མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦྲང་ཆར་དུས་དེབ་ཀྱི་བྱ་དགའ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་རྩོམ་པ་པོ་བདུན་ལ་སྐབས་བདུན་པའི་<<སྦྲང་ཆར>> དུས་དེབ་ཀྱི་རྩོམ་རིག་དང་དཔྱད་བརྗོད། སྨྱུག་གསར་བཅས་ཀྱི་བྱ་དགའ་ཐོབ་འདུག

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་རིག་དུས་དེབ་ཆེ་གྲས་ <<སྦྲང་ཆར>> རྩོམ་སྒྲིག་ཁང་གིས་ལོ་གསུམ་རེའི་ནང་བོད་མདོ་དབུས་ཁམས་གསུམ་གྱི་བརྩམ་སྒྲུང་དང་དཔྱད་རྩོམ། སྙན་ངག ལྷུག་རྩོམ་བཅས་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་རྣམས་ཀྱི་ཕུལ་བྱུང་བརྩམས་ཆོས་ཁག་དྲག་འདེམས་བྱས་ཏེ་བྱ་དགའ་སྤྲོད་ཀྱིན་པ་ལྟར། ཉེ་ཆར་སྦྲང་ཆར་རྩོམ་རིག་བྱ་དགའ་དཔྱད་འདེམ་ཚོགས་ཆུང་གིས་དཔྱད་འདེམ་དང་། བསྐྱར་འདེམ་རིམ་པ་བརྒྱུད། ༢༠༠༩ ལོ་ནས་ ༢༠༡༡ ལོའི་བར་གྱི་ <<སྦྲང་ཆར>> དུས་དེབ་ལས་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་གསུམ་དང་། སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་གཉིས། སྦྲང་ཆར་དཔྱད་བརྗོད་བྱ་དགའ་ཐོབ་མཁན་རྩོམ་པ་པོ་གཅིག་བཅས་འདེམས་ཐོན་བྱུང་འདུག

ཐེངས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའ་དཔྱད་འདེམ་ཚོགས་ཆུང་གི་ཁྱབ་བསྒྲགས་བྱས་པའི་བརྩམས་ཆོས་ཁྲོད། རྩོམ་པ་པོ་བཀྲ་བྷ་ལགས་ཀྱིས་བརྩམས་པའི་སྒྲུང་འབྲིང་ ༼ནས༽ དང་། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་བརྩམས་པའི་སྒྲུང་ཐུང་༼ལམ་གྱི་ཉི་འོད༽ རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི་སྒྲུང་ཐུང་ ༼མིས་ཁྱི་ལ་རྨུགས་པ་ལྟ་བུའི་གསར་འགྱུར༽ བཅས་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་དང་
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དང་རྩོམ་པ་པོ་བདུད་ལྷ་རྒྱལ་ལགས་ཀྱིས་བརྩམས་པའི་ ༼དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད>> ཅེས་པར་སྦྲང་ཆར་དཔྱད་བརྗོད་བྱ་དགའ། རྩོམ་པ་པོ་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་བརྩམས་པའི་སྙན་ངག་ ༼ངའི་ཕ་ཡུལ་བདའ་ཚང་༽ དང་། རྩོམ་པ་པོ་ཀླུ་བྱམས་རྒྱལ་ལམ་ཁུ་བྱུག་སྔོན་མོ་ལགས་ཀྱིས་བརྩམས་པའི་སྙན་ངག་༼ འུག་པ་གླེང་བ༽ ཅེས་པ་གཉིས་ལ་སྦྲང་ཆར་སྨྱུག་གསར་བྱ་དགའ་བཅས་ཐོབ་ཡོད་འདུག
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཨ་རྒྱ་ར་གསུམ་གྱི་མགོ་ཁྲིད་མི་འགྱངས་བར་རྒྱ་ནག་ཏུ་ཐུག་འཆར་འདུག  པར་བཅོས་མའི་རིག་ནུས་ཀྱིས་བསྒྲིགས། ༢༠༢༦།༡༡།༡༦
གསར་འགྱུར།

ཨ་རྒྱ་ར་གསུམ་གྱི་མགོ་ཁྲིད་མི་འགྱངས་བར་རྒྱ་ནག་ཏུ་ཐུག་འཆར་འདུག 

ཆུ་ཚོད་ ༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

བོད་སྐད་གསར་ཁང་གཉིས་ལ་གསོན་རེ་ཡོད་དམ།

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

༢༠༢༦/༡༡/༡༥
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    <<སྦྲང་ཆར>>ནི་གངས་ལྗོངས་ཀྱི་རྩོམ་པ་པོ་དང་ཀློག་པ་པོའི་ལྗང་མྱུག་གསོ་སྐྱོང་གི་སྦྲང་ཆར་བསིལ་མ་དངོས་ཡིན། ལྷག་པར་ཐེངས་འདིར་བདམས་པའི་བྱ་དགའ་དག་ནི་ཅི་འདྲའི་ཐོབ་འོས་པ་དག་ལ་ཐོབ་འདུག་ཨང། ང་རང་སྒེར་ངོས་ནས་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུར་མ་ཟ། ངས་ང་ཚོའི་པེན་བོད་ཀྱི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་ཡང་ཡི་རང་བསྔགས་བརྗོད་དང་མུ་མཐུད་དམིགས་འབེན་མི་ཡོ་བར་མདུན་དུ་སྐྱོད་པའི་གཞེན་སྐུལ་ཞུས་པ་ཡིན།

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    མཚོ་སྔོན་སྦྲང་ཆར་རྩོམ་སྒྲིག་ཁང་གིས་གོང་གི་རྩོམ་པ་པོ་དེ་དག་ལ་བྱ་དགའ་གནང་བར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese