ་ཚད་གཏན་འབེབས་བཟོ་བ་སོགས་རྦད་དེ་དྲག་ཇུས་འབའ་ཞིག་གིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་དོན་ལ་བརྩི་བཀུར་མི་བྱེད་པ་དང་། དགོན་སྡེའི་སྲོལ་རྒྱུན་གྱི་རང་དབང་ལྡན་པའི་འགྲོ་ལུགས་ལ་ཚད་བཀག་བཟོ་བ་སོགས་ནི་ད་ལྟའི་རྒྱ་ནག་གཞུང་གི་ཆེས་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་དག་ཡིན། དེ་ལས་དཔེ་མཚོན་གསལ་ཤོས་ཤིག་ནི་བོད་ཀྱི་ཆོས་པ་ཚོས་རང་གི་བླ་མའི་སྐུ་པར་ཙམ་ཡང་བཤམས་སྒྲིག་མི་ཆོག་པ་དང་། གསོལ་འདེབས་དང་མཆོད་འབུལ་སོགས་ཀྱང་ལྐོག་ཏུ་བྱེད་དགོས་ཐུག་གི་ཡོད། རྒྱ་ནག་གི་གནོན་བཙུར་དེ་དག་ལ་འ་ཆད་འུ་ཐུག་ནས་ལོ་འདིར་བྱུང་བའི་དགེ་འདུན་པ་མང་པོ་ཡིན་པའི་རང་ལུས་མེར་སྲེག་གི་དོན་རྐྱེན་འདི་བྱུང་བ་རེད། སྐབས་དེར་ཁོང་ཚོ་མེ་ལྕེ་ཚ་རླབས་ཀྱིས་ཡོངས་སུ་འཚིག་ནས་འགྲོ་ནའང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པར་ཤོག ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས་པའི་སྐད་གསེང་མཐོན་པོར་བསྒྲགས་ཡོད།

དོན་དངོས་ཀྱི་གནས་བབ་འདི་ལྟའང་ཀྲུའུ་ཝེ་ཆོན་གྱིས་བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་དགེ་འདུན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཚུལ་གྱི་འུད་སྒྲོག་གང་སར་བྱེད་ནའང་། རབ་བྱུང་བ་རྣམས་འདུལ་བ་དང་དགེ་འདུན་གྱི་ནང་ཁྲིམས། དེ་བཞིན་ཡུལ་དུས་དང་བསྟུན་པའི་དགོན་པའི་སྒྲིག་སྲོལ་གཞིར་བཞག་གིས་གསོ་སྐྱོང་བྱ་རྒྱུ་ལས། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྲུང་ནན་ཧའེ་བཀའ་གསུང་ཅི་སྒྲུབ་ཀྱི་དམིགས་དོན་མངོན་འགྱུར་བྱ་ཆེད་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་ཆོས་བྱེད་དགེ་བཙུན་དང་བཅས་གཞོག་གཅོད་གཏུབ་གསུམ་བྱས་ན་འཛམ་གླིང་ནང་པའི་ལོ་རྒྱུས་ནང་གོང་ན་མེད་པའི་ནག་ཉེས་ཆེན་པོ་བསགས་ངེས་སྟབས། དོན་དངོས་དང་མཐུན་པའི་སྲིད་བྱུས་ལག་བསྟར་གྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་མྱུར་ཏུ་ཕྱིར་བསྡུ་བྱ་རན་འདུག

ལར་ནས་རྒྱ་ནག་གཞུང་གིས་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་ཡང་དག་པའི་ལམ་སྟོན་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་སྟོན་གནང་མཛད་ཡོད་པ།ད་ཆ་འཛམ་གླིང་རྒྱལ་ཁབ་གང་ས་ནས་ཚན་རིག་མཁས་ཅན་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་སྤྲོད་པ་དང་ཕན་ཚུན་སློབ་གསོ་ལེན་རེས་ཀྱི་རིམ་པ་འཕེལ་བཞིན་པ་འདི་ངོས་ལེན་བྱས་ཏེ།དངོས་འབྲེལ་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་བསྐྲུན་འདོད་ན་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་བྱེད་དགོས་ཤིང་།རྒྱབ་སྐྱོར་ཞུ་དགོས་པ་ལས་འོས་མེད་མཚན་སྨད་དང་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་མི་མཛེས་ཤིང་རྒྱ་ནག་ལྟ་བུའི་མི་འབོར་ས་ཡ་བརྒྱ་ཕྲག་ཡོད་པའི་གཞུང་ཞིག་གི་བྱེད་བབ་དེ་བས་ཀྱང་མིན་པས།འཇིག་རྟེན་པ་ཀུན་གྱིས་ཕྱག་བྱ་བའི་ཡུལ་ལ་གཟུ་བོར་གནས་པའི་ཐོག་ནས་གཏམ་བརྗོད་བྱེད་པ་གལ་ཆེན་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 6

  1. བརྩོན་རྒྱམ། says:
    ལོ་ 14 སྔོན།

    རྒྱ་ནག་དམར་གཞུང་གི་ཆོས་ལུགས་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ཀྱི་ཡོད་པ་དེ་བོད་མི་ཚོས་མགོ་མ་འཁོར་བ་གནང་དགོས་པ་གལ་ཆེན་རེད།  

    Reply
  2. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༧རྒྱལ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་ཁ་གཏད་གཅོག་སླད་ཡིན་ལབ་ན་ནི་ནོར་བ་རེད། རྒྱ་ནག་གཞུང་གིས་འདིའི་ཐད་སེམས་ལ་མ་ཤར་ན་མ་གཏོགས། ལག་ལེན་ལ་མ་བཀལ་བའི་སྲིད་བྱུས་ཤིག་ལྷག་མེད་སྙམ་པས། སློབ་གླིང་འདི་འདྲ་ཞིག་བཙུགས་པ་ཙམ་གྱིས་སྔར་ལས་ལྷག་པའི་ནུས་པ་ཐོན་འགྲོ་ཞིག་བསམ་གི་མེད་དོ།

    Reply
  3. མྱི་ནག་ཚང་། says:
    ལོ་ 14 སྔོན།

    སློབ་གླིང་འདི་གལ་ཆེན་པོ་རེད། ལྷག་པར་དུ། སློབ་གླིང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་དགེ་འདུན་པ་རྣམ་པ་དང་གུང་ཁྲན་ཏང་ཡོན་རྣམས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱ་ས། དགོས་གལ་ལ་ཐུག་སྐབས་བླ་ཆེན་དང་མཁས་པ་དེ་འདྲས་དམར་ཤོག་གི་འཐུས་མི་ཚོར་ལོ་རེར་ནང་ཆོས་ཀྱི་སྐོར་ནས་ཟབ་སྦྱོང་སྤྲོད་སའི་བསྟི་གནས་གལ་ཆེན་ཞིག་ལ་འགྱུར་ཐུབ་ན་ལྷག་པར་དགེ་མཚན་ཆེ་བར་འདོད།

    ལོ་ ༦༠ རིང་འདི་ལྟ་བུའི་བསྟི་གནས་ཤིག་བསྐྲུན་མ་ཐུབ་པ་ནི་བོད་རྒྱ་གཉིས་ཀའི་གྱོང་རེད། ད་ཆར་བོད་རྒྱ་གཉིས་ཀྱི་བར་འགལ་བ་ཇེ་ཆེ་དང་ཇེ་མང་། རྒྱུན་འཇགས་ཀྱི་དཀའ་རྙོག་ཅིག་འབྱུང་བཞིན་པ་ཡང་གཙོ་བོ་འདི་ལྟ་བུའི་རིག་གནས་བརྗེ་རེས་ཀྱི་བསྟི་གནས་གལ་ཆེན་ཞིག་མེད་སོང་བས་རེད།

    ད་སྐབས་རྒྱ་ནག་སྤྱི་དང་། དམར་ཤོག་གི་དཔོན་རིགས་ཚོའི་ནང་དུའང་ནང་ཆོས་ལ་ལྐོག་ཉན་དང་། ལྐོག་ཆོས་བྱེད་བཞིན་པ་ནི་ཡོངས་གྲགས་རེད། དེ་བས་འདི་ལྟའི་སློབ་གླིང་ཞིག་བཙུགས་ཏེ། དེ་ལ་ཐོས་བསམ་དང་རྒྱུས་ལོན་བྱས་ན་ཕན་ཐོགས་ཡོད་པ་རེད་འདོད།

    དེ་མ་གཏོགས། བོད་ཀྱི་ནང་བའི་དགེ་འདུན་པ་རྣམས་ནི་སྔར་སྲོལ་གྱི་དགོན་སྡེ་ཁག་ལ་ཕེབས་ན་མ་གཏོགས་སློབ་གླིང་འདི་འདྲ་ཞིག་ལ་ཕེབས་ན་ཕན་ཐོགས་མེད་པ་སུ་ལ་ཡང་གསལ་བོ་རེད།

    ད་ནི་གང་ལྟར་བཙུགས་ནི་ཚར་ཡོད་དུས་དེའི་དགོས་མཁོ་དང་བེད་སྤྱོད། སློབ་གསོའི་ཁ་ཕྱོགས་བཅས་ལ་བགྲོ་གླེང་དང་གྲོས་འདེབས། ལམ་སྟོན་སོགས་བྱས་ན་མི་ལེགས་སམ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་གཞུང་གིས་ཅི་ཞིག་གསར་སྐྲུན་དང་ཇི་ལྟར་དམིགས་རེ་བཅངས་ན་ཡང། ང་ཚོས་དེ་དག་རང་གི་ཁེ་ཕན་དུ་ལེན་ཐབས་ལ་མགོ་མ་རྨོངས་པ་བྱེད་དགོས། འགལ་རྐྱེན་མཐའ་དག་གྲོགས་སུ་འཁྱེར་ཤེས་པ་ནི་ལས་སླ་བའི་ཐབས་མཁས་ཀྱི་རྒྱལ་ཁ་ལེན་སྟངས་ཤིག་ཡིན། ཆབ་སྲིད་ཀྱི་ཐད་ནས་ང་ཚོས་ཐད་ཀར་ངོ་རྒོལ་བྱས་ན་གྱོང་ཆེན་པོ་རག་གི་རེད། འོན་ཀྱང་ཆོས་དང་རིག་གནས་དཔལ་འབྱོར་སོགས་གཞན་དག་ནས་རང་མགོ་མ་འཁོར་བར་ཨ་ཁུ་སྟོན་པའི་རིག་འཕྲུལ་སྟོན་རྒྱུ་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན་པས། དུས་རབས་ཀྱི་ཨ་ཁུ་སྟོན་པ་གང་མང་འཁྲུངས་པར་རེ་སྨོན་བྱས་ཡོད།

    Reply
  5. ནད་པ says:
    ལོ་ 14 སྔོན།

    བོད་བརྒྱུད་ནང་བསྟན་ཟེར་བའི་འབྱུང་ཁུངས་རགས་ཙམ་བཤད་འདོད་བྱུང་། གང་ཡིན་ཟེར་ན་དྲ་གྲོགས་ཁ་ཤས་ལ་དམིགས་བསལ་ཕན་ཐོག་ཅུང་ཙམ་ཡོང་སྲིད་སྙམ།
    ཆོས་ཀྱི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཞུ་བ་དེ་མི་ལོ་༢༦༠༠ གོང་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་བལྟམས་པ་ནས་བཟུང་ནང་པའི་ཆོས་ཀྱི་རྩ་བ་ཚུགས་པ་རེད། སྟོན་པ་འདས་ནས་ཉན་ཐོས་ཆེན་པོ་འོད་སྲུང་དང་། ཤ་ནའི་གོས་ཅན། ཉེས་སྦས། ནག་པོ་པ། དྷི་དི་ཀ ལེགས་མཐོང་། ཉི་མ་གུང་པ་སོགས་བསྟན་པའི་གཏད་རབས་བདུན་དང་དགྲ་བཅོམ་པ་སོགས་ཀྱི་ནང་བསྟན་བསྐྱངས།

    དེའི་རྗེས་མི་ལོ་ ༤༠༠ ཙམ་གྱི་རྗེས་ དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག སངས་རྒྱས་བསྐྱངས་སོགས་འཕགས་པ་ཡ་སྲས་རྣམས་དང་། དེ་ནས་ཡང་འཕགས་པ་ཐོགས་མེད་དང་། དབྱིག་གཉེན། རྣམ་སྒྲོལ་སྡེ། ཕྱོགས་སྡེ། འདུལ་བའི་སྡེ། ཀུ་ས་ལོ་རྣམ་གཉིས།

    དེ་ནས་གྲུབ་ཆེན་ས་ར་ཧ། ཏེ་ལོ་པ། ན་རོ་པ། གྲུམ་མ་བྷི་བ། པདྨ་འབྱུང་གནས། དེ་ནས་བོད་དུ་བརྒྱུད་པ་ཁག་ནི་གུ་རུ་པད་འབྱུང་། མཁན་ཆེན་ཞི་འཚོ། ཆོས་རྒྱལ་ཁྲི་སྲོང་། ནུས་ཆེན་སངས་རྒྱས། ཉང་སྟོན་ཉི་མ་འོད། དེ་ནས་རྗེས་འབངས་ཉེར་ལྔ་སོགས་ཡིན།

    དེ་རྗེས་བླ་ཆེན་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ་སོགས་ལམ་འབྲས་བརྒྱུད་པ་ཁག་ཡིན།
    དེ་ནས་ནས་མར་པ་ལོ་ཙྰ་བ། མི་ལ་རས་པ། མཉམ་མེད་དགས་པོ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་འཕགས་མོ་སོགས་བཀའ་བརྒྱུད་ཁག་ཡིན།

    དེ་རྗེས་བོད་དུ་བླ་མ་གསེར་གླིང་པ་ནས་བརྒྱུད་པའི་མཉམ་མེད་ཇོ་བོ་རྗེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དེའི་བརྒྱུད་པར་དགེ་བཤེས་པོ་ཏོ་བ་། སྤྱན་མངའ་བ། ཤ་ར་བ། ཕུག་ཆུང་བ་སོགས་བཀའ་གདམས་བླ་མ་གོང་པ་རྣམས་ཡིན།

    དེ་རྗེས་ཨ་ཏི་ཤ་ཡི་སྤྲུལ་པ་རྗེ་བློ་བཟང་གྲགས་པ་ཞེས་མཚན་སྙན་པར་གྲགས་པའི་བཀའ་གདམས་གསར་མ་བ་བྱུང་། རྗེ་རིན་པོ་ཆེ་ནས་བརྒྱུད་པའི་རྗེ་ཡབ་སྲས་གསུམ། རྒྱལ་བ་དགེ་འདུན་གྲུབ་སོགས་འཁོར་བདག་པ་རྣམ་བརྒྱད། དེ་ནས་རྗེའི་བསྟན་པ་ཆེ་ཆེར་གསལ་བར་གྲགས་པའི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ཡིན།

    དེ་ནས་བརྒྱུད་པའི་རྒྱལ་བ་སྐུ་འཕྲེང་རིམ་བྱོན་ཁག་དང་ལྷག་པར་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག དེ་ནས་དེང་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་གོང་ས་༸ ཡིད་བཞིན་ནོར་བུ་བཅས་པར་བརྒྱུད་པའི་ནང་ཆོས་དེར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཞེས་ས་དར་རྡོ་དར་ཁྱབ་བཞིན་པའི་བོད་ཀྱི་རྩ་ཆེའི་ནང་བསྟན་གྱི་འབྱུང་ཁུངས་དེ་འདྲ་ཞིག་རེད།

    དེ་འདྲ་སོང་ཙང་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ཐུབ་ཡོད་ལ། བོད་ཀྱི་བདག་དབང་ཡོངས་རྫོགས་བཙན་བཟུང་བྱས་ཐུབ་ཡོད། ཡིན་ནའང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རྩ་ཆེན་དེར་རྒྱ་མིས་ནམ་ཡང་བདག་བཟུང་དང་བཏང་འཛིན་ཞིག་བྱེད་ཐུབ་ཐབས་གཏན་ནས་མེད་སྟབས། ཏྰ་ལའི་བླ་མ་ཟེར་བའི་བོད་ཀྱི་ཐང་དཀར་རྒོད་པོ་དེ་གུང་ཁྲན་ཏང་གིས་ཀྱང་བཏང་འཛིན་ཞིག་བྱེད་མ་ཐུབ་པར་མཐར་བོད་ཀྱི་ཐང་དཀར་དེ་འཛམ་གླིང་གི་མཐའ་དབུས་ཀུན་ཏུ་ཞི་བདེའི་ཕུག་རོན་གྱི་ལྷ་བྱ་དཀར་མོ་ཞིག་གྱུར་པ་དེ་ཡིན།

    བོད་མི་རིགས་ཀྱིས་ངོམ་སུ་ཆོག་པའི་བོད་བརྒྱུད་ནང་བསྟན་དེ་དང་། སྐད་ཡིག རིག་གཞུང་། གསོ་རིག ཞི་བདེའི་ལྷ་བྱ་དཀར་མོ་བཅས་ཡུན་རིང་སྐུ་འཚོ་བཞུགས་བྱུང་ན་འཛམ་གླིང་སྟེང་བོད་ཀྱི་སྙན་གྲགས་ཆེ་ཆེར་ཁྱང་ངེས་ཡིན།

    དེང་སང་ཆེས་རྩ་ཆེའི་འཛམ་གླིང་སྟེང་གི་གྲགས་ཅན་མི་སྣ་དང་། སྒོས་སུ་བོད་མིའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་༸ གང་ས་ཡིད་བཞིན་ནོར་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག་ཅེས་སྨོན་འདུན་ཞུའོ།།

    Reply
  6. གཙང་ཞོལ་བདེ་གསལ། says:
    ལོ་ 14 སྔོན།

    འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྲུང་ནན་ཧའེ་བཀའ་གསུང་ཅི་སྒྲུབ་ཀྱི་དམིགས་དོན་མངོན་འགྱུར་བྱ་ཆེད་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་ཆོས་བྱེད་དགེ་བཙུན་དང་བཅས་གཞོག་གཅོད་གཏུབ་གསུམ་བྱས་ན་འཛམ་གླིང་ནང་པའི་ལོ་རྒྱུས་ནང་གོང་ན་མེད་པའི་ནག་ཉེས་ཆེན་པོ་བསགས་ངེས་སྟབས། དོན་དངོས་དང་མཐུན་པའི་སྲིད་བྱུས་ལག་བསྟར་གྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་མྱུར་ཏུ་ཕྱིར་བསྡུ་བྱ་རན་འདུག ཅེས་སྐུ་ཞབས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་བཤད་པ་དེ་དངོས་བདེན་གྱི་གནད་བཟུང་པ་རེད། ཡང་།
    དངོས་འབྲེལ་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོས་མཁོ་བསྐྲུན་འདོད་ན་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་བྱེད་དགོས་ཤིང་།རྒྱབ་སྐྱོར་ཞུ་དགོས་པ་ལས་འོས་མེད་མཚན་སྨད་དང་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་མི་མཛེས་ཤིང་རྒྱ་ནག་ལྟ་བུའི་མི་འབོར་ས་ཡ་བརྒྱ་ཕྲག་ཡོད་པའི་གཞུང་ཞིག་གི་བྱེད་བབ་དེ་བས་ཀྱང་མིན་པས།འཇིག་རྟེན་པ་ཀུན་གྱིས་ཕྱག་བྱ་བའི་ཡུལ་ལ་གཟུ་བོར་གནས་པའི་ཐོག་ནས་གཏམ་བརྗོད་བྱེད་པ་གལ་ཆེན་རེད། གསུངས་པ་དེ་དངོས་གནས་གལ་ཆེན་རེད། རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese