མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་སྨོན་ལམ་ཆེན་མོ་ཐེངས་༡༠པ་ཚོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp


རྡོར་གདན་མཆོད་རྟེན་ཆེན་མོའི་མདུན་དུ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཚོགས་ཆེན་ཐེངས་བཅུ་པ་དེ་ཚོགས་ཡོད་ཅིང་།
 ཚོགས་ཆེན་དེར་བོད་ཕྱི་ནང་གི་བླ་སྤྲུལ་ ༣༠ གཙོས་ཁྱོན་མི་ ༥༠༠༠ ལྷག་འདུ་འཛོམས་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ནས་དེ་རིང་ཕྱི་ཚེས་ ༢༩ ཉིན་བར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་མདུན་ཐང་དུ། དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་ཐེངས་ ༡༠ དེ་ཚོགས་ཡོད་པ་དང་། སྨོན་ལམ་ཚོགས་ཆེན་སྟེང་བོད་ཕྱི་ནང་གི་ཇོ་ནང་པའི་བླ་སྤྲུལ་ ༣༠ གཙོས་པའི་ཆོས་རྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་མང་ཚོགས་བཅས་ཁྱོན་མི་ ༥༠༠༠ ཙམ་འདུ་འཛོམས་བྱུང་འདུག 

རྡོར་གདན་ཇོ་ནང་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གྲྭ་ཀུན་དགའ་འཚམ་ཆུང་ལགས་ཀྱིས་བརྗོད་དོན་ལྟར་ན། གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཚོགས་ཆེན་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ། འཛམ་གླིང་ཞི་བདེ་དང་ད་ལོར་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ། འདས་གྲོངས་སུ་ཕྱིན་པ་ཚོར་བསྔོ་སྨོན་མཆོད་འབུལ་གནང་ཆེད་ཡིན་འདུག་ལ། ཇོ་ནང་པའི་སྨོན་ལམ་ཚོགས་ཆེན་འདི་ཐོག་མར་ཕྱི་ལོ་ ༡༩༩༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་བ་ནས་ལོ་ལྟར་རྒྱུན་ཆད་མེད་པར་འཚོགས་བཞིན་ཡོད་འདུག་ལ། ད་ལོའི་སྨོན་ལམ་ཆེན་མོའི་ཐོག་བོད་ནས་ཇོ་ནང་པའི་རྗེས་འཇུག་བླ་སྤྲུལ་ ༢༥ དང་། རྒྱ་གར་དང་བལ་ཡུལ་ནས་བླ་སྤྲུལ་ ༡༠ ཙམ་ཕེབས་ཡོད་འདུག

གྲྭ་ཀུན་དགའ་འཚམ་ཆུང་ལགས་ཀྱིས་བརྗོད་དོན། “སྤྱིར་ཇོ་ནང་སྨོན་ལམ་ཆེན་མོ་འདི་ཉིན་གྲངས་བདུན་རིང་འཚོགས་དགོས་ཀྱང་། ཕྱི་ཚེས་ ༣༠ ཉིན་ནས་བཟུང་མཆོད་རྟེན་མདུན་ཐང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་རིས་མེད་སྨོན་ལམ་ཆེན་མོ་འཚོགས་རྒྱུ་ཡིན་སྟབས། སྨོན་ལམ་ཉིན་གསུམ་ལས་ཚོགས་ཐུབ་ཡོད་པ་མ་རེད། ཡིན་ནའང་དེ་རིང་སྐུ་འགྱེད་སྐབས་གྲྭ་བ་ ༤༠༠༠ ཙམ་ཕེབས་འདུག་པས་ཧ་ཅང་ཡག་པོ་བྱུང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འདས་པའི་ཉིན་གསུམ་རིང་གྲྭ་བ་རེར་ཉིན་ལྟར་སྐུ་འགྱེད་ཧིན་སྒོར་ ༣༣༠ རེ་ཕུལ་ཡོད་ལ། དེ་ལྟར་བྱས་ན་ཉིན་རེའི་འགྲོ་སོང་ཧིན་སྒོར་འབུམ་ ༣ ལྷག་འགྲོ་ཡི་འདུག་ ” ཅེས་བརྗོད་བྱུང་། 

གསར་འགོད་པས་ཁོང་ལ་འདི་ལོར་བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་ཇོ་ནང་བའི་ཆོས་བརྒྱུད་ལའང་ཆོས་བརྒྱུད་རང་སྐྱ་བ་ཞིག་ཏུ་ངོས་འཛིན་ཐོབ་པ་དེས་དམིགས་བསལ་འགྱུར་བ་གང་འདྲ་སོང་ཡོད་མེད་དྲིས་པར། “ ང་དགུ་ལོར་བོད་ཀྱི་བླ་ཆེན་ཚོ་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་སྐབས་ཇོ་ནང་པའི་བླ་ཆེན་ཚོ་ཕེབས་ཐུབ་མེད་སྟབས། རྒྱལ་བ་ཇོ་ནང་པ་དེ་ཆོས་བརྒྱུད་ཆེན་པོ་བཞིའི་ཁོངས་སུ་འཇོག་ཐུབ་ཡོད་པ་མ་རེད། ལོ་རྒྱུས་ཀྱི་ཐོག་ནས་ཇོ་ནང་པ་ནི་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཁོངས་གཏོགས་ཆགས་ཡོད་པ་རེད། ད་ལོར་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱིས་ཇོ་ནང་པར་ཆོས་རྒྱུད་ཐོབ་ཐང་སྤྲོད་རྒྱུར་མོས་མཐུན་གནང་ཡོད་པ་རེད། ཆོས་རྒྱུད་ཐོབ་ཐང་སྤྲད་པ་དེར་བོད་ནང་གི་དགོན་པ་ ༦༤ ཙམ་གྱིས་དགེ་འདུན་པ་ ༡༠༠༠༠ ལྷག་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་རེད། ད་ལྟ་འཆར་ལོའི་སྤྱི་འཐུས་གྲོས་ཚོགས་ནང་གྲོས་ཆོད་ག་རེ་ཡོང་གི་ཡོད་མེད་ཐོག་སེམས་ཁུར་བྱེད་ཀྱི་ཡོད་ ” ཅེས་བརྗོད་བྱུང་། 

སང་ཉིན་ནས་རྡོར་གདན་མཆོད་རྟེན་ཆེན་མོའི་མདུན་དུ་ཆོས་རྒྱུད་རིས་མེད་ཀྱི་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་རྒྱུ་ཡིན་འདུག

རྡོར་གདན་གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 4

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    དགའ་འོས་པ་ཞིག་ནི. ཚོགས་གཙོས་ཁྲིམས་དང་སྒྲིག་གཞིར་འགྱུར་བ་གཏོང་བར་དུས་ཚོད་མ་བྱུང་བ་མ་གཏོག བོད་རྒྱུད་ནང་སྟན་གྱི་ཆོས་རྒྱུད་ཆེན་པ་ལྔ་དང་གཡང་དྲུང་བོན་དང་བཅས་པ་ཞེས་ལབ་ཆོག་པའི་གནས་སྟངས་ཤིག་ཆགས་སྡད་ཡོད་རེད་ཅེས་གསུང་འདུག

    Reply
  2. ཅང་མེད། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེའོ། འཛམ་གླིང་ཞི་བདེ་ཡོང་བར་སྨོན། རྗེས་སུ་ཡི་རངས་དང་བཅས།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    རྨོག་གིས་གྲོས་ར་ནས་གྲོས་གཞི་བཏོན་ན་ཞེ་ནས་ཡིན་ནོ།།
    དུས་བབ་ཀྱིས་ཞེ་ཆེན་ལྡུམ་རའི་ཚོགས་གཚོའི་གསུང་བཤད་བཀོད་ཡོད་ཀྱང དེའི་སྔོན་དེ་མ་ཐག་གི་ཇོ་ནང་ལྷན་ཚོགས་དང་ དེར་ཚོགས་གཙོ་ཕེབ་ཚུལ་གང་ཡང་མེད་དོནཅི. དོན་གནས་ཐད་ནས་བཤད་ན. རྡོར་གདན་དུ་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་བའི་བླ་སྤྲུལ་གང་མང་ལྷན་འཛོམས་གྱི་ཚོགས་འདུ་འདི་འདྲ་ཐེང་དང་བོ་ལེ་ཡིནབསམ་མོ. གསར་འགོད་པ་ཚོར་སྨྲས་ཅི ཆོས་སྲིད་གཉིས་ཐད་ནས་གལ་ཆེན་ཞིག་ཏུ་འདོད་དོ

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོར་མཉམ་ཞུགས་མཛད་པའི་བླ་སྤྲུལ་དགེ་འདུན་འདུས་མང་ཡོང་དང་། མི་མང་ཚང་མར་འཚམས་འདྲི་གྲངས་མེད་ཞུ་རྒྱུ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། བསྟན་པ་དར་ཞིང་རྒྱས་བ་སོགས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆོས་ལུགས་ཀྱི་བླ་ན་ཞབས་འདེབས་བཟང་པོ་གོང་མཐོར་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese