མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲོད་འཁྱིལ་བའི་མེ་ལྕེ། གསར་བརྗེ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་༨ཉིན། སྤྲུལ་སྐུ་བསོད་བྷོ་མཆོག་གིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་རྔོ་རྒོལ་གནང་ཡོད། ཉིན་དེའི་ཞོགས་པ་སྔ་བོར། རིན་པོ་ཆེ་ཁོང་མདའ་རུ་རྫོང་ཐོག་ཏུ་ཕེབས། ཆོས་གོས་སེར་པོ་ཡོངས་རྫོགས་རླངས་སྣུམ་གྱིས་ཚོས་ཡོད་པ་མ་ཟད། ཞལ་ལའང་རླངས་སྣུམ་གང་འཚམ་མཆོད་ཡོད་འདུག སྐུ་ལུས་མེ་རུ་བསྒྲོན་པའི་སྐད་ཅིག་མ་དེར། མེ་ལྕེ་དམར་པོ་དགུང་སྔོན་དུ་མཆེད་ཅིང་། འབར་རྫས་གས་པ་ལྟ་བུའི་ཙག་སྒྲའི་ཁྲོད། རིན་པོ་ཆེ་ཁོང་གིས་ན་ཟུག་མ་བཟོད་པར་མཆོང་ལྡིང་བྱེད། ཅུང་མ་འགོར་བར་ཁོང་གི་སྐུ་གཟུགས་སར་འགྱེལ་བ་དང་ལྷན་དུ་སྐུ་ཕུང་ཡང་གང་སར་འཐོར། སྐུ་སྟོད་དང་དབུ་ཕུད་ལས་དེ་མིན་འཚིགས་ཚར་ཡོད་འདུག

རིན་པོ་ཆེ་ཁོང་། ཀིརྟིའི་དགེ་འདུན་པ་བཀྲ་བྷེ་ལགས་ནས་རྩི་ན་ད་བར་རང་ལུས་མེར་བསྲེགས་གཏོང་མཁན་བཅུ་དྲུག་པ་དང། བོད་པ་ཚོའི་ངོས་ནས། ལོ་རྒྱུས་ཐོག་གསེར་ཁྲི་སེར་པོར་བཞུགས་པའི་བླ་སྤྲུལ་ཞིག ཕལ་བའི་མང་ཚོགས་ནང་ཕེབས་ཏེ། སྐུ་ལུས་མེ་རུ་བསྒྲོན་ནས་དགོངས་པ་སྤྱི་དོན་དུ་གཏོད་མཁན་དང་པོ་དེ་ཆགས་ཡོད།

༢༠༡༡ བོད་པ་ཚོར་མཚོན་ན་ལོ་ནག་ཅིག་ཡིན། སྔ་ཕྱི་བོད་མི་སེར་སྐྱ་ཕོ་མོ་བཅུ་གཉིས་ཀྱིས་ཚེ་སྲོག་མེ་རུ་བསྒྲོན་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་ནའང་། ལི་བྷེ་ཡ་དང་། ཊོ་ནེ་ཤི་ཡ་ནང་བཞིན་གྱི་རྒྱལ་ཁ་བྱུང་མེད་ལ། ཁྱིམ་འཚེས་རྒྱལ་ཁབ་འབར་མ་ནང་བཞིན་མངོན་གསལ་གྱི་འགྱུར་བ་ཡང་བྱུང་མེད། བོད་མིའི་རང་ལུས་མེར་སྲེག་གི་ངོ་རྒོ་དོན་རྐྱེན་འདི། ཐ་ན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ལོ་དེའི་གནས་ཚུལ་ཆེ་ཁག་བཅུའི་ནང་དུའང་ཚུད་ཐུབ་མེད། དེ་ལས་ལྡོག་སྟེ། གནད་དོན་ཆེ་ཁག་ནང་ཚུད་མ་ཐུབ་པའི་གནས་ཚུལ་ཨང་དང་པོའི་གྲས་ཆགས་ཡོད།

ག་དུས་ཡིན་ཡང་། བོད་ནང་རང་ལུས་མེར་སྲེག་ལྟ་བུའི་ཛ་དྲག་དོན་རྐྱེན་རེ་བྱུང་སྐབས། རྒྱ་ནག་གཞུང་གིས་གཞན་ཞིག་ནས་ལན་འདེབས་བྱེད་ཀྱིན་ཡོད། ༢༠༠༨་ལོར། དགོན་པའི་བཙན་ཁང་ནང་བཤམ་པའི་གནའ་བོའི་མེ་མདའ་དང་མདེའུ་ཙ་རོ་འགའ་བསྟན་ནས། རྔ་བ་ཀིརྟི་དགོན་པའི་དྲག་གནོན་ལ་འགྲེལ་བརྗོད་བྱས། འདས་ལོར་རྔ་བ་དང་དཀར་མཛེས། ཆབ་མདོ་བཅས་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་བསྟུན་མར་བྱུང་སྐབས། ལྷ་ས་དང་རྔ་བ། དཀར་མཛེས་བཅས་སུ་དྲག་ཆས་བོར་འདྲེན་བྱེད་མཁན་བཅུ་གཅིག་ཡུ་ནན་ནས་འཛིན་བཟུང་བྱས་ཚུལ་བསྒྲགས་ཏེ། ས་ཁུལ་དེ་དག་གི་དམ་དྲག་གནས་སྟངས་ཁྲིམས་མཐུན་དུ་བསྒྱུར་ཐབས་བྱས། ཉིན་ཤས་སྔོན་སྟེ། ཕྱི་ཚེས་༦ཉིན་གྱི་རང་ལུས་མེར་སྲེག་གི་དོན་རྐྱེན་དངོས་བདེན་ཡིན་པར་བཤད་ནའང་། རྒྱལ་གཅེས་པ་ཁོང་གཉིས། དེ་སྔ་ཀིརྟིའི་དགོན་པའི་ལྷ་སྐུ་འཁྱེར་མཁན་གྱི་༼རྐུན་མ་༽ཡིན་པའི་དོགས་གཞི་ཡོད་ཚུལ་བཤད། སྤྲུལ་སྐུ་བསོད་བྷོའི་གནས་སྟངས་ད་ལྟ་ཞིབ་འཇུག་བྱེད་སྒང་ཡིན་ཟེར་། ད་དུང་། འདི་ཚང་མར་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་ཡོད་པ་རེད་ཟེར།

རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་རྣམ་འགྱུར་ཇི་ལྟར་ཡང་། དབྱེ་ཞིབ་ཚོ་ལྟར་ན། དུས་ཚོེད་ཀྱི་སྔ་ཕྱི་མ་གཏོགས། ལྷ་ས་ནི་རང་ལུས་མེར་སྲེག་གི་མེ་ལྕེ་འདི་མཆེད་ཆོག་ཆོག་གི་ས་ཁུལ་དེ་ཡིན་ཞིང་། མེ་ལྕེ་འདི་ལྷ་ས་ནས་འབར་ཚེ། དེའི་མཇུག་འབྲས་ད་ལྟའི་ཚོད་དཔག་གིས་ལས་སླ་བོར་སྡོམ་བརྒྱག་ཐུབ་པ་ཞིག་མ་རེད་ཟེར།

༢༠༠༩ ལོར། ཀིརྟིའི་དགེ་འདུན་པ་བཀྲ་བྷེས་རང་ལུས་མེར་བསྲེགས་བཏང་རྗེས། ཁོང་གི་ཉེ་འབྲེལ་དང་ཕ་ཡུལ་གཅིག་པ་བློ་བཟང་ཕུན་ཚོགས་དང་། བློ་བཟང་སྐལ་བཟང་། ཆོས་འཕེལ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་བྱས་ནས་སྐུ་ལུས་མེར་བསྲེགས་བཏང་། སྐབས་དེར། མི་ཚང་མར་གནད་དོན་འདི་ཁྱིམ་ཚང་དང་ས་གནས་གནད་དོན་གྱི་ངོ་བོར་ལྷག་རྒྱུའི་སེམས་ཚབས་སྐྱེས་ཡོད་པ་ལས། མེ་ལྕེ་འདི་ཁྱིམ་ཚང་སྒེར་བ་ཞིག་དང་། ས་ཁུལ་ཁུག་ཀྱོག་ཅིག་ནས་རིམ་བཞིན་དཀར་མཛེས་དང་། ཆབ་མདོ། མགོ་ལོག་བཅས་ལ་མཆེད་ཡོང་བའི་ཚོད་དཔག་ཐུབ་མེད། ཆོས་འཕེལ་དང་ནམ་མཁའ་གཉིས་ཀྱི་ཡར་སྔོན་དུ། ང་ཚོས་མི་སྐྱ་ཚོས་རང་ལུས་མེ་རུ་སྦར་སྲིད་པའི་ཚོད་དཔག་ཐུབ་མེད་ལ། དེ་བཞིན་བུད་མེད་དང་། ལྷག་པར་དུ་བླ་སྤྲུལ་ཚོས་གསེར་སྐུ་མེ་རུ་བསྒྲོན་སྲིད་པའི་ཚོད་དཔག་དེ་ལས་ཀྱང་ཐུབ་མེད། འོན་ཀྱང་། ཨ་ནེ་བསྟན་འཛིན་དབང་མོ་དང་དཔལ་ལྡན་ཆོས་མཚོ། སྤྲུལ་སྐུ་བསོད་བྷོ་བཅས་ཀྱིས་ང་ཚོར་བདེན་དཔང་གནང་ཡོད། ད་དུང་། ང་ཚོས་ཚོད་དཔག་ཐུབ་མེད་ས་གཞན་ཞིག་ནི། མེ་ལྕེ་འདིའི་ན་ནིང་གི་ཁ་གྲངས་དང་། ད་ལོའི་མྱུར་ཚད་བཅས་ཡིན།

༢༠༠༨ལོའི་ཞི་རྒོལ་ཆེན་མོ། ལྷ་ས་ནས་བོད་ས་ཡོངས་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནང་ཁྱབ་པ་ལྟར། མེ་ལྕེ་འདི་ཡང་ལྷ་ས་ནས་འབར་ཚེ། རིམ་བཞིན། ལོ་དེར་ཞི་རྒོལ་ལངས་སའི་བོད་ཀྱི་ས་ཁུལ་སུམ་བརྒྱའི་ནང་མཆེད་ངེས་ལ། དེ་བཞིན། ལོ་དེར་ངོ་རྒོལ་དང་གཏོར་བཅོམ་ཐེབས་སའི་རྒྱ་ནག་གཞུང་ཚབ་ཁག་གི་མདུན་ནས་ཀྱང་འབར་ངེས་ཡིན། འདི་ད་ལྟ་ནས་ང་ཚོས་ཚོད་དཔག་ཐུབ་ས་དེ་ཡིན། འོན་ཀྱང་། ད་དུང་ང་ཚོས་ཚོད་དཔག་མི་ཐུབ་སའི་ཞེད་སྣང་དང་འཇིགས་སྣང་ཅན་གྱི་དོན་རྐྱེན་ག་ཚོད་ཅིག་མེད་དམ།

བླ་ཆེན་དང་མི་ཆེན་ཚོས་བསླབ་བྱ་བསྐྱོན་པ་ལྟར། ལོ་ཕྱི་ནང་འདིར་མེ་རུ་སྦར་ཟིན་པའི་འདས་གསོན་བཅུ་དྲུག་པོས། གསོན་པོར་བཞུགས་ནས་རང་རང་གི་མི་ཚེ་དོན་ལྡན་གནང་མེད་ལ། ཅོལ་ཆུང་ཚོས་རེ་ལྟོས་བྱས་པ་ལྟར། ཁོང་རྣམ་པས་སྐུ་ལུས་མེར་བསྲེགས་བཏང་བ་དེས་ཁ་ཐུག་བོད་ཀྱི་རྩ་དོན་ལའང་འགྱུར་བ་གཏོང་ཐུབ་མེད།

འབྲེལ་མོལ་རིམ་པར་གྲུབ་འབྲས་མ་བྱུང་བ་དང་། སྐུ་མདུན་བགྲེས་ཡོལ་དུ་ཕེབས་པ། འཐབ་རྩོད་གྱི་འགན་དབང་མི་རབས་གསར་པར་བརྒྱུད་སྤྲོད་བྱས་པ། མི་རབས་པ་གསར་པ་ཚོས་ཀྱང་བོད་དོན་རྒྱུན་གནས་དང་། གསར་གཏོད་ཀྱི་ལམ་ཁ་འཚོལ་བ། གང་ལྟར་། ལོ་རྒྱུས་ཀྱི་འགྱུར་མཚམས་གསར་པ་འདིའི་སྐབས། ཁོང་རྣམ་པའི་བློས་གཏོང་ཆེན་པོ་དེས། ང་ཚོར་ཚེ་སྲོག་དང་ཁ་དབུགས་གསར་པ་ཞིག་བསྣན་ཡོད་ལ། མི་ལོ་ལྔ་བཅུ་རིང་། མུན་ནག་ལག་སྙོབ་ཀྱིས་འཚེ་མེད་ཞི་བ་གླེང་ནས་བགྲོས་མཁན་ཚོ་ལའང་། ལམ་ཁ་དེའི་རླབས་ཀྱི་རྩེ་མོར་སོན་པའི་ལས་འགུལ་ཀྱི་མིག་དཔེ་བསྟན་ཡོད། མི་རིགས་དང་། རྒྱལ་ཁབ། འཐབ་རྩོད་བཅས་ཀྱི་ཆེད་དུ་སྦར་བའི་མེ་ལྕེ་དེ་དག་ལ། ལོ་རྒྱུས་དང་ཁ་ཐུག་གི་དྲོད་ཁོལ་ཞིག་ཅི་ལ་འཁྱིལ་ནས་མེད།

དྲོད་འཁྱིལ་བའི་མེ་ལྕེ་དེ་དག མི་རིགས་དང་། རྒྱལ་ཁབ། འཐབ་རྩོད་བཅས་ཀྱི་ཆེད་དུ། མུ་མཐུད་ནས་་་་་་་

 

 

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 11

  1. ནད་པ says:
    ལོ་ 14 སྔོན།

    གསར་བརྗེ་ཟེར་བའི་གོ་དོན་དེ་སྲིད་གཞུང་རྙིང་པ་དང་སྒྲིག་འཛུགས་རྙིང་པ་ལམ་ལུགས་རྙིང་པ་བཅས་ཀྱིས་འོག་ནས་མི་དམངས་རྣམས་ཀྱི་འཚོ་བའི་དགོས་མཁོ་བསྐོང་ཐུབ་ཀྱིན་མེད་ན་ད་གཟོད་དེར་བསྒྱུར་བཅོས་སམ་བཅོས་བསྒྱུར་བྱེད་པ་ལ་ཟེར།

    དེ་འདྲ་སོང་ཙང་ང་ཚོའི་བོད་མི་རྣམས་ཀྱང་སྔར་ལས་ལྷག་པའི་སྤྱི་ཚོགས་ཀྱི་ཡར་རྒྱས་དང་བདེ་སྐྱེད་གཅིག་བསྐྲུན་དགོས་ཚེ་ད་གཟོད་གསར་བརྗེ་ཟེར་བ་ཞིག་མ་བྱས་ཐབས་མེད་ཆགས་ཡོད།

    བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་མིའི་བདེ་སྐྱིད། བོད་མའིརང་དབང་ཟེར་བ་དགོས་ཕྱིན་ངེས་པར་དུའང་གསར་བརྗེ་བྱེད་དགོས། གསར་བྱེད་པར་ཡང་གསར་བརྗེའི་འགོ་འཁྲིད་ནི་གལ་ཆེ་ཡིན་སྟབས། ང་ཚོར་ཡང་གསར་བརྗེའི་བློ་མཐུན་མའོ་ཙར་ཏུང་ལྟ་བུ་ཞིག་དགོས་ངེས་རེད།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    གསར་སྐྱབས་ལགས། ཉིད་ཀྱི་དཔྱད་རྩོམ་ལེགས་པོར་སྣང་བྱུང། མ་ཟད་རིག་འདོན་ཚོར་ལན་གནང་བ་ཡང་ངོ་མཚར་ཆེ་བར་སྣང་ངོ། རྒྱ་དམར་གྱིས་བོར་པར་མ་ཉེས་ཁ་གཡོག་དང། འཚེ་བརྡུང། ངན་ཇུས་སོགས་གང་དག་ཇི་ལྟར་བྱེད་བཞུན་པར་དཔྱད་པ་གནང་བར་རེ་སྐུལ་ཞུའོ།།

    Reply
  3. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    ལས་བྲེལ་དབང་གིས་གོང་གསལ་མཆན་བུ་ཚང་མའི་ནང་བྲིས་ནོར། གཏེགས་ནོར། ཆད་ནོར་སོགས་གང་མང་བྱུང་འདུག ཚང་མ་ལོར་དགོངས་སེལ་ཞུ།

    Reply
  4. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    ད་ནད་པ་ལགས་ལ་བསམ་ཚུལ་འབུལ་གི་ཡིན།

    ༡༽ངས་ད་ལྟའི་ཛ་དྲག་གི་གནས་སྟངས་འདིའི་སྐབས། བོད་ལ་གནས་ས་བརྗེ་བ་ལྟ་བུའི་གསར་བརྗེ་ཞིག་གི་དགོས་མཁོ་མཐོང་གི་མི་འདུག ཆབ་སྲིད་ལམ་ལུགས་ཀྱི་ཆ་ནས་དཀའ་ངལ་རིམ་བརྒྱུད་ཀྱི་ལམ་ནས་འགྱུར་བ་གང་ལ་གང་འཚམ་ཞིག་བཏང་ཚར་བ་རེད། འདི་རིགས་གསར་བརྗེ་དེ་འདྲ་གང་ཡང་མ་རེད་འདོད། བཅོས་བསྒྱུར་ཙམ་རེད།

    ༢༽ངས་འདིར་གླེང་བཞིན་པ་རྩ་དོན་འཐབ་རྩོད་ཐད་ནས་ཡིན། གཙོ་བོ་ལས་འགུལ་དང་། ནང་སྒོས་རང་ལུས་མེར་སྲེག་ཀྱི་ཐད་ནས་ཡིན། འདིའི་ཐད་ནས། ངས་མི་ཚང་ནང་བཞིན་༼ རླབས་གསུམ་པ།༽ ཞིག་མཐོང་གི་མི་འདུག དེ་ལ་ད་དུང་ཆ་རྐྱེན་དང་དུས་ཚོད་འདང་ངེས་དགོས་པའི་བསམ་ཚུལ་འཛིན་གི་ཡོད། འོན་ཀྱང་། རང་ལུས་མེར་སྲེག་དེ་འདྲ་མ་རེད། ཁ་སང་དེ་རིང་ང་ཚོའི་མཐོང་ས་ནས་བྱུང་བཞིན་པ་རེད།

    ༣༽ ངས་ལོ་ཕྱི་ནང་གི་མེ་ལྕེ་དེ་དག་བོད་ཁམས་ཡོངས་དང་། རིམ་བཞིན། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱ་ནག་གཞུང་ཚབ་མདུན་ནས་འབར་ངེས་པའི་རླབས་རྒྱུན་ཞིག་མཐོང་གི་འདུག དེ་ལྟར་འབར་དགོས་པ་ཞིག་ཏུའང་མཐོང་གི་ཡོད། དེ་ལྟར་ཡོང་བར་སྐུ་ཉིད་ནང་བཞིན་དབུ་འཁྲིད་དང་། མང་ཚོཊ་ལ་འཆི་རྒྱུར་མི་སྐྲག་པའི་དཔའ་ངར་དང་སྙིང་སྟོབས། ཆོད་སེམས་ཤིག་དགོས་པར་མཐོང་གི་མི་འདུག བོད་མི་ཚོ་འུ་ཐུག་ཐབས་ཟད་ལ་གཏོད་མཁན་སྟེ། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་མུ་མཐུད་ནས་བསྡད་ཚེ། མེ་ལྕེ་དེ་དག་ངའི་བསམ་པ་བཞིན་མཆེད་ཆོག་ཆོག་རེད།

    ༤༽བོད་མི་རེ་རེ་བཞིན་འབར་ཐེངས་རེར། རྒྱ་གཞུང་གིས་གཞན་ཞིག་ནས་ལན་འདེབས་བཞིན་པ་དེས། མེ་ལྕེ་དག་བར་མ་ཆད་པར་འབར་བ་སྣུམ་བཤོས་པ་ལྟར་ཆགས་ཡོད། ངས་གོང་ནས་བསྟན་འཛིན་ཆོས་རྒྱལ་ལ་ཕུལ་བའི་བསམ་ཚུལ་ནང་གསལ་ལྟར། ད་ལྟའི་རྔ་བའི་མི་མང་གིས་ང་འབར། ཁྱོད་སྦར། ད་ཁོ་ཡིན་སོགས་ཀྱི་ཛ་དྲག་གནས་སྟངས་ཀྱང་དེ་ལྟར་བསྐྲུན་པ་རེད། 

    ༥༽ ཡང་དཔེ་ཞིག་དྲངས་ན། བལ་ཡུལ་ནས་བུད་མེད་ཅིག་གིས་མེར་སྲེག་གཏོང་རྩིས་བྱས་པ་རེད། ཉིན་དེའི་ལས་འགུལ་སྐབས། བལ་ཡུལ་ཉེན་རྟོག་པས་ཁོ་མོའི་མཐོང་ས་ནས་བོད་མི་ཚོར་བརྙས་བཅོས་དང་ཐུབ་ཚོད། འཛིན་བཟུང་དང་ཉེས་རྡུང་ཡ་ང་བ་དེ་བྱས་མེད་ཚེ། ཁོ་མོར་མེར་སྲེག་གཏོང་རྒྱུའི་བློ་ཁོག་དང་ཆོད་སེམས་དེ་བྱུང་མེད། གནས་སྟངས་ཡ་ང་བ་བྱུང་བའི་སྐད་ཅིག་མ་དེར། ཁོ་མོར་དེ་ལྟའི་བློ་ཁོག་དང་ཆོད་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་པ་རེད། བློ་ཁོག་དང་ཆོད་སེམས་འདི་རིགས་གྲ་སྒྲིག་ཚགས་ཚུད་དང་འཆར་གཞི་ནང་ལྟར་མ་ཡིན་པར། ཁ་ཐུག་གི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་དེས་དེད་ནས་ཡོང་བ་རེད། 

    དེ་རིང་འདི་ཙམ་ཡིན། མུ་མཐུད་ནས་དགོངས་ཚུལ་གསུང་པར་ཕེབས་རོགས་གནོངས། 

    Reply
  5. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    ཟླ་བ་བསོད་ནམས་ལགས་ཀྱི་དགོངས་ཚུལ་མཇུག་གི་དྲི་བར་བསམ་ཚུལ་འབུལ་བར་བྱ།

    གཅིག ན་ནིང་། ཨི་རྗིབ་ཏུ་གསར་བརྗེ་ལམ་ལྷོང་བྱུང་དོན་གཙོ་བོ་༼འབོལ་ཁྲི་སྒང་གི་ཚོགས་པ ༽མང་ཚོགས་དང་མཉམ་དུ་ལས་འགུལ་ནང་ཞུགས་པས་རེད་ཟེར། ཨ་རབ་རྒྱལ་ཁབ་ཁག་ལ་མཚོན་ན་ཚོགས་པ་དེ་གཞི་རྒྱ་ཆེན་པོ་དང་། ནུས་ཤུགས་ཆེན་པོ། ཁྱབ་ཤུགས་ཆེན་པོ་སོགས་རེད། དཔོན་པོ་དང་ཤེས་ཡོན་པ། ཚོང་བ། ལས་སྣེ་བ་བཅས་ནི་ཚོགས་པ་འདིའི་གྲུབ་ཆ་གཙོ་བོ་ཆགས་ཡོད། བོད་ལ་༼འབོལ་ཁྲི་སྒང་གི་ཚོགས་པ༽ ཤུགས་ཆེན་དེ་འདྲ་གང་ཡང་མེད། བོད་ལ་ཡོད་པ་ནི་༼གསེར་ཁྲི་སྒང་གི་ཚོགས་པ ༽དེ་ཡིན། འདིའི་གཞི་རྒྱ་དང་ནུས་ཤུགས། ཁྱབ་ཤུགས་སོགས་ཨ་རབ་རྒྱལ་ཁབ་ཁག་གི་༼འབོལ་ཁྲི་སྒང་གི་ཚོགས་པ་༽ལས་ཆེ་བ་མེད་ན་ཆུང་བ་མེད། དེ་ནི་བོད་ཀྱི་བླ་སྤྲུལ་ཚོ་རེད།

    གཉིས། ད་བར་དུ། བོད་ཀྱི་བླ་སྤྲུལ་ཚོས་ཆོས་ལུགས་རིག་གཞུང་དང་། བོད་མིའི་སེམས་ཁམས་ལ་གཞལ་ཐབས་བྲལ་བའི་ཕྱག་རྗེས་བཞག་ཡོད་པ་སྙོམ་མེད་ཡིན། དེ་ལྟར་ཀྱང་། བོད་མའི་ཆབ་སྲིད་འཐབ་རྩོད་ལ་དོན་ཕན་ལྡན་པའི་ཕྱག་རྗེས་འདི་བཞག་པ་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་ད་རུང་མེད་ཚོད་ཡིན། འཚེ་མེད་ཞི་བ་ནི། གཙོ་བོ་བོད་མིའི་གནས་སྟངས་རྒྱབ་ལྗོངས་གཞི་ལ་བཞག་པའི་ལམ་ཁ་ཞིག་ཡིན། བོད་ལ་དམག་མི་ལས་གྲྭ་བ་མང་ལ། བོད་ལ་གཞུང་ཞབས་ལས་བླ་སྤྲུལ་མང་། འཚེ་མེད་ཞི་བ་ལས་ལམ་གཞན་ཁག་པོ་ཡིན།

    གསུམ། རང་ལུས་མེར་སྲེག་འདི་འཚེ་མེད་ཞི་བའི་ལས་འགུལ་གྱི་རྩེ་མོ་དེ་རེད། འཚེ་མེད་ཞི་བར་རྒྱལ་ཁ་ཐོབ་དང་མ་ཐོབ་ཡང་ལས་འགུལ་འདི་རིགས་སྤེལ་ཐུབ་མིན་དང་། རྒྱུན་སྲིང་ཐུབ་མིན་ལ་ཐུག་ཡོད། ཨ་ཁུ་དང་ཨ་ནེ། བསྔགས་པ། ལྷག་པར་དུ་བླ་སྤྲུལ་ཚོ་འཚེ་མེད་ཞི་བའི་མི་སྣའི་དཔེ་མཚོན་རང་བཞིན་ཡིན། ལས་འགུལ་ལའང་ཁོ་ཚོས་འགན་རྐང་ལེན་ཐུབ་ན་དེ་ལས་ནུས་ཤུགས་ལྡན་པ་ཆོས་ཉིད་རེད་འདོད།

    བཞི། སྤྲུལ་སྐུ་བསོད་བྷོ་མཆོག་ལོ་རྒྱུས་ཐོག་མང་ཚོགས་ནང་ཕེབས་ནས་ལས་འགུལ་འདི་རྩོམ་མཁན་དང་པོ་དེ་ཡིན། ཁོང་གིས་སྐུ་ལུས་མེར་སྲེག་གནང་རྗེས་མདའ་རུ་རྫོང་ཐོག་གི་གནས་སྟངས། དེ་སྔའི་མེ་ལྕེ་འབར་སའི་ས་ཁུལ་ཁག་ལས་ཛ་དྲག་ཆགས་ཡོད། བོད་མིས་ཚོས་ཀྱང་ཅི་གང་ལ་མ་འཛེམ་པར་ཉེན་རྟོག་ལས་ཁུངས་བཅོམ་བཅག་ལ་བཏང་ཞིང་། མེར་འཚིགས་ཟིན་པའི་ཁོང་གི་སྐུ་ཕུང་ལས་ཆ་ཤས་འགའ། བོད་མི་ཚོས་བྱིན་རྟེན་ཚུལ་གྱིས་ཉར་ཚགས་ལ་བླངས་ཡོད། གནས་སྟངས་འདི་གཉིས་ཀྱིས་ང་ཚོར་གསལ་བཤད་ཅིག་བྱིན་ཡོད།

    ལྔ། བླ་སྤྲུལ་ཚོ་སངས་རྒྱས་སེམས་དཔའི་རྣམ་སྤྲུལ་ཡིན་པ་ལྟར། ཁོང་རྣམ་པར་གཞན་ལས་ཁྱད་དུ་འཕགས་པའི་ཤེས་རབ་ཅིག་ཡོད། སྤྲུལ་སྐུ་བསོད་བྷོས་ཁོང་གི་ཁྱད་འཕགས་ཀྱི་ཤེས་རབ་དེ་སྐུ་ཚེ་མཐའ་མའང་རྒྱུན་འཁྱོངས་གནང་ཡོད། དགོན་པ་དང་རྒན་གསོ། དྭ་ཕྲུག་ཁང་གི་གཙང་སེལ་རྩིས་ཁྲ་མདུན་ཅོག་སྟེང་བཞག རི་མགོ་ནས་རླུང་རྟ་དང་བསྒྲགས་ཡིན་གཏོར། རྫོང་ཐོག་དང་ལས་ཁུངས་ཁག་གི་རྩིག་ངོས་ལ་སྦྱར་ཡིག་བཀྲམ། ད་དུང་བོད་མི་ཚོར་རྩ་ཆེའི་ཞལ་ཆེམས་བཞག་ནས་ལམ་སྟོན་བཀའ་སློབ་གནང་ཡོད། ཁོང་ཡང་བོད་མི་སྔ་མ་ཚོ་ནང་བཞིན་སྐད་འབོད་གསལ་ལ་མི་གསལ་བ་ཞིག་མཉམ་དུ་འབར་ན་འགྲིག་མོད། ཁོང་གིས་དེ་ཕན་གྱིས་མེད་པ་མཁྱེན་ཡོད།

    དྲུག ཚིག་རྙོག་བཞག་ནས་ཞུས་ན། བླ་སྤྲུལ་ཚོས་ལས་འགུལ་གང་ཞིག་ལ་འགན་བླངས་ནས་སྤེལ་ཚེ། ཤུགས་རྐྱེན་ནི་ང་ཚོའི་ཚོད་དཔག་ལས་བརྒལ་ཐག་ཆོད་ཡིན། བླ་སྤྲུལ་དེ་རིགས་ནི་དོན་ངོ་མས་བོད་མི་རིགས་དང་རྒྱལ་ཁབ་སྐྱོབ་མཁན། བོད་ཀྱི་བླ་མ་དང་། བོད་ཀྱི་ཡི་དམ། བོད་ཆོས་སྐྱོང་། བོད་ཀྱི་མཁའ་འགྲོ་ཡིན་ལ། བོད་མི་ཚོས་ཀྱང་ཇི་སྲིད་བོད་ཀྱི་བསྐལ་བ་མ་འཇིག་གི་བར་དུ། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལམ་ཆེན་ནང་ཁོང་རྣམ་སེམས་ཀྱི་ཕུགས་དང་། དད་པའི་རྩེ་རུ་བཀུར་ངེས་ཡིན།

    དུས་ཚོད་ཀྱི་དབང་གིས་ནད་པ་ལགས་ལ་དགོང་དྲོ་བསམ་ཚུལ་འབུལ་ཆོག་ཞུ།

    Reply
  6. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    བསྟན་འཛིན་ཆོ་རྒྱལ་ལགས་ལ།

    གཅིག རང་ལུས་མེར་སྲེག་གི་ལས་འགུལ་འདིར་ཚད་ལས་བརྒལ་བའི་སྙིང་སྟོབས་དང་དཀའ་ཐུབ་ཅིག་དགོས་དང་དགོས། དེ་ལྟར་ཀྱང་། ལས་འགུལ་འདི་བོད་ས་ཡོངས་ལ་ཁྱབ་ཐུབ་མིན། བློ་ཁོག་དང་དཀའ་ཐུབ་འདང་དང་མ་འདང་གི་ཐོག་ནས་ཡོང་བར་ང་ཡིད་ཆེས་མེད། འདི་གནས་ལུགས་དང་གནས་སྟངས་གཉིས་ཀར་མཐུན་པ་ཞིག་མ་རེད་འདོད།

    གཉིས། ང་ཚོས་ཧོད་དེ་སྒང་ལ་ལྟ་དུས། ད་བར་གྱི་མེ་ལྕེ་འདི་དག་ལ་ཚད་ལས་བརྒལ་བའི་སྙིང་སྟོབས་དང་དཀའ་ཐུབ་ཅིག་འཛོམས་ཡོད་པའི་འཆར་སྒོ་ཡོང་སྲིད། འདི་རྒྱུན་ལྡན་རེད། དོན་དངོས་སུ་མེ་ལྕེ་འདི་དག་བློ་སྟོབས་དང་དཀའ་ཐུབ་ཀྱིས་སྦར་མེད་པར། འུ་ཐུག་ཐབས་ཟད་དང་གསོན་རེ་བྲལ་བའི་ཚོར་ཤུགས་དྲགས་པོ་ཞིག་གིས་སྦར་ཡོད། མི་འུ་ཐུག་དུས་དྲན་རྒྱུ་གཅིག་ལས་མེད། དེ་ནི་ཤི་འཛིང་རང་ཡིན།

    གསུམ། དུས་ཚོད་ཀྱིས་མ་གཏོགས། ལྷ་ས་ནི་མེ་ལྕེ་འདི་སྦར་ཆོག་ཆོག་གི་ས་ཁུལ་དེ་ཡིན། འདིའང་ལྷ་སར་གནས་སྡོད་བྱེད་མཁན་དག་ལ་གཞན་ལས་ཀྱང་སྙིང་སྟོབས་ལྡན་ཞིང་། དཀའ་ཐུབ་ཅིག་ཡོད་པའི་ངོས་འཛིན་གྱི་ཐོག་ནས་མིན། རྒྱ་ནག་གི་མནར་གཅོད་སྡུག་རྩུབ་དང་དྲག་གནོན་སུན་བཙིར་དུས་ཚོད་ཉེར་བཞི་རིང་མྱོང་མཁན་དང་། ལྷ་ས་ཚོར་ཤུགས་ཅན་གྱི་ས་ཁུལ་ལྟེ་བ་དེ་ཡིན་པས་རེད། རྒྱ་ནག་གིས་ཀྱང་དེ་ཤེས་ཡོད། བར་སྐོར་ལམ་གྱི་སྐོར་སྲུང་བ་ཚོས་ད་ནི་མེ་གསོད་རླངས་རྫས་མེ་མདའ་བཞིན་འཁུར་མགོ་ཚུགས་ཡོད།

    བཞི། མེ་ལྕེ་གང་མང་ཞིག་རྔ་བ་ནས་འབར་བ་དེས། རྔ་བའི་གནས་སྟངས་ཧ་ཅང་གི་ཛ་དྲག་ནང་ལྷུང་ཡོད་པའི་གནས་ཚུལ་ཐོན་ཡོད། རྔ་བའི་བོད་མིའི་ཚོས་མེ་ལྕེ་འདི་མུ་མཐུད་ནས་འབར་མི་འབར་ལ་ཐེ་ཚོམ་མེད་པར། ད་ནི། དེ་རིང་སུ་ཚང་ནས་མེ་འབར་གྱི་རེད། སང་ཉིན་སུ་ཚང་ལ་འཁེལ་ཡོད་པ་རེད། གནངས་ཉིན་འདི་ཚང་ནས་ད་རུང་མ་སྦར་བས་ཁོ་ཚང་ཡིན་ཐག་ཆོད་རེད། སོགས་ལྟ་བུའི་གནས་སྟངས་ཤིག་ཤར་ཡོད་ལ། འདི་ལྟར་སོང་ཚེ་ཅུང་མ་འགོར་བར་རུ་སྡེ་ཚང་མ་ནས་མེ་རེ་སྦར་དགོས་པ་དང་། སྦར་མ་ཐུབ་པའི་མི་ཚང་དེ་སྡེ་གྲལ་མི་གྲལ་ནས་ཕུད་པའམ། མཐོང་ཆུང་ཁྱད་གསོད་མྱོང་མཁན་ཆགས་ཉན་ཡོད་པ་དེ་རེད།

    ལྔ། དེ་རིང་གི་རྔ་བའི་གནས་སྟངས་རིམ་བཞིན་བོད་ནང་གི་མེ་ལྕེ་འབར་ས་དང་མ་འབར་སའི་ས་ཁུལ་ཁག་ལ་མཆེད་ངེས་ཡིན། ཉིན་ཞིག་བོད་ནང་ལོགས་ནས་ཕྱི་ལོགས་དང་། དེ་ནས་རིམ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱ་ནག་གཞུང་ཚབ་མདུན་འབར་གི་རེད། སྐབས་དེ་དུས་ཀྱང་དཔའ་བློ་ཁོག་དང་དཀའ་ཐུབ་ལས། འུ་ཐུག་ཐབས་ཟད་དང་གསོན་རེ་བྲལ་བའི་སེམས་ཚོར་འོག་ནས་འབར་གི་རེད་འདོད།

    Reply
  7. ནད་པ says:
    ལོ་ 14 སྔོན།

    གསར་བརྗེ་སྐྱབས་ལགས། ང་ཚོས་གསར་བརྗེ་ཡག་པོ་བྱེད་དགོས་ན་ངེས་པར་དུའང་སྔོན་མའི་རྒྱ་ནག་གི་གསར་བརྗེའི་གནས་ཚུལ་ལ་སློབ་སྦྱོང་བྱས་ཏེ་བོད་དུ་བོད་ཀྱི་སྤྱི་ཚོགས་དང་མཚམས་པའི་གསར་བརྗེ་གསར་པ་བྱེད་ཐུབ་པ་དགོས།

    མི་ཉུང་ཤས་ཤིག་གིས་རང་སྲོག་བློས་བཏང་བྱས་པས་གསར་བརྗེ་ཟེར་བ་དེ་དུས་ནམ་ཡང་ཡོང་ཐབས་མེད།

    མའོ་ཙེ་ཏུང་གིས་གསུང་མྱོང་བའི་གསར་བརྗེ་དང་འབྲེལ་བའི་སྐད་ཆ་ཞིག་བཤད་ན། མའོ་ཡིས་ང་ཚོས་གསར་བརྗེ་ཟེར་བ་དེ་བྱེད་པར་ལས་སླ་པོ་ཞིག་ཁྱོན་ནས་མེད། ལྕོག་ཙེའི་སྟེང་དུ་ཚལ་སྣ་ཁ་ཁ་ཤས་ཞིག་བསྒྲིགས་ནས་མཉམ་དུ་ཟ་མ་བཟའ་རྒྱུའི་ལས་སླ་པོ་དེ་འདྲ་མེད།

    གསར་བརྗེ་ཟེར་བ་དེ་བྱེད་དགོས་ན་གྲལ་རིམ་འཐབ་རྩོད་འཁྲོད་དུ་ལོ་རབས་ལོ་རབས་བརྒྱུད་དེ་ཐ་ན་མི་རབས་བར་རྒྱུན་མི་ཆད་པར་མུ་མཐུད་རྣོ་ངར་ལྡན་པའི་ཐོག་ནས་གསར་བརྗེ་བྱ་གཞག་བསྒྲུབ་ཐུབ་པ་བྱེད་དགོས་ཞེས་གཏམ་བཤད་གནང་མྱོང་བ་རེད་ལྟར་རེད།

    ང་ཚོས་བོད་དུ་གསར་བརྗེ་ཞིག་བྱེད་དགོས་ན་བོད་ཀྱི་སེམས་ཤུགས་ཆེ་བའི་མི་བུ་འགའ་ཞིག་གིས་ཚེ་སྲོག་བཏང་ནས་ཡོང་ཐབས་གཏན་ནས་མེད། གསར་བརྗེ་བྱེད་པར་སྣེ་འཁྲིད་ཐུབ་མཁན་དགོས་ལ། གསར་བརྗེ་བྱེད་པར་དམངས་ཀྱིས་འཐབ་རྩོད་བྱེད་དགོས། གསར་བརྗེ་བྱེད་པར་རྣོ་ངར་ཐོག་ཤི་རྒྱུར་མི་སྐྲག་པའི་མཆོད་སེམས་བརྟན་པོ་དགོས། གསར་བརྗེ་བྱེད་པར་ལོ་ཟླ་མང་པོའི་རིང་དུ་མུ་མཐུད་དེ་རྒྱུན་གནས་ཐུབ་པ་བྱེད་དགོས།

    ད་དུང་གསར་བརྗེ་བྱེད་པར་འགོ་འཁྲིད་ཀྱི་ཀུན་སློང་དང་མི་དམངས་སྣེ་འཁྲིད་བྱེད་ཐུབ་པ་ཞིག་དགོས། འགོ་འཁྲིད་རང་ཉིད་ཀྱང་ཤི་རྒྱུར་མི་སྐྲག་པའི་མཆོད་སེམས་ཡོད་དགོས་ལ། ཉེན་ཁར་མི་འཛེམས་པའི་དཔའ་དང་བློ་སྟོབས་ཀྱང་དགོས།

    ང་ཚོའི་ད་ལྟའི་འགོ་འཁྲིད་གསར་པ་ཚོར་ངས་བལྟས་ནས་མི་དམངས་སྣེ་འཁྲིད་དེ་གསར་བརྗེ་བྱེད་ཐུབ་པའི་མཆོད་སེམས་དང་ཀུན་སློང་ཞིག་ཡོད་པ་མཐོང་མ་སོང་།

    Reply
  8. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    གསར་བརྗེ་སྐྱབས་ལགས་ཕེབས་ནས་མེ་ལྕེ་ཁྲོད་ཀྱི་གནས་སྟངས་འདི་ཡང་བསྐྱར་གླེང་སློང་བྱས་བའི་ཐད་ལ་ཤིན་ཏུ་བཀའ་དྲིན་ཆེ་ཞུ་བ་ལགས།

    ཉིས་སྟོང་བཅུ་གཅིག་གི་ལོ་རྙིང་འདི་བོད་གངས་ཅན་པའི་མི་རབས་ཕྱི་མ་རྣམས་ཀྱིས་ཤ་རུས་གྲུབ་པའི་ལུས་ཕུང་མེ་བསྲེགས་ནས་བསྐྱེལ་བ་རེད། དངངས་སྐྲགས། རེ་སྨོན། ཁ་ཆེམས། དགོས་འདུན་དང་ལྷན་དུ་སྐྱེལ་བ་རེད། སྲིད་དབང་སྒེར་གཅོད་པའི་གཉའ་མནོན་དང་མཐོང་ཆུང་། འཇིགས་སྐུལ་གྱི་འོག་ནས་འུ་ཐུག་སྟེ་ཆེས་མཐར་ཐུག་གི་ཐབས་ལམ་འདི། བོད་གངས་ཅན་པའི་དབུགས་རྟ་རྔ་ཙམ་པོ་གསོ་བྱེད་དུ་བསྡམས་པ་རེད། ཉི་མ་ཇི་སྲིད་དུ་སྐོར་དབྱིབས་ངང་ཤར་བ་དེ་སྲིད་དུ་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་བ་བཞིན། ནམ་གང་ཡིན་ལ་བོད་གངས་ཅན་པའི་རེ་འདུན་འགྲུབ་སླད་ཀྱི་བར་དུ་མེ་ལྕེ་འདི་ཆེ་ནས་ཆེ་རུ་མཆེད་རྒྱུ་རེད་དེ། པེ་ཅིན་སྲིད་གཞུང་གི་འདོད་པ་བཞིན་བོད་མི་ཡོད་ཚད་ཀྱིས་རང་ཉིད་ཁོ་ན་ཐལ་བའི་རྡུལ་དུ་གཏོང་མི་འདོད་པའི་བསམ་བློའི་རྨང་གཞི་ཞིག ཉིས་སྟོང་བཅུ་གཅིག་གི་ལོ་རྙིང་ནང་པེ་ཅིན་གཞུང་གིས་ལོག་འགྲེལ་ཁོ་ནའི་བྱ་བྱེད་དང་། རྒྱལ་སྤྱིའི་རྣ་བ་བཀག་ནས་བོད་དོན་ལ་ཉན་ཞིབ་བྱས་བའི་སྒང་ནས་བཞག་ཟིན་པ་རེད།
    མདོ་དོན་བོད་གངས་ཅན་པའི་སྤྱི་དོན་ཐད་དུ་འཆི་ཕོད་པའི་བླ་སྤྲུལ་གང་མང་ཞིག་བྱུང་རེ་སོང་ན། བཀའ་ཤག་ལྷན་རྒྱས་གཙོས་བའི་འུ་ཅག་ཡུལ་གྱར་བ་རྣམས་ལ་དབུགས་རྟ་རྔ་ཙམ་པོ་གསོན་ཐུབ་པའི་གདེངས་ཚོད་ཅི་ཞིག་ཡོད་དམ། གནས་སྐབས་སུ་འདི་ཙམ་ཀྱིས།

    Reply
  9. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    གསར་སྐྱབས་ལགས. གླུ་སྙན་གི་ར་འབྲུ་བཙོག་གི. ཟེར་བ་བཞིན
    གཟོས་ས་་་། ངས་ལྟས་ན་ལུས་མེ་འདི་བོད་ས་ཡོངས་ལ་ཁྱབ་མ་ཐུབ་ནི. ལས་འགུལ་རང་ངོས་ནས་ཧ་ཅང་ཚད་ལས་བརྒལ་བའི་སྙིང་སྟོབས་དང་དཀའ་ཐུབ་ཅིག་དགོས་པས་རེད་འདོད་དོ།།

    Reply
  10. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    སྦྲ་རོག་རོག་ལགས་སུ།

    གཅིག ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ལྷ་ས་ནས་བོད་ཁམས་ཡོངས་ལ་མཆེད་པ་རེད། འདིའི་གོ་དོན། ལོ་དེའི་བོད་མིའི་ངོ་རྒོལ་དང་པོ་ལྷ་ས་ནས་བྱས་པ་རེད་ཅེས་པ་མིན། གཙོ་བོ་ལོ་དེའི་ཞི་རྒོལ་ཆེན་མོའི་ཤུགས་རྐྱེན་གང་ནས་གང་ལ་མཆེད་པའི་དོན་ཡིན།

    གཉིས། ལྷ་སར་ངོ་རྒོལ་མ་བྱས་པའི་སྔོན་ལ་རེབ་གོང་ནས་ངོ་རྒོལ་བྱས་པ་རེད། འདི་བདེན་པ་རེད། ལོ་རྒྱུས་རེད། འོན་ཀྱང་། ངོ་རྒོལ་དེའི་ཤུགས་རྐྱེན་ས་གནས་རང་དང་ཉེ་འཁོར་ལ་མ་གཏོགས་ཁྱབ་ཐུབ་མེད། བརྒྱུད་ལམ་ཁག་ལའང་དེ་ཙམ་ཁྱབ་ཐུབ་མེད། འདི་ཡང་བདེན་པ་རེད། ལོ་རྒྱུས་རེད།

    གསུམ། ལྷ་སའི་ངོ་རྒོལ་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་ཐད་ཀར་དང་བསམ་བཞིན་བསྟན་པ་རེད། ཤུགས་ཆེན་པོས་བསྟན་པ་རེད། བོད་ཁུལ་ཙམ་མ་ཟད་རྒྱལ་སྤྱིའི་ནང་ཐོན་པ་རེད། ཞི་རྒོལ་རིམ་བཞིན་བོད་ཁམས་ཡོངས་ལ་མཆེད་པ་དང་། གནས་ཚུལ་འཛམ་གླིང་ནང་ཁྱབ་ཐུབ་པའི་ཤུགས་རྐྱེན་གཙོ་བ་འདི་ནས་ཡོང་བ་རེད།

    བཞི། གལ་སྲིད་ན་ནིང་གི་མེ་ལྕེ་བཅུ་གཉིས་ལས་འགའ་ཤས་ལྷ་ས་ནས་འབར་ཡོད་ཚེ། དེའི་དངོས་ཡོད་དང་གནས་ཚུལ་གཉིས་ཀྱི་ཁྱབ་ཤུགས་ད་ལྟའི་ཚོད་མིན་པ་ཁ་གསལ་ཐུབ་ཞིག་ཡིན།

    ལྔ། ངས་འདི་ནས་ཞི་རྒོལ་གྱི་ཤུགས་རྐྱེན་གང་ནས་གང་ལ་མཆེད་ཚུལ་བཤད་ཀྱིན་པ་ལས། ལྷ་སའི་ཡར་ལངས་ཡག་དང་། རེབ་གོང་གི་ཡར་ལངས་སྡུག་རབས་བཤད་ཀི་མེད། དེ་བོད་ཀྱི་ལས་འབྲས་རུང་བ་ཞིག་མིན།

     

    Reply
  11. སྦྲ་རོག་རོག། says:
    ལོ་ 14 སྔོན།

    གསར་བརྗེ་སྐྱབས་ལགས། དངོས་ནས་ཡག་པོ་ཞིག་བྲིས་ཡིན། ཐུགས་རྗེ་ཆེ།
    ཡིན་ནའང་༢༠༠༨་ལོའི་ཞི་རྒོལ་ཆེན་མོ་ལྷ་ས་ནས་བོད་ས་ཡོངས་ལ་ཆེད་པ་བདེན་པ་ཡིན་ནམ། གལ་ཏེ་ཡིན་ན། ལྷ་སའི་སྔོན་དུ་ཨ་མདོ་རེབ་གོང་ནས་ཡར་ལངས་བྱས་བ་ཏེ་ཅི་ལྟར་འབྲེལ་བཤད་རྒྱུ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese