མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཞུ་བའི་དགོངས་ཞུ་བཀག་འགོག་བྱེད་རྒྱུ་ཁག་པོ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༢ ཚེས་ ༡ ཉིན་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དུས་དབང་ཐེངས་ ༣༢ པ་གནང་བཞིན་པའི་སྐབས་འདིར། བོད་ཕྱི་ནང་གཉིས་དང་འཛམ་གླིང་ཡུལ་གྲུ་གང་ས་ནས་དུས་དབང་ཞུ་མཁན་འབུམ་ཕྲག་མང་པོ་འཛོམས་ཀྱིན་ཡོད་པ་ལྟར།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བརྒྱ་ཆ་ ༧༠ ཙམ་གྱིས་ཀྱང་སྒེར་དགོངས་ཐོག་དུས་དབང་ལ་ཕྱིན་ཡོད་སྟབས།  ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལྷན་ཁང་དང་ལས་ཁུངས་ཁག་ཀྱང་སྟོང་པར་མ་ལྷག་ཙམ་ཆགས་འདུག 

ཟླ་འདིའི་ཕྱི་ཚེས་ ༣ ཉིན་འདི་ག་གསར་འགོད་པ་གངས་སྐྱིད་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ལས་ཁུངས་བཅས་སུ་བཅར་དེ། འབྲེལ་ཡོད་དྲུང་ཆེ་དང་ལས་བྱེད་ཁག་ལ་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་སྐབས། དབུས་འཕྲོད་བསྟེན་ལྷན་ཁང་ནང་ལས་བྱེད་ ༣༣ ཡོད་པ་ལས་ད་ལྟ་ ༡༠ ལས་ལྷག་མེད་པ་དང་། དེའི་ཁྲོད་ལས་བྱེད་༡༢ སྒེར་དགོངས་དང་ ༩ གཞུང་འབྲེལ་ཐོག་དུས་དབང་དུ་ཕྱིན་འདུག  བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ ༤  མ་གཏོགས་ཚང་མ་རྡོར་གདན་དུ་ཕྱིན་ཡོད་པ་དང་།  ནང་སྲིད་ལས་ཁུངས་ལ་ལས་བྱེད་ ༤༦ ཡོད་ལས་བརྒྱ་ཆ་ ༥༠ ལྷག་སྒེར་དགོངས་ཐོག་དུས་དབང་ལ་ཕྱིན་འདུག ཤེས་རིག་ལས་ཁུངས་ལ་ལས་བྱེད་གྲངས་ ༥༥ ཡོད་པ་ལས། ལས་བྱེད་ ༢༧ སྒེར་དགོངས་ཐོག་དུས་དབང་ལ་ཕྱིན་འདུག དཔལ་འབྱོར་ལུས་ཁུངས་ལ་ལས་བྱེད་ ༢༩ ཡོད་པ་ལས་ ༡༨ སྒེར་དགོངས་ཐོག་དུས་དབང་ལ་ཕྱིན་ཡོད་ཅིང་། ལྷག་མ་ལས་བྱེད་གྲངས་ ༡༡ ལས་ཁུངས་སུ་རྒྱུན་ལྡན་ལྟར་ལས་ཞུགས་བྱེད་བཞིན་འདུག    ཕྱི་དྲིལ་ལས་ཁུངས་ནང་ལས་བྱེད་ ༨༠ ཙམ་ཡོད་པ་ལས་ ༤༠ ཙམ་སྒེར་དགོངས་ཐོག་དུས་དབང་ལ་ཕྱིན་ཡོད་པ་དང་། ལས་བྱེད་ཁག་ཅིག་གཞུང་འབྲེལ་ཐོག་ཕྱིན་ཏེ་དུས་དབང་སྐབས་འགྲེམས་སྟོན་དང་གློག་བརྙན་གཟིགས་འབུལ་སོགས་བྱེད་ཀྱི་ཡོད་འདུག ཆོས་རིགས་ལྷན་ཁང་ལ་ལས་བྱེད་གྲངས་ ༡༥ ཡོད་པ་ལས་ ༢ མ་གཏོགས་ལྷག་མེད་པ་དང་། ལས་བྱེད་ ༨ སྒེར་དགོངས་དང་། ལས་བྱེད་ ༥ གཞུང་འབྲེལ་ཐོག་རྡོར་གདན་དུ་ཕྱིན་ཏེ་གཞུང་འབྲེལ་མཆོད་འབུལ་དང་དུས་དབང་ངོ་སྤྲོད། ༧གོང་ས་མཆོག་དགུང་གྲངས་ ༡༡༣ བཞུགས་རྒྱུའི་བཀའ་བཞེས་གནང་ཡོད་པ་ལྟར། ༼བོད་མི་ཡོངས་ཀྱི་བསྒྲུབ་བྱའི་ལས་འགན༽ཞེས་པའི་དེབ་ཆུང་འབུལ་གཅིག་པར་འགྲེམས་དང་། དུས་དབང་སྐབས་དམར་ཟས་སྤང་རྒྱུ་བཅས་ཀྱི་ལས་རིམ་ཡོད་འདུག  དེ་ལྟར་ལྷན་ཁང་ཁག་གི་ལས་ཁུངས་སྡེ་ཚན་རེ་རེ་བཞིན་སྟོང་པ་མ་ལྷག་ཙམ་ཆགས་འདུག 
གོང་གསལ་གནས་སྟངས་འོག་ལས་ཁུངས་ཁག་གི་རྒྱུན་ལྡན་ལས་དོན་རྣམས་ལ་འཐུས་ཤོར་མི་འགྲོ་བའི་ཆེད། དགོངས་ཞུ་དང་ལས་ཁུངས་ཁག་གི་ལས་དོན་བསྒྲུབ་ཕྱོགས་ཐད་བཀའ་ཤག་གི་ངོས་ནས་ལམ་སྟོན་དང་གོ་སྒྲིག་གང་འདྲ་གནང་ཡོད་མེད་ཐད། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས “ལས་ཁུངས་ཁག་གི་ལས་དོན་སྐོར་ནས། ཕྱི་དྲིལ་ལས་ཁུངས་ཀྱིས་དུས་དབང་སྐབས་འཛམ་གླིང་གང་ས་ནས་མི་མང་པོ་འཛོམས་བཞིན་པའི་སྐབས་དང་བསྟུན། ཕར་ཕྱིན་ཏེ་བོད་ཀྱི་གནས་སྟངས་དང་འབྲེལ་པའི་གནས་ཚུལ་མང་པོ་དྲིལ་བསྒྲགས་སོགས་ལས་དོན་རིགས་སྤེལ་བཞིན་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱིས་འཕྲོད་བསྟེན་ཞབས་ཞུ་དང་འཕྲོད་བསྟེན་ཐོག་གལ་ཆེའི་ལམ་སྟོན་བྱ་རྒྱུའི་ཆེད་འབྲེལ་ཡོད་ལས་བྱེད་གང་འཚམས་ཤིག་ཕར་ཕྱིན་པ་རེད། བདེ་སྲུང་ལས་ཁུངས་ལ་མཚོན་ན། ༧གོང་ས་མཆོག་གི་སྐུ་ཕྱྭ་ལས་གལ་ཆེ་བ་ཞིག་བོད་གཞིས་བྱེས་གཉིས་ལ་མེད་སྟབས། ལས་བྱེད་མང་པོ་ཞིག་༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་དང་འབྲེལ་བའི་ལས་དོན་ཆེད་ཕར་ཕྱིན་པ་རེད། ཆོས་རིག་ལས་ཁུངས་ཀྱིས་དུས་དབང་སྐབས་༧གོང་ས་མཆོག་གཙོ་བོར་གྱུར་པའི་ཕྱོགས་མཐའ་ཁག་གི་བོད་ཀྱི་བླ་ཆེན་མང་པོ་ཞིག་ཆིབས་བསྒྱུར་གནང་གི་ཡོད་སྟབས་ཆོས་ཕྱོགས་ཀྱི་ལས་དོན་རིགས་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་ཛ་དྲག་གནས་བབ་ཆེད་དུས་དབང་སྐབས་རྡོ་རྗེ་གདན་དུ་མཆོད་འབུལ་རྒྱ་ཆེན་པོ་ཞིག་གནང་གཏན་འཁེལ་པར་བརྟེན། ལས་ཁུངས་ཀྱི་ལས་བྱེད་གང་འཚམས་ཤིག་འགྲོ་དགོས་ཆགས་ཡོད།  མདོར་བསྡུས་ན་གོང་གི་ལྷན་ཁང་ཁག་གི་ལས་བྱེད་མང་པོ་ཞིག་གཞུང་འབྲེལ་ཆགས་ཡོད་པ་དང་།  ལས་ཁུངས་ཨ་མ་ངྷ་སར་ཡོད་མེད་ལ་མ་བལྟས་པར་འཆར་གཞི་ལྡན་པའི་ཐོག་ལས་དོན་མཇུག་སྐྱོང་གནང་གི་ཡོད་སྟབས། ལྷན་ཁང་དེ་དག་གི་ལས་དོན་ལ་འཐུས་ཤོར་གང་ཡང་འགྲོ་རྒྱུ་མ་རེད།” ཅེས་བརྗོད་བྱུང་།
དེ་བཞིན། ཁོང་གིས་ལས་བྱེད་ཚོར་དགོངས་པ་སྤྲོད་དགོས་པའི་སྐོར་ལ། ནང་སྲིད་དང་ཤེས་རིག དཔལ་འབྱོར་ལས་ཁུངས་གསུམ་ལ་གཞུང་འབྲེལ་ལས་གཞི་དམིགས་བསལ་མེད་ཀྱང་།  ལས་བྱེད་མང་པོ་ཞིག་སོ་སོའི་ཐོབ་སེང་སྒྲིག་གཞི་ལྟར་སྒེར་དགོངས་ཐོག་ལས་ཁུངས་སོ་སོའི་འགན་འཛིན་རྣམ་པས་ཐག་གཅོད་བྱས་ཡོད་པ་དང་། གཅིག་ནས་༧གོང་ས་མཆོག་གིས་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་དཔལ་དུས་འཁོར་ལོའི་དབང་ཆེན་གནང་བཞིན་པ་འདི་འདྲ་ཐོབ་རྒྱུ་ཧ་ཅང་དཀོན་པོ་ཡིན་སྟབས། ལས་བྱེད་རྣམ་པ་ཚོ་མང་པོ་ཞིག་གིས་དུས་དབང་ཆེད་དགོངས་ཞུ་གནང་གི་ཡོད་སྟབས།  གོང་རིམ་ནས་ཀྱང་དགོངས་ཞུ་བཀག་འགོག་བྱེད་རྒྱུ་ཅུང་ཁག་པོ་ཆགས་ཡོད་ཀྱང་། དགོངས་པ་གནང་མཁན་འབྲེལ་ཡོད་དྲུང་ཆེ་རྣམ་པ་ཚོས་ལས་ཁུངས་ཀྱི་ཉིན་རེའི་ལས་དོན་འཐུས་ཤོར་མི་འགྲོ་བའི་ཕྱོགས་ལ་དགོངས་པ་བཞེས་ཡོད་སྐོར་གསལ་བཤད་དང་སྦྲགས། བཀའ་དྲུང་ལགས་ཀྱིས་ “ དུས་དབང་སྐབས་ཀྱི་བདུན་ཕྲག་གཉིས་རིང་གསར་གཏོད་ཀྱི་ལས་ཀ་ཡོང་ཐབས་མེད་པ་མ་གཏོགས་རྒྱུན་ལྡན་གྱི་ལས་དོན་ལ་འཐུས་ཤོར་འགྲོ་ཡི་མ་རེད། དེང་སྐབས་དེ་སྔ་དང་མ་འདྲ་བར་འབྲེལ་མཐུད་བརྒྱུད་ལམ་ཡག་པོ་ཡོད་སྟབས། སྐབས་ཐོག་སོ་སོར་ཕན་ཚུན་འབྲེལ་བ་བྱེད་དགོས་པ་དང་ལམ་སྟོན་ཞུ་དགོས་རིགས་ཁ་པར་སོགས་བརྒྱུད་དེ་གནང་ཆོག་ཆོག་རེད། ཧོབ་ཏུ་བལྟས་ཡོང་དུས་ལས་བྱེད་མང་པོ་ཞིག་ཕེབས་ཡོད་སྟབས། དུས་རྒྱུན་བཙན་བྱོལ་སྒྲིག་འཛུགས་དང་མང་ཚོགས་ཀྱི་བདེ་དོན་ཐད་ཐུགས་ཁུར་ཡོད་མཁན་ཚོར་སེམས་འཚབ་ཡོང་སྲིད་མོད། དེ་ལྟར་འཐུས་ཤོར་འགྲོ་དགོས་པ་ཞིག་ཆགས་མེད་པས་སེམས་འཚབ་གནང་དགོས་པ་མ་རེད་ཞུ་འདོད་བྱུང་། ” ཞེས་བརྗོད་སོང་།
གསར་འགོད་པ། བནྡེ་སྐྱབས།
 
 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༨ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    གྲོགས་པོ་རྣམས་པས་གཟིགས་དང་བཙན་བྱོལ་སྤྱི་ཚོགས་ནང་བོད་གཞུང་གི་ལས་གནས་ཡོད་མཁན་ཚོའི་བོད་སྤྱི་པའི་དོན་དུ་ཕྱག་ལས་ཇི་ཙམ་བྱེད་གི་ཡོད་པ་གསལ་པོ་མ་རེད་དམ། བོད་གཞུང་གི་ཞབས་སྟེགས་སྒང་སྡད་ནས་རང་དོན་སྒྲུབ་གི་ཡོད་དམ་བོད་སྤྱི་པའི་དོན་སྒྲུབ་གི་ཡོད་མེད་དེ་རིང་ལྟོས་ན་གསལ་པོ་རེད། ལས་དྱེད་པ་བརྒྱ་ཆ་བདུན་བཅུའི་སྒེར་དགོངས་ཞུས་པ་རེད་ཟེར་དུས་ཧང་སང་བ་རེད། དེངས་སངས་གངས་སྐྱིད་ཁུལ་དུ་ལས་བྱེད་པས་སྟོང་ནས་ བཀའ་དྲུང་ཁོང་ཡང་ཞབས་སྟེགས་སྒང་གཉིད་ཁུག་ནས་བཞུགས་ཡོད་པ་འདྲ། གསར་འགོད་པ་ཕེབས་དུས་ཁོང་ད་དུང་དྲང་ཚུགས་བཞུགས་ཐུབ་མི་འདུག

    Reply
  2. གངས་སྨྱུག says:
    ལོ་ 14 སྔོན།

    དབུས་གཞུང་གི་ལས་བྱེད་བརྒྱ་ཆ་བདུན་ཅུ་སྒེར་གྱིས་དགོང་ཞུས་ཐོག་དུས་དབང་ལ་བསྐྱོད་རྒྱུ་དེ་དགོད་བྲོ་ཡག་རང་རེད། དེང་བར་ཁོང་རྣམ་པར་དུས་དབང་མ་ཐོབ་པ་ཞིག་ཡིན་ན་ནི་དམིགས་བསམ་རེད་ཡིད་དང་ཡིན། མ་གཏོགས་ཁོང་ཚོའི་ལས་དོན་དང་དོ་སྣང་བྱེད་རྒྱུ་དེ་ཆོས་ཕྱོསས་སུ་རྩ་བ་ཉིད་ནས་མ་རེད། གལ་ཏེ་ཆོས་ཕྱོགས་སུ་དོད་སྣང་གལ་སྲིད་བྱས་པ་དེ་ཙམ་གྱིས་སྲིད་ཕྱོགས་སུ་ཕྱི་བཤོལ་འགྲོ་བ་ནི་སྨོན་མེད་རེད། རྒྱུ་མཚན་གང་ཡིན་ན་ཅེ་ན། དཔེར་ན་ཆོས་ནི་གཞན་ཕན་དང་། སྲིད་ནི་རང་རྒྱལ་རེད། མེ་དང་ཆུ་གཉིས་ནམ་ཡང་སྣོད་གཅིག་གི་ནང་ཡོང་རྒྱུ་མ་རེད། སོང་གཙང་བོད་ནི་ད་དུང་རྨོངས་དད་དང་རྗེས་ལུས་ཁོ་ནའི་ངང་དུ་འགྲོ་རྒྱུའི་མངོན་བརྡ་དང་གོམ་སྟབས་ཀྱང་བསྒྱུར་བ་འདིས་སྐྱོ་བ་ལ་ཨང་།

    Reply
  3. རྐང་གསུམ། says:
    ལོ་ 14 སྔོན།

    བཀའ་འདྲི་འདིའི་རིགས་ངོ་མ་གནང་དགོས་པ་ཞིག་རེད། གསར་འགོད་པ་བཎྡེ་སྐྱབས་ལ་བཀའ་དྲིན་ཆེ། དེ་མིན་གསར་འགོད་པར་ཞུ་རྒྱུ་གཞན་ཞིག་ཡོད་པ་ནི། དུས་དབང་སྐབས་ཀྱི་རྡ་སའི་གནས་སྟངས་དང་། དེ་མིན་རྡ་ས་ནས་དུས་དབང་ལ་འགྲོ་མ་ཐུབ་མཁན་གྱི་གསར་འབྱོར་བ་དང་བོད་མི་ཚོའི་སེམས་ཚོར་དང་དཀའ་ངལ་སྐོར་ནས་གསར་འགྱུར་རེ་སྤེལ་ཐུབ་ན་བཟང་ས་རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese