མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོབ་ཐང་དོན་གཉེར་བ་རྣམས་ཁྲིམས་ལ་སྦྱར་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་རྒྱ་ནག་ཀོས་ཡཱང་ཁྲིམས་ཁང་གིས་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཞཱིས་ལ།  “ རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན ” གྱི་ཉེས་མིང་འོག་ལོ་ ༡༠ ཁྲིམས་འཇུག་བཙོན་ཐག་བཅད་འདུག 

ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་གཞུང་གིས་གཞུང་དང་ལྟ་བ་དད་འཛིན་མཁན་ཀོས་ཀྲུག་ས་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཞཱིས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་དང་།  ཟླ་འདིའི་ཚེས་ ༢༦ ཉིན་རྒྱ་ནག་ཀོས་ཡཱང་ཁྲིམས་ཁང་དུ་ཆུ་ཚོད་འགའི་རིང་སྐབས་འཕྲལ་གྱི་ཁྲིམས་ར་ཚོགས་ཏེ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ཁོང་ལ་ཡང་བསྐྱར་ལོ་༡༠བཙོན་འཇུག་ཁྲིམས་ཐག་བཅད་འདུག

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཞཱིས་ལགས་ནི་ད་ལྟ་ལོ་ ༥༧ ཡིན་པ་དང་།ཐེངས་འདིར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁོང་གིས་རྒྱ་ནག་གི་ཆབ་སྲིད་བཅོས་སྒྱུར་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་སྐོར་གྱི་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་ཡིན་འདུག ཁྲིན་ཞཱིས་ལགས་ནི་སྔ་ཕྱིར་ལོ་མང་རིང་རྒྱ་གཞུང་གི་བཙོན་འོག་ཏུ་བསྡད་མྱོང་ཡོད་པ་རེད། ༡༩༨༩ ལོར་རྒྱ་ནག་ཐེན་ཨཱན་མཱན་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་བྱུང་སྐབས་རྒྱ་གཞུང་གིས་ཁོང་འཇུ་བཟུང་གིས་ལོ་ ༣ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།   ཕྱི་ལོ་ ༡༩༩༥ ལོར་རྒྱལ་ཁབ་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ ༡༠ ལ་བཙོན་འཇུག  ད་ལོ་ཡང་བསྐྱར་ཉེས་མིང་དེའི་འོག་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་འདུག

གཞན་ཡང་། འདི་ལོའི་ཟླ་ ༢ ཚེས་ ༢༠ ཉིན་རྒྱ་གཞུང་གིས་སི་ཁྲོན་གྱི་དམངས་གཙོ་དོན་གཉེར་བ་ཁྲིན་ཝེ་ལགས་འཇུ་བཟུང་བཀག་ཉར་བྱས་ཏེ། ཟླ་འདིའི་ཚེས་  ༢༣  ཉིན་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ ༩ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལ། དེ་བཞིན། བཙོན་འཇུག་དུས་བཅད་རྫོགས་ལ་ཉེ་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་ཡང་བཙོན་ཁང་དུ་ནང་མི་ལ་འབྲེལ་བ་བྱེད་མ་བཅུགས་པར་གནས་ཚུལ་གང་ཡང་ཤེས་རྟོག་མེད་པར་བདུན་ཕྲག་འགར་གར་སོང་ཆ་མེད་དུ་གྱུར་རྗེས། ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་བསྐྱར་དུ་ལོ་ ༣  བཙོན་འཇུག་ཁྲིམས་ཐག་བཅད་དེ་གློད་བཀྲོལ་དུས་ཡུན་འཕར་འགྱངས་བྱས་ཡོད། དེ་མིན། འདི་ལོ་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་དམངས་གཙོ་དང་འགྲོ་བ་མིའི་ཐོབ་སྐོར་ལ་རྩོམ་ཡིག་སྤེལ་མཁན་ལུའོ་ཞཱན་ཝུ་ལ་ལོ་ ༡༠ རིང་ཉེན་རྟོག་པའི་ལྟ་རྟོག་འོག་འདུག་དགོས་པའི་ཁྲིམས་གཅོད་བྱས་ཏེ་རང་དབང་འགུལ་སྐྱོད་ཀྱི་ཁེ་དབང་འཕྲོག་ཡོད་པ་རེད།

གཟའ་ཟླ་བའི་ཉིན་ཇའེ་ནའེ་ཝ་ (Geneva ) རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མ་མིའི་ཐོབ་ཐང་ལས་དོན་གྱི་ཆེས་མཐོའི་དྲུང་ཆེ་ལྕམ་ཕའེ་ལའེ་ (Pillay)ལགས་ཀྱིས་གསལ་བསྒྲགས་ཅིག་སྤེལ་བའི་ནང་། ཉེ་ཆར་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཞཱིས་དང་ཁྲིན་ཝེ། ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་གསུམ་དམིགས་བསལ་མིང་འདོན་བྱས་ཏེ་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཁོ་མོས་ “ རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་ཁྲིམས་གཅོད་བྱེད་བཞིན་པ་དེ་ནི། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་ནང་ཉིན་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱི་ཐོག་ལ་དྲག་གནོན་གདུག་རྩུབ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་བདེན་དཔང་ཞིག་ཡིན། ” ཅེས་བརྗོད་འདུག 

རྒྱ་གཞུང་གིས་ནམ་རྒྱུན་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་སྤྱད་དེ། རྒྱ་གཞུང་དམར་ཤོག་མགོ་ཁྲིད་ཚོའི་ནག་ཉེས་ཀྱི་བྱ་སྤྱོད་ཐེར་འདོན་བྱེད་མཁན་རྣམས་ཁྲིམས་ལ་སྦྱོར་བཞིན་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་མི་ཚང་མ་མའོ། ཅའོ་དང་ཧུའོ་ནང་བཞིན་གདུག་རྩུབ་ཅན་མིན་པར་བློ་རྒྱ་ཡངས་པའི་མི་རིགས་འགའ་ཤས་མདུན་ཐོན་གནང་ཐུབ་པར་དགའ་བསུ་ཞུ་འོས་སུ་མཐོང་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese