མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཐེངས་དྲུག་པ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བ་ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་བྷེང་ལོ་བོད་ཁྱིམ་སྡོད་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཐེངས་དྲུག་པ་འཚོགས་བཞིན་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་གྱི་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ཀཱར་ནཱ་ཊ་ཀཱ་མངའ་སྡེའི་བློན་ཆེན་ཀུ་མར་ (S. Suresh Kumar) མཆོག་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་ཨ་ཤཱ་རེ་ཌེ་(Aasha Reddy) ལགས། དེ་བཞིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བཅས་ཕེབས་ཡོད་ཅིང་། ཐེངས་འདིའི་ལྷན་ཚོགས་ནང་རྒྱ་གར་དང་བལ་ཡུལ་བཅས་ཀྱི་ས་གནས་ཁག་ ༡༤ ཙམ་གྱི་བོད་རིགས་མཐོ་རིམ་སློབ་མ་ ༦༨ མཉམ་ཞུགས་ཐོག  ཉིན་གསུམ་རིང་གི་ལྷན་ཚོགས་སྐབས་བོད་རིགས་མཐོ་རིམ་སློབ་མ་དག་གིས་སོ་སོའི་ས་གནས་ཡུལ་མི་དང་གྲོང་ཁྱེར་ཁག་གི་ནང་། ཉེ་ཆར་བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་དངོས་ཡོད་གནས་ཚུལ་སྐོར་ཁྱབ་བསྒྲགས་དང་གོ་རྟོགས་ཇི་ལྟར་སྤེལ་རྒྱུའི་ཐད་གོ་བསྡུར་བྱེད་རྒྱུ་ཡིན་འདུག

ཉིན་དང་པོའི་མཛད་སྒོའི་སྟེང་བོད་རིགས་མཐོ་རིམ་སློབ་མ་ཚོས་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་མཚོན་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་གཟེངས་རྟགས་ཤིག་བོད་དོན་རྒྱབ་སྐྱོར་པ་ལྕམ་ཨ་ཤཱ་རེ་ཌི་ལགས་ལ་ཕུལ་ཡོད་འདུག ལྕམ་ཨ་ཤཱ་རེ་ཌི་ལགས་ནི་ཅི་ནའེ་ (Chennai) ནས་ཡིན་ཞིང་། དུས་ཡུན་རིང་པོར་བོད་རིགས་མཐོ་རིམ་སློབ་མ་ཚོར་རོགས་སྐྱོར་དང་བོད་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ཡོད་པ་རེད།

ཉིན་དེའི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀུ་མར་མཆོག་གིས་ཁོང་ཚོ་བྷི་ཇི་པི་(BJP) ཚོགས་པའི་མགོ་ཁྲིད་ཚོས་དུས་རྒྱུན་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། བོད་རིགས་མཐོ་རིམ་སློབ་མ་ཚོས་རང་འགན་རང་ཁུར་གྱིས་ལོ་ལྟར་ལྷན་ཚོགས་འདི་འདྲ་ཚོགས་ཀྱི་ཡོད་པར་དགའ་བོ་བྱུང་ཚུལ་སོགས་བརྗོད་ཡོད་འདུག་ལ། དེ་བཞིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བོད་རིགས་སློབ་མ་ཚོས་མཐོ་སློབ་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བོད་དོན་དང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་གསལ་བཤད་དང་། བོད་རིགས་ཡོངས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་བར་གྲོས་མོལ་གྱི་བརྒྱུད་ལམ་བསྐྲུན་རྒྱུའི་འགན་ཡོད་པར་གསུངས་འདུག

རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་མའི་ལྷན་ཚོགས་འདི་མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་སློབ་མ་དག་གིས་མགོ་བཙུགས་པ་ཞིག་དང་། ལོ་ལྟར་གཙོ་བོ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་བོད་རིགས་སློབ་མ་རྣམས་ལྷན་འཛོགས་ཐོག  རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་ལྟ་གྲུབ་འོག  བོད་རིགས་མཐོ་རིམ་སློབ་མའི་བར་གྱི་འབྲེལ་ལམ་གོང་འཕེལ་དང་། བོད་ཀྱི་རྩ་དོན་ཐད་མཐོ་རིམ་སློབ་མ་དག་གིས་འགན་ཇི་ལྟར་འཁུར་ཕྱོགས་སོགས་བརྗོད་གཞི་འདྲ་མིན་སྟེང་མཁས་པའི་གཏམ་བཤད་དང་སློབ་མ་ནང་ཁུལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 5

  1. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 14 སྔོན།

    གཡག་ངན་ཁྱོད། ཚོགས་ཆེན་འཛོམས་པར་ལས་སླ་པོ་ག་ལ་ཡིན། ཚོགས་ཆེན་འདི་སློབ་མ་འགའ་ཡི་འགན་བླངས་པ་རེད། ཁྱེད་ཀྱིས་ཞལ་འདེབ་ཇི་ཙམ་རྒྱག་ཡིན། འཇོན་རྒྱུ་མེད་པར་ཅི་ཞིག་བཤད་བཞིན་གདའ། ཁ་རོག་བསྡད་ན་སླ།

    Reply
  2. གཡག says:
    ལོ་ 14 སྔོན།

    ལོ་རྒྱུན་རྩེ་རྣམ་རྒྱལ་གྲྭ་ཚང་དང་། ཀིརྟི། ནོར་གླིང་། གསོག་སྒར། འབྲི་གུང་། སྨན་རི་བཅས་ནས་གདན་འདྲེན་ཞུ་བཞིན་ཡོད་མོད། ད་ལོ་ཅིའི་ཕྱིར་དབང་ཆེན་སྐབས་གཏུག་བྱས་པ་རེད། གོ་སྒྲིག་ཚོགས་ཚོགས་འོན་སོང་བ་མིན་ནམ། ད་རུང་རྩོམ་ཡིག་འགྲན་བསྡུར་དེར་རྩོམ་ཡིག་བོད་ཡིག་ཡིན་པ་གཅིག་ཀྱང་མི་འདུག་ཟེར་བ་དེར་ངོ་མི་ཚ་བའམ། རོང་ཕྲུག་རྐྱང་བ་ཚོགས་བསྡད་ཡོད་པ་ད་རུང་གསལ་བཤད་ཁ་གསལ་བྱེད་དགོས་སམ། བོད་པའི་མིང་གཡར་ནས་སྐབས་འཚོལ་རང་ལུགས་པ་ཁྱོད་ཚོ་་་་་་་་་་་་་་་
    ཚོགས་གཙོ་ཡིན་ན་ཅིག་་་་་་ཚ་ཕྲུག་ཁྱོད་་་་་་་་་་་་་་

    Reply
  3. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 14 སྔོན།

    བསམ་མེད་དང་དྲན་མེད་ཀྱི་གཡག་ཁྱོད། དངོས་སུ་མ་ཞུགས་པར་གཞན་གྱི་ཅི་ཟེར་ལ་ཉན་པ་དེ་ནོར་འཁྲུལ་རེད། ང་སྐབས་དྲུག་པའི་ཚོགས་མི་ཞིག་ཡིན། དེ་འདྲའི་གྲ་སྒྲིག་ལེགས་པོ་ཞིག་གནང་བར་ཐུགས་རྗེ་ཆེ་གནང་ཞུས་རྒྱུའི་ཚབ་ལ་དེ་འདྲསྐྱག་པ་ཟོ་བྲིས་པ་དེ་ནོར་འཁྲུལ་རེད། ཐུགས་བསམ་བཞེས་དང་། འདིར་དགེ་འདུན་པའི་སྡེ་ནས་སྐུ་ཞབས་གཉིས་དང་མཐོ་སློབ་ནས་ཡིན་པའི་སྐུ་ཞབས་གཅིག་ཡོད་པ་དེ་ཁྱོད་ཞར་འདུག་གམ།

    Reply
  4. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 14 སྔོན།

    འོ་ཡ། ཡར་གཟིགས་དང་། ཕྱི་ཚེས་ ༢༦ ལ་དབུ་འབྱེད་མཛད་སྒོ་བྱས་པ་ལས་ཕྱི་ཚེས་ ༡༦ མིན་པ་ནི་ཚང་མས་མཁྱེན་གསལ་ལྟར་མངོན། མདུན་ངོས་སུ་ཅི་ཞིག་བཀོད་ཀྱང་ཞིབ་བཞེར་ངེས་པར་དུ་དགོས་གལ་ཆེ།

    Reply
  5. གཡག says:
    ལོ་ 14 སྔོན།

    ད་ལོའི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཚོགས་གཙོ་དེས་གོ་སྒྲིག་ཡག་པོ་ཞིག་ཁྱོན་ནས་གནང་མི་འདུག་ཟེར་བས་བློ་ཕམ་བྱུང་། ད་དུང་དགེ་འདུན་པའི་སྡེ་ནས་མི་གཅིག་ཀྱང་མི་འདུག དེ་ཡང་ཁོས་བསམ་གཟས་ནས་བཀག་ཡོད་ཟེར། མཐོ་རིམ་སློབ་མ་མང་པོ་ཞིག་ཞུགས་ཐུབ་ཡོད་པ་མ་རེད། སྤྱིར་བྱེས་ཀྱི་མཐོ་རིམ་སློབ་མ་རོང་ཕྲུག་དེ་ཚོ་སྐྱག་པ་ཟོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese