ཉེ་ཆར་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ (Boston) དུ་རྟེན་གཞི་བྱས་པའི་ཧོ་ཊོན་མེ་ཧྥིན་ཧེར་ཁཱོ་ཊི་ཚོང་ལས་དང་ཤེས་ཡོན་འགྲེམས་སྤེལ་ (Houghton Mifflin Harcourt) ལྟེ་གནས་ཁང་གིས། ༢༠༡༡ ལོར་༧གོང་ས་མཆོག་གིས་གསར་དུ་བརྩམས་པའི་༼ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད། ༽ དབྱིན་སྐད་དུ་ (Beyond Religion: Ethics for a Whole World ) ཞེས་པ་དེ་འགྲེམས་སྤེལ་དང་ཕྱིར་བཙོང་བྱེད་བཞིན་ཡོད་འདུག་ལ། ད་ཆར་དཔེ་དེབ་དེ་ཨ་རིའི་སྤྱི་ཚོགས་ནང་སྐད་གྲགས་ཆགས་ཡོད་སྟབས། མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་འདུག
དཔེ་དེབ་འདི་ནི། ༧གོང་ས་མཆོག་གིས་དབྱིན་ཡིག་དཔེ་དེབ་ ༡༠༠ ཙམ་བརྩམས་ཡོད་པའི་ཁྲོད། ཆོས་ལུགས་ལྟ་གྲུབ་དང་མ་འདྲེས་པའི་ཕྱག་དཔེ་ཐོག་མ་ཆགས་ཡོད་འདུག་ལ། ༧གོང་ས་མཆོག་གིས་ཕྱག་དཔེ་དེ་འདྲ་ཞིག་བརྩམས་དགོས་པའི་དམིགས་ཡུལ་གཙོ་བོ། གང་ཟག་སྒེར་དང་སྤྱི་ཚོགས། རྒྱལ་ཁབ་རིམ་པའི་གཞི་རྩའི་འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་འགྲོ་རྒྱུར་དམིགས་པ་ཞིག་ཡིན་འདུག
ཕྱི་ལོ་ ༢༠༡༠ ལོར་༧གོང་ས་མཆོག་གིས་༼ངའི་ཆོས་ཕྱོགས་ཀྱི་འགྲུལ་བཞུད།༽ ཅེས་པ་དང་དབྱིན་སྐད་དུ་ (My Spiritual Journey ) ཞེས་པའི་ཕྱག་དཔེ་ཞིག་རྩོམ་གནང་མཛད་ཡོད་འདུག
གངས་ཅན་བོད་ཀྱི་མཁས་པའི་གཙུག་རྒྱན་ཆེན་པོ་ཙོང་ཁ་བས་སྟོན་པ་དད་པའི་བསྟོད་ཚིག་འདི་དྲན་དུ་བཅུག ཁྱེད་གསུང་དུ་མ་ཅི་ཞིག་མོད། །ཆ་ཤས་རེ་ཡི་དོན་སྤྱི་ཙམ། །འོལ་སྤྱི་ཙམ་གྱིས་ངེས་པ་རྙེད། །དེ་ལ་མཆོག་གི་བདེ་བ་བསྟེར། །
ཞེས་པ་ལྟར། ཁྱེད་ནི་ནམ་ཞིག་སྟོན་པ་ཉིད། །སྟོང་དང་སྙིང་རྗེའི་མངའ་བདག་མཆོག །གོ་ལ་ཧྲིལ་པོའི་སྐྱེ་འགྲོ་རྣམས། །འདྲེན་པའི་དེད་དཔོན་ཁྱེད་ལས་གཞན། །
ཞེས་མངོན་པར་བསྟོད་དོ།
སྐྱབས་མགོན་དམ་པའི་སྐུ་ཚེ་བརྟན་པར་ཤོག བོད་མི་རིགས་ཀྱི་མགོ་ཐོག་ཏུ་ར་ཞིག་བཙུགས་འདུག དཔེ་དེབ་འདི་གང་མགྱོགས་བོད་ཡིག་ནང་བསྒྱུར་ཐུབ་ན་ཧ་ཅང་གི་ཕན་ནུས་ལྡན།
ཆུང་ཚེ་རིང་གི་བསྒྱུར་རྩོམ་ཐོག་ལ་ཚང་མས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ངོས་ལེན་ཡོད། འོན་ཀྱང་བསྟན་འཛིན་རིག་བཟང་གི་སྐོར་ལ་ད་ལྟ་བཤད་ཚོད་སྔ་དྲག་འདུག མ་གཞི་ནས་ཁོང་ནི་ཨིན་ཡིག་ཐོག་ལ་ལོ་ངོ་ཁ་ཤས་ལས་སྦྱང་མེད་པ་ལ་བསྒྱུར་བ་ནི་ཚད་ལྡན་ཞིག་ཡོང་གི་་ཡོད་མེད་ཤེས་ཚོད་ཐིག་དཀའ་སེ་འདུག སྤྱིར་བོད་ཡིག་ཡག་པོ་ཡོད་པ་གང་ཞིག་ཨིན་ཡིག་ཤེས་ཚད་དེ་ཙམ་མེད་ན་ཡང་བསྒྱུར་རྩོམ་དེ་ཡག་པོ་ཞིག་མཐོང་སྲིད། ཁོ་བོས་བལྟས་ན་ན་ག་སངས་རྒྱས་བསྟན་དར་གྱི་བསྒྱུར་རྩོམ་དེ་ལེགས་པོ་ཞིག་ཏུ་མཐོང་། ཁོང་ནི་བོད་ཨིན་གཉིས་ཀ་ཐོག་ལ་བྱང་ཆུབ་པ་ཞིག་མ་ཟད། ཉམས་མྱོང་ཀྱང་ཕུན་སུམ་ཚོགས་པ་ཡོད། དེ་ཙམ་མ་ཟད། ཚན་རིག་གི་བསྒྱུར་རྩོམ་ཐོར་བུ་མང་པོ་ཞིག་ཚན་རིག་དུས་དེབ་ནང་ཐོན་པ་ཁག་ལ་བལྟས་ན་བསྒྱུར་རིན་ཆོག་པ་ཞིག་ཏུ་མཐོང་།
གོང་ས་མཆོག་གིས་བརྩམས་བདེན་པ་ཡིན་ན་བོད་ཡིག་ཐོག་མེད་པ་ག་ལ་སྲིད། ལྷག་པར་དུ་བོད་པའི་དབུ་ཁྲིད་ཞིག་ནས་ཕྱག་དཔེ་བརྩམས་དུས་བོད་ཡིག་བེད་སྤྱོད་མ་བྱས་པར་ཡིག་རིགས་གཞན་གྱི་ཐོག་ནས་བརྩམས་པ་ནི་ག་ལ་སྲིད། མ་གཞི་ནས་དཔེ་དེབ་དེ་བཞིན་གོང་ས་ཕྱོགས་གི་བརྩམས་མིན་ལ་གུས་པ་དོག། དེ་ནི་གོང་ས་མཆོག་གི་མཚན་ཐོག་ནས་ཚོང་བྱེད་པ་ཞིག་མིན་ནམ། དོག་དྲི་ཙམ་ཡིན། དགོངས་དག།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །
དྲ་གྲོགས་ལྷན་རྒྱས་ཚོ།
༸གོང་ས་མཆོག་གི་བཀའ་རྩོམ་གསར་བ་འདི་ཐུགས་མཁོ་མཆིས་ཚེ་གཤམ་གྱི་དྲ་བྱང་ཐོག་འབྲེལ་བ་གནང་ན་སྤྲགས་ཁང་བརྒྱུད་ནས་ལག་སོན་བྱུང་ཐུབ་གྱི་འདུག
http://www.amazon.com/Beyond-Religion-Ethics-Whole-World/dp/0547636350/ref=lh_di_t_dup
མཇའ་དང་སྦྲང་ཆར་སིམ་སིམ་བབས་པས་རྩི་དང་མེ་ཏོག་ལྡེམ་ལྡེམ་འཁྲུངས་སོང་།།
ལྷ་དང་ལྷ་མོ་བརྗིད་བརྗིད་བྱིན་པས་དྲི་ཟས་གླུ་དབྱངས་སྙན་སྙན་བསྒྲགས་སོང་།།
དགྲ་དང་གདོན་རྣམས་ཕམ་ཕམ་བྱས་པས་རྟགས་དང་མཚན་མ་ཡང་ཡང་བསྟན་པས།།
ལུས་དང་སེམས་པ་ཧེབ་ཧེབ་བྱས་བཞིན་སྐེ་དང་ལག་གཉིས་ཧྲེང་ཧྲེང་བཟེད་ཡོད།།
མཚོན་པ་ཞིག་ལས་ཅི་ཡང་མེད་ཀྱང་སྐུ་ཚེ་གཏན་པའི་སྨིན་ལམ་ཞུས་བཞིན།།
དད་མདུན་ཞིག་གིས་བཙན་གྱིས་བཙིར་བའི་དམར་ཆུང་སྙིང་གི་ངང་སྒུག་རིང་མོ།།
བྱ་རྒོད་ནག་མོའི་ཤྭ་ལ་གཟེར་ལྟར་འཇལ་བའི་སྐལ་བར་འདི་ལྟར་བསྲིངས་ཡོད།།
ཁྱེད་ཀྱི་སྐྱབས་དང་བརྩེ་བས་མ་དོར་ཐུགས་དང་རླབས་ཀྱིས་སྐྱོབ་པར་མཁྱེན་ནོ།།
རིས་སུ་མ་ཆད་པའི་མི་བུ་ཡོངས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་ཡིན་ངེས། དེ་ལྟར་ནའང་དབྱིན་ཡིག་གི་མིག་དང་མི་ལྡན་པའི་བོད་པ་རྣམས་སྐལ་བ་ཆད་སོང་བ་རེད། རིང་མིན་ལོ་ཙཱ་བ་ཚད་ལྡན་ཞིག་གིས་རང་རེའི་ཕ་སྐད་ནང་དུ་བསྒྱུར་རོགས། སྔོན་མ་བསྟན་འཛིན་རིག་བཟང་ལགས་ཀྱིས་བསྒྱུར་བ་དེ་ཏག་ཏག་ཅིག་བྱུང་ཡོད་བཟོ་མི་འདུག་པས་གཟབ་གཟབ་གནང་རོགས།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།
བསྟན་འཛིན་རིག་བཟང་དང་ཆུང་ཚེ་རིང་གཉིས་ཀྱིས་དེ་སྔོན་ཕྱག་དཔེ་བོད་བསྒྱུར་ཟིན་པ་དེ་ཚོས་ངོ་མ་བོད་ཡིག་མ་གཏོགས་མི་ཤེས་མཁན་ཚོར་ཕན་ཐོག་ཆེན་པོ་བྱུང་བ་ནི་རྗེས་སུ་ཡི་རངས་བྱ་དགོས་པའི་དོན་གནད་གལ་ཆེན་ཞིག་རེད།
བསྟན་འཛིན་རིག་བཟང་དང་ཆུང་ཚེ་རིང་གཉིས་གང་རུང་གིས་༧གོང་ས་མཆོག་གི་ཕྱག་དེབ་འདི་བོད་བསྒྱུར་གནང་ཐུབ་ན་ཅི་འདྲའི་དགའ་བ་ལ།
༧གོང་མཆོག་མཆོག་གི་ཕྱག་དེབ་དེ་རང་སྐད་ནང་གང་མགྱོགས་ངང་མཇལ་ཐུབ་པའི་རེ་བ་གྲངས་མེད་དང་བཅས།
འཛམ་གླེང་ཞི་བདེའི་དད་དཔོན་ཆེན་པོ་༧གོང་མཆཽག་སྐུ་ཚེ་ཡུན་བརྟན་གྱིས་སྨོན་འདུན་གྲངས་མེད་དང་བཅས་གལ་ཆེའི་གསུང་རྩོམ་དེ། སྐད་རིགས་གཉིས་ལ་ཐོགས་པ་མེད་མཁན་དག་གིས་གང་མགྱོགས་གངས་ཅན་པའི་སྐད་ཡིག་དུ་ཕབ་སྒྱུར་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
རྩོམ་སྒྲིག་པ་ལགས་སུ་ཞུ་རྒྱུར། དེ་རིང་དགོང་མི་ཟིན་བྲིས་དག་གཅིག་ཀྱང་སྒོ་འབྱེད་ཐུབ་ཀྱིན་མི་འདུག་པ་འདིའི་གནད་གང་ཡིན་མཁྱེན་མིན་དང་། མཁྱེན་ན་གང་ཡིན་གསལ་བཤད་ཞིག་ཡོང་བའི་རེད་བ་ཆེ། དེ་ཡང་རབ་ན་འདིའི་མཇུག་ན་ལམ་སང་མཆན་ཞིག་འཇོག་རོགས་གནོངས་དང་།
ཐུགས་བདེན་སྟོང་ཏིང་འཛིན་གཡོ་མེད་ཀྱི་ངང་ནས།།
གསུང་སྐྱེ་འགྲོའི་ཁམས་སུ་གང་འདུལ་གྱིས་འཇོ་བའི།།
སྐུའི་མཚན་དཔེ་རྟག་བརྟན་འཛམ་གླིང་གི་འདྲེན་པ།།
དུས་བསྐལ་བརྒྱར་འཛུམ་ཞལ་བཞད་པ་དེ་བདེན་ནོ།།
༸གོང་ས་མཆོག་གི་གསུང་རྩོམ་འདི་བོད་ཡིག་ཐོག་མྱུར་ཏུ་མཇལ་ཐུབ་པའི་རེ་འདོད་ཧ་ཅང་ཆེ། མ་ཟད་བསྟན་འཛིན་རིག་བཟང་དང་ཆུང་ཚེ་རིང་གཉིས་གང་རུང་གིས་བསྒྱུར་བ་ཞིག་ཡིན་ན་དེ་བས་དགའ་བ་གནོན་པར་དཀའ། ཞར་ལ་ཁོང་གཉིས་སུ་ཡིན་ན་རུང་གིས། བོད་ཡིག་ཐོག་བསྒྱུར་གནང་ཡོང་བར་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད།
ཁྱེད་ཀྱིས་གསུངས་པ་མ་མང་ན། མ་ཉུང་ཞེས་ཀྱང་བརྗོད་འདོད་ལ།
ཁྱེད་གསུང་གོ་བ་མ་ཉུང་ཡང། མ་མང་ཞེས་ཀྱང་བརྗོད་པར་སྤོབས།
མཛད་པ་ཀུན་ལས་གསུང་ཉིད་གཙོ། །ཞེས་པའི་ལེགས་བཤད་དཔེ་མཚོན་ལ།
དེང་འདིར་ཉིད་ལས་མ་དམིགས་ཏེ། ཡང་དག་གསུང་གིས་ཡང་དག་རྒྱལ།