ཁ་སང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་རྡོར་གདན་སྣེ་ལེན་ཁང་དུ་ཕེབས་ཏེ། བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ཐུག་འཕྲད་ཀྱིས་བཙན་བྱོལ་སྒྲིག་འཛུགས་ངོ་སྤྲོད་དང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་དོལ་རྒྱལ་ཐོག་དོ་སྣང་བྱ་དགོས་པའི་འབོད་སྐུལ་ཞུས་སོང་།
ཕྱི་ཚེས་ ༩ ཉིན་ཕྱི་དྲོའི་ཆུ་ཚོད་ ༦ པ་ཡས་མས་སུ་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་གཞུང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་བཅས་སྣེ་ལེན་ཁང་དུ་ཕེབས་ཏེ་ཆོས་ཞུ་བ་རྣམས་ལ་ཐུག་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་གནང་སོང་། སྐབས་དེར་ཚོགས་གཙོ་མཆོག་གིས་ ༸གོང་ས་མཆོག་དགུང་ལོ་ཆུང་དུས་ནས་མི་མང་ཉམས་ཆུང་དང་དཀའ་ངལ་ཡོད་རིགས་ཀྱི་བདེ་སྡུག་ལ་ཐུགས་འཁུར་ཆེན་པོ་གནང་སྟེ། བོད་པའི་ཆབ་སྲིད་ལ་ལེགས་བཅོས་གནང་རྒྱུའི་དགོངས་གཞི་ཡོད་ཀྱང་ལེགས་གྲུབ་བྱུང་ཡོད་ཐུབ་མེད་པ་དང་། ༡༩༥༩ ལོར་རྒྱ་གར་ནང་འབྱོར་མ་ཐག་བཙན་བྱོལ་གཞུང་གསར་འཛུགས་དང་དམངས་གཙོའི་ལམ་སྲོལ་ཐོག་འབད་བརྩོན་གནང་བ་དང་། སྤྱི་འཐུས་ལྷན་ཚོགས་བཙུགས་པ། མ་འོངས་བོད་ཀྱི་རྩ་ཁྲིམས་གསར་བཟོས་པ་སོགས་དམངས་གཙོའི་ཐོག་ནུས་པ་གང་ཡོད་བཏོན་ཡང་ཐུགས་རེ་བཞིན་འགྲུབ་མེད་པའི་སྐོར་དང་། ཁྲིམས་ཞིབ་སྤྱི་འཐུས་བཀའ་ཤག་བཅས་ཀྱི་ལས་དོན་ངོ་སྤྲོད་དང་། ལྷན་ཁང་བདུན་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཆེ་ཕྲ་ཡོངས་ཀྱི་ལས་ཀའི་ངོ་བོ་སོགས་ངོ་སྤྲོད་གནང་སོང་།
བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་རིན་པ་བྱས་པའི་ཐད་ལ་ཚོགས་གཙོ་མཆོག་གིས། “ ལོ་སྔ་ཕྱིར་བོད་ནང་མི་སྐྱ་སེར་བཅུ་གྲངས་ཤིག་གིས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ཡོད་ལ། ལོ་གསར་པ་འདི་ཚེས་མ་ཐག་ཏུའང་རྔ་པའི་སྐྱ་སེར་གཉིས་ཀྱིས་རང་ལུས་མེར་བསྲེགས་དང་། ཁ་སང་མགོ་ལོག་གི་སྤྲུལ་སྐུ་ཞིག་གིས་རང་ལུས་མཆོད་འབུལ་གནང་འདུག ཁྱེད་རང་ཚོ་བོད་ནས་ཕེབས་མཁན་ཡིན་སྟབས། བོད་ནང་རྒྱ་ནག་གི་གང་འདྲ་བྱེད་ཀྱི་ཡོད་མེད་ཀྱི་གནས་སྟངས་གསལ་བོ་མཁྱེན་གྱི་ཡོད། ད་ལྟའི་ཆར་རྒྱ་ནག་གིས་མི་སེར་སྤེལ་བའི་སྲིད་ཇུས་ཀྱི་ཐོག་ནས་མི་རིགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད། བོད་ནང་ཁྱེད་རང་ཚོར་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་། ཁྱེད་རང་ཚོའི་སྙིང་སྟོབས་དང་ཆོད་སེམས། དམ་བཅའ་བརྟན་པོའི་ཐོག་༸གོང་ས་མཆོག་གི་བཀའ་སྒྲུབ་བཞིན་པར་ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོས་ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཛ་དྲག་གི་གནས་སྟངས་དེ་འདྲ་བྱུང་བའི་སྐབས་སུ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཕན་ཚུན་གོ་བསྡུར་བྱས་ཏེ། རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་དང་རོགས་རམ་ཡོང་ཐབས་སུ་འབད་པ་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་ནང་དུའང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ” ཅེས་གསུང་བྱུང་།
ཡང་ཁོང་གིས། “ སྐབས་རེར་བོད་པའི་དཀའ་རྙོག་སེལ་ཐུབ་ས་མ་རེད་བསམ་པ་དྲན་སྲིད་ཀྱང་། ང་ཚོའི་རེ་བ་བརླག་པ་ཡིན་ན་འཐབ་རྩོད་རྫོགས་པ་རེད། རེ་བ་མུ་མཐུད་རྒྱག་དགོས་པ་རེད། མཚམས་རེར་ཕྱི་རྒྱལ་གྱི་མི་ཁ་ཤས་ཀྱིས་ཁྱེད་རང་ཚོ་བོད་ནང་ལོག་ཐུབ་པར་རེ་བ་ཡོད་པ་རེད་དམ། ཞེས་དྲི་བ་འདོན་གྱི་འདུག ངས་རེ་བ་ཡོད་པ་རེད་ཅེས་བཤད་ཀྱི་ཡོད། རེ་བ་མེད་པ་ཡིན་ན། ང་ཚོའི་བཙོན་བྱོལ་གཞུང་དང་སྒྲིག་འཛུགས་བཙུགས་པར་དགོས་པ་ཡོད་པ་མ་རེད་ལ། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་བྱས་པར་ཡང་རྒྱུ་མཚན་ཡོད་པ་མ་རེད། འོན་ཀྱང་། ང་ཚོའི་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ལས་ལམ་ཁ་གཞན་ཡོད་པ་མ་རེད། ད་ལྟའི་དུས་ཚོད་འདིར་༸གོང་ས་མཆོག་གི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་བྱས་ཡོད། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་གཅིག་པུས་འཇོན་རྒྱུ་ཞིག་ཡོད་པ་མ་རེད། ཚང་མས་མཉམ་རུབ་བྱ་དགོས་པ་རེད། སྔོན་མ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལ་འོས་བླུགས་ཡོད་མེད་གང་ལྟར་ཡང་། ད་ལྟ་བཀའ་བློན་ཁྲི་པ་ཁོང་ཆགས་ཡོད། ལྷན་ཁང་ཁག་གཅིག་པུས་རོགས་འདེགས་བྱས་པ་ཙམ་གྱིས་ཡོང་གི་མ་རེད། ཁྱེད་རང་ཚོ་བོད་ནང་ཡོད་པའི་བོད་མི་ཚོར་མཚོན་ནའང་། ངྷ་རམ་ས་ལར་ཡོད་པའི་སྒྲིག་འཛུགས་དེ་ང་ཚོའི་སྐུ་ཚབ་ཅེས་ནུས་པ་མཉམ་སྤུངས་བྱས་ན། ཏན་ཏན་ཏན་ནུས་པ་ཐོན་ངེས་ཡིན”ཞེས་གསུངས་བྱུང་།
མཐར་ཁོང་གིས། “ བོད་ནང་གི་བོད་མི་ཚོར། ཁྱེད་རང་ཚོའི་ངོས་ནས་སོ་སོའི་གང་ཤེས་པ་དེ་གཞིས་བཞུགས་སྤུན་ཟླ་རྣམས་ལ་བཤད་རྒྱུ་ཙམ་དུ་མ་ཟད། ༸གོང་ས་མཆོག་གི་གསུང་ཆོས་སྐབས་སུ་དོལ་རྒྱལ་གྱི་སྐོར་ལ་གལ་ཆེའི་བཀའ་སློབ་གནང་བ་ལྟར། དོལ་རྒྱལ་གྱི་གནས་ཚུལ་དེ་ང་ཚོའི་ནང་པ་གཅིག་པུའི་དཀའ་ངལ་མིན་པར། རྒྱ་ནག་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་རེད། ད་ལྟའི་ཆར་བོད་ནང་དང་ཕྱི་རྒྱལ་ཁག་ཏུ་དེའི་རིགས་ལ་རྒྱ་ནག་གིས་དངུལ་འབོར་ཆེན་སྤྲད་དེ་བེད་སྤྱོད་གཏོང་བ་སོགས་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོའི་ངོས་ནས་ཕྱིར་བོད་ནང་ལོག་རྗེས་༸གོང་ས་མཆོག་གི་བཀའ་སློབ་མི་བརྗེད་པའི་ཐོག་ནས་འབད་བརྩོན་བྱ་རྒྱུ་དང་། དོལ་རྒྱལ་ཐོག་དོ་སྣང་བྱེད་ཐུབ་པ་ཡིན་ན། དེ་ལས་ལྷག་པའི་༸གོང་ས་མཆོག་བཀའ་དགོངས་བསྒྲུབས་པ་ཞིག་ཡོད་པ་མ་རེད ”ཅེས་གསུངས་བྱུང་།
གསར་འགོད་པ། དོན་གོ
ཐོ་རེངས་ལགས་དེ་ད་ལོའི་ཡོད་གསལ་པོ་གསལ་ཀྱང་རེད་ལྷར་པར་མདོ་སྨད་ཕྱོགས་སུ་གསལ་པོ་ཡོད་ཡིན་ན་ཡང་དེ་ཙམ་གྱིས་དོལ་རྒྱལ་འཚམ་འཇོག་ལ་ཕན་གྱིན་ཡོད་མེད་གང་ཤེས
དོལ་རྒྱལ་ཚོགས་པ་ལ། རྒྱ་ནག་གིས་ཆབ་སྲིད་ཀྱི་ལག་ཆར་ཇི་ལྟར་བེད་སྤྱོད་གཏོང་གྱིན་ཡོད་ཚུལ་དང་། མ་ཟད་དེ་དག་ལ་དངུལ་འབོར་ཆེན་སྤྲད་ཡོད་པའི་དཔའ་རྟགས་གསལ་པོ་འགོད་རྒྱུ་ཡོད་ན་ཡག་པོ་རེད།
ད་ལྟ་བར་དུ་འདི་འདྲ་བའི་མགོ་བྱེད་ཚོའི་༧གོང་ས་མཆོག་གི་མཚན་ཐོག་ནས་རྙོག་གྲ་ལུང་པ་གང་བཟོས་མཐའ་ཞུགས་༧གོང་ས་མཆོག་ལ་འགེལ་གྱི་རེད
ཧ་ཧ་ ཁ་ནས་འཚེ་མེད་ཞི་བ་དང་ དམངས་གཙོ་ འགྲོ་བ་མི་ཡི་ཐོབ་ཐང་ ཆོས་དད་རང་མོས་ བདེན་པ་ཟེར་བ་དེ་ག་རང་རེད་ ཚོགས་གཙོའི་གསུང་བཤད་ལ་གཅིག་གཟིགས་དང་ ཤུགས་ལྡན་ཐོག་དོ་སྣང་བྱེད་ན་དེ་ལས་ལྷག་པའི་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པ་ཡོད་མ་རེད་གསུང་འདུག སྔོན་མ་ཡིན་ན་དགའ་ལྡན་ཕོ་བྲང་ལ་གནོད་ དེ་ནས་བོད་ཀྱི་རྩ་དོན་ལ་གནོད་ ད་ལྟ་རྩ་དོན་ཆགས་འདུག
སྤྱན་རས་གཟིགས་གི་རྣམ་སྤྲུལ་ནས་གཟུགས་མེད་ཀྱི་དོལ་རྒྱལ་ཞིག་དང་བརྩོད་རིང་གང་ཡོད་དམ། དེ་ནི་གོང་ས་ཁོང་གི་མཚན་བཤད་རང་རེད་ལ་། དུས་རབས་ཉེར་གཅིག་གི་ནང་པའི་མགད་གཏམ་རེད།།
ད་བོད་པ་ཚོ་རྣམས་ལ་བཀའ་འདྲི་བཞུ་རྒྱུར་། རྒྱ་མི་གུང་ཁྲན་དང་དོལ་རྒྱལ་གཉིས་ཀ་བོད་ཀྱི་རྩ་དོན་ལ་གནོད་གི་ཡོད་པས་གལ་སྲིད་ཁྱེད་རྣམས་ལ་འདམ་ཁ་བྱེད་དུ་བཅུག་ན་ཁྱེད་རྣམས་དོལ་རྒྱལ་དང་རྒྱ་མི་གུང་ཁྲན་གཉིས་གང་འདམ་གི་ཡིན་ནམ།།
ཚོགས་གཙོའི་སྐོར་ལ་ཅིང་མི་བཤད. དྲ་གྲོགས་ཤིག་གིས་ཞེན་པ་རེད་གསུངས་སོ།།
རྒྱ་རི་སྒྲོལ་མ་མ་ཕེབ་པར་བདེ་སྐྱིད་ཆོས་དབྱངས་ཕེབ་པ་དེར་. ངས་གོ་བ་ལེན་ཤེས་ཀྱི་མི་འདུག. ལྷན་རྒྱས་ཚོར་བསམ་ཚུལ་འདྲ་ཨེ་ཡོད་ལ
དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས།། སྨོན་ལམ་ལོག་པའི་དམ་སྲིན་འབྱུང་པོ་འདིས།། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས།། —-༧ཀུན་གཟིགས་ལྔ་བ་ཆེན་པོ།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྤྱོར་ངན་པའི་འཇིགས་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་རྩ་ནས་གཅོད་གྱུར་ཅིག །
བོད་མི་བཀྲ་ཤིས་ཕུན་ཚོགས་ཀྱི་འདྲ་དཔར་བླངས་ནས་མི་མང་དཀྱིལ་དུ་འགྲེམས་སྤེལ་ཐུབ་པ་བྱ་རྒྱུ་དེ་བོད་མི་ལ་རྒྱ་ཅན་ཚང་མས་འགན་འཁུར་དུ་མཐོང་བས་་་་་་་
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནད་དུ་སྨིན་པ་ཞིག་གནང་འདུག་པར་བསྔགས་བརྗོད་མ་ཞུ་ཀ་མེད་ཆགས་འདུག
ལོ་ཤས་སྔོན་༸ གོང་ས་མཆོག་ལྷ་ཕྱོགས་སུ་ཕེབས་ནས་མི་དམངས་དང་གྲྭ་དམངས་ལ་དོལ་རྒྱལ་སྐོར་བཀའ་སློབ་གནང་དུས་ཁྲི་ཟུར་ཟམ་གདོང་རིན་རིན་པོ་ཆེ་མཆོག་གིས་བསད་ནའང་ཚེ་སྲོག་གཅིག་ལས་མ་བསད་ནའང་ཤི་རྒྱུ་རེད་ཅེས་བཀའ་སློབ་ནན་མོ་གནང་ཡོད།
དོལ་རྒྱལ་སྐོར་གྱི་སྐད་ཆ་དེར་ཞིབ་ཏུ་བརྟག་དཔྱད་བྱས་ཏེ་ལེགས་པར་བསམས་ན་ད་ལྟའི་འཆར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་ཡོད་སྟབས། ༸ གོང་ས་མཆོག་གིས་བཀའ་སློབ་ཡང་ཡང་གནང་དགོས་ཆགས་ཡོད་པ་རེད།
སྤྱིར་བཏང་བྱས་ན་འཛམ་གླིང་ནང་ཁ་ཆེས་ཚོས་ཨ་ལ་དང་། ཧིན་རྡུ་ཚོས་ཞི་བ། ཡེ་ཤུ་ཚོས་མ་ཤི་ཀ། ནང་པས་བཅོམ་ལྡན་འདས། ཆོས་ཁས་མི་ལེན་མཁན་བཅས་སྣ་ཚོགས་ཡོད་སྟབས། སོ་སོའི་འདོད་པ་ལྟར་དོལ་རྒྱལ་བསྟེན་མཁན་ཚོས་དོལ་རྒྱལ་བསྟེན་ནའང་གཞན་དག་དང་སྤྱི་མཚུངས་རེད།
ཡིན་ནའང་ང་ཚོ་ནང་པ་ཞིག་ཡིན་ཕྱིན་ཆད་ལ་སྐྱབས་གནས་འདྲེ་རུ་བཅོལ་ན་ལམ་དེ་ནོར་བ་དང་གཅིག གཉིས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མཐུན་བསྒྲིལ་ལ་འགལ་རྐྱེན་ཡོང་གཞིག་ཆགས་པ། གསུམ་ནས་རྒྱ་གཞུང་གིས་ང་ཚོའི་ནང་ཁུལ་གྱི་མི་མཐུན་པའི་ཕྱོགས་བཟུང་སྟེ། ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཞིན།
བཞི་ནས་དོལ་རྒྱལ་གྱི་ངོ་བོ་དང་བྱེད་ལས་སོགས་ཕྱོགས་ཚང་མར་༸ གོང་ས་ལྔ་ཆེན་པོས་བཀའ་བསྩལ་བ་ལྟར་ལས་སྨོན་ལོག་པའི་དམ་སྲི་ཞིག་ཆགས་ཡོད་པ། ལྔ་ནས་༸ གོང་ས་སྐུ་འཕྲེང་བཅུ་བཞིའི་པ་ཆེན་པོས་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད་པ་བཅས་ཀྱིས་ཐོག་ནས་ངེས་པར་དུའང་བོད་མི་ཚང་མས་དོ་སྣང་བྱེད་དགོས།
ད་ལྟའི་འཆར་དོལ་རྒྱལ་ཟེར་བ་དེ་རྒྱ་མིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཞིན་པ་ལས་དོལ་ལ་རྒྱ་གཞུང་གིས་ཡི་ཆེས་དང་དད་པ་སོགས་རྩ་བ་ནས་བྱེད་ཀྱིན་མེད། ཐ་ན་ཆོས་ཀྱང་ཁས་ལེན་བྱེད་ཀྱིན་མེད། དོལ་རྒྱལ་སྐོར་ལ་དེ་བས་ཁོང་ཚོར་རྒྱུས་མངའ་མེད། ཡིན་ནའང་བོད་ཀྱི་ཆབ་སྲིད་ཐོག་ལ་བེད་སྤྱོད་གཏོང་བཞིན་ཡོད་སྟབས།
དངོས་འབྲེལ་བྱས་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཐོག་བཀའ་ཁྲི་བློ་བཟང་སེང་གེས་ཀྱང་མི་དམངས་ཁྲོད་ད་རེས་ངེས་པར་དུ་གསལ་བཤད་མཐིལ་ཕྱིན་པ་ཞིག་གནང་དགོས་ཆགས་ཡོད།