མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ཨ་རིའི་གཞུང་ཚབ་ལའོ་ཁའེ་ཡིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཆེས་ཉམས་ཆག་ཀྱི་དུས་སྐབས་སུ་སླེབས་ཡོད་པ་ཐེར་འདོན་སྐྱོན་བརྗོད་བྱས་འདུག

ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གནས་སྡོད་ཨ་རིའི་གཞུང་ཚབ་ལའོ་ཁའེ་(Gary Locke)ལགས་ཀྱིས། ཨ་རིའི་ཕའེ་བྷི་སི་(PBS) བརྙན་འཕྲིན་ཁང་གི་བཅར་འདྲིའི་ལེ་ཚན་བརྒྱུད། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཉམས་ཆག་གི་དུས་སྐབས་སུ་བསླེབས་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཐེར་འདོན་སྐྱོན་བརྗོད་བྱས་འདུག ཡིན་ནའང་། རྒྱ་གཞུང་གིས་ཁོ་ཚོས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པའི་དམངས་གཙོ་དོན་གཉེར་བ་དང་མང་ཚོགས་རྣམས་ནི་ཁྲིམས་འགལ་ཉེས་ཅན་ཡིན་པར་སྙད་འཛུགས་ཀྱིས། དེ་ནི་འགྲོ་བ་མིའི་རང་དབང་ཐོབ་ཐང་གི་གནད་དོན་དང་འབྲེལ་བ་གང་ཡང་ཆགས་མེད་སྐོར་བརྗོད་འདུག 

གཟའ་ཟླ་བའི་དགོང་མོར་ཨ་རིའི་ཕའེ་བྷི་སི་བརྙན་འཕྲིན་ཁང་གི་ལེ་ཚན་གསོ་སྐྱོང་བ་ཪའོ་སི་(Charlie Rose) ལགས་ཀྱི་བཅར་འདྲིའི་སྐབས། ཨ་རིའི་གཞུང་ཚབ་ལའོ་ཁའེ་ལགས་ཀྱིས། ལོ་སྔོན་མར་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཧྥི་རི་ཁའི་ནང་དམངས་གཙོའི་ཡར་ལངས་ལས་འགུལ་བྱུང་སྟེ། སྒེར་གཅོད་སྲིད་གཞུང་ཁག་མགོ་རྟིང་བསློགས་པའི་གསར་བརྗེ་རྦ་རླབས་བྱུང་པའི་རྗེས། རྒྱ་གཞུང་དཔོན་རིགས་ཚོས་རྒྱ་ནག་ནང་དུའང་དེ་མཚུངས་ཀྱི་དམངས་གཙོའི་གསར་བརྗེ་འབྱུང་བར་བློ་འཚབ་སྐྱེས་ཏེ། གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཚང་མར་ཕྱོགས་ཡོངས་ནས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཐ་ན། དུག་ལྡན་ཟས་རིགས་ཐོན་རྫས་ཀྱི་རྐྱེན་པས་གཟུགས་གཞི་དང་འཚོ་བར་གནོད་འཚེ་ཐེབས་མཁན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་རྩོད་ལེན་པ་དང་ཁྲིམས་རྩོད་པ་དག་ཀྱང་འཇུ་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་སྟངས་ཐེར་འདོན་བྱས་ཡོད་པ་མ་ཟད།   ཁོང་གིས་ “ ༢༠༠༨ ལོའི་པེ་ཅིན་ཨོ་རྩེད་མ་ཚོགས་པའི་ཡར་སྔོན་དུ། རྒྱ་གཞུང་གིས་རྒྱ་ནག་ནང་བཀག་སྡོམ་སྲིད་ཇུས་ལྷོད་ཡངས་ཀྱི་རྣམ་པ་བསྟན་ཡོད་མོད། ཡིན་ནའང་། ཨོ་རྩེད་ཀྱི་རྗེས་ནས་བཟུང་བསྐྱར་དུ་འགྲོ་བ་མིའི་ཐོབ་ཐང་ཐད་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། ད་ལྟ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཉམས་ཆག་ཀྱི་དུས་སྐབས་སུ་བསླེབས་ཡོད་པ་མ་ཟད། ད་དུང་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་འདུག” ཅེས་བསྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིས་ཝེ་མིན་གྱིས་གསར་འགོད་ལྷན་ཚོགས་ཐོག རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལས་དོན་ཐད་ཕན་ཚུན་གྲོས་སྡུར་དང་མཉམ་འབྲེལ་གྱི་འདོད་མོས་ཡོད།   ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ལ་ཁ་གཡར་ཏེ་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་དང་རྒྱ་གཞུང་གི་སྲིད་ཁྲིམས་བདག་དབང་ལ་བར་ཆད་བཟོ་བར་ངོ་རྒོལ་ཡོད་སྐོར་བརྗོད་དེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཨ་རིའི་གཞུང་ཚབ་ཀྱི་སྐྱོན་བརྗོད་དེ་ནི་དོན་དངོས་དང་མཐུན་གྱི་མེད་ཚུལ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་བཞིན་ཡོད་སྐོར་སླར་ཡང་བསྐྱར་ཟློས་བྱས་ཡོད་པ་མ་ཟད། ལིག་ཝེ་མིན་གྱིས་ “ རྒྱ་གཞུང་གིས་མི་ཁ་ཤས་ལ་ཁྲིམས་ཆད་བཏང་བ་དེ་ནི། རྒྱ་གཞུང་གིས་སྨྲ་བརྗོད་རང་དབང་དང་ཆོས་ལུགས་རང་དབང་ཐོག་དྲག་གནོན་བྱས་པ་ཞིག་མིན་པར། མི་དེ་དག་གིས་རྒྱ་ནག་བཅའ་ཁྲིམས་རྡོག་རོལ་དང་ཁྲིམས་སྒྲིག་གི་ས་མཚམས་ལས་བརྒལ་བའི་བྱ་སྤྱོད་སྤེལ་བའི་རྒྱུ་མཚན་གྱིས་རེད།  དེར་བརྟེན་ཁོ་ཚོར་རང་བཞིན་གྱིས་ཉེས་ཆད་གཏོང་དགོས་ངེས་རེད་ལ། དེ་ནི་འགྲོ་མིའི་རང་དབང་ཐོབ་ཐང་དང་འབྲེལ་བ་གང་ཡང་ཆགས་མེད། ” སོགས་བརྗོད་འདུག

རྒྱ་རིགས་དམངས་གཙོ་ཚོགས་པ་གསར་འཛུགས་གནང་མཁན་ཀྲུའུ་ཡུས་ཧྥུ་ཡིས། ཉེ་ཆར་རྒྱ་ནག་ནང་དམངས་གཙོ་དོན་གཉེར་བ་ཁྲིན་ཝེ་དང་ཁྲིན་ཞིས་གཉིས་ཀྱིས་དྲ་རྒྱའི་སྟེང་རྩོམ་ཡིག་སྤེལ་བ་ལ་བརྟེན་ནས། རྒྱ་གཞུང་གིས་ལོ་ ༩ དང་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱིས་མཚོན་པའི། དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་པོ་འཇུ་བཟུང་བཙོན་འཇུག་གིས་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཐཱེན་ཝང་དྲ་ཚིགས་གསར་སྐྲུན་གནང་མཁན་དམངས་གཙོ་དོན་གཉེར་བ་ཧུང་ཆིས་ཀྱིས་ཀྱང་། ཨ་རབ་དམངས་གཙོའི་གསར་བརྗེ་ཡི་ཤུགས་རྐྱེན་འོག་རྒྱ་ནག་ནང་དམངས་གཙོའི་ལས་འགུལ་གྱི་འདུ་ཤེས་ཤུགས་ཆེ་རུ་གྱུར་ཡོད་པ་མ་ཟད། འདས་པའི་ལོ་གཅིག་ཙམ་གྱི་རིང་རྒྱ་ནག་ནང་གཞི་རྒྱ་ཆེ་བའི་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་ལས་འགུལ་ལྡབ་འགྱུར་གྱིས་མང་དུ་འཕེལ་ཡོད་པ་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འགྲོ་བ་མིའི་ཐོབ་ཐང་དེ་འགྲོ་བ་མི་ཀུན་ལ་ཐོབ་པར་ཤོག །

    Reply
  2. མྱི་ནག་ཚང་། says:
    ལོ་ 15 སྔོན།

    ད་དུང་མགོ་འཁོར་ནས་སྡོད། ་་་་་་་

    Reply
  3. ནད་པ says:
    ལོ་ 15 སྔོན།

    རྒྱ་ནག་མི་དམངས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ཞིག་མེད་པ་དེ་ནི་ཧ་ཅང་གི་སེམས་སྐྱོ་དགོས་པའི་གནས་སྟངས་ཞིག་ཆགས་ཡོད།

    རྒྱ་ནག་ནི་འཛམ་གླིང་ནང་དུ་མི་འབོར་དུང་ཕྱུར་བཅུ་བཞི་ཙམ་ཡོད་པའི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཡིན་སྟབས། འགྲོ་བ་མིའི་སྤྱི་འབོར་གྱི་ཆ་ནས་བརྗོད་ན་འཛམ་གླིང་སྤྱིའི་མི་འབོར་གྱི་རྒྱ་ཆའི་ལྔ་ཆ་གཅིག་ཙམ་ཟིན་གྱིན་ཡོད།

    ད་དུང་དྲག་པོའི་བཙན་གནོན་དང་དམ་དྲག་གིས་རྩུབ་སྤྱོད་རིགས་སྤེལ་རྒྱུ་མང་དྲགས་ན་སྔ་ཕྱི་མ་གཏོགས་རྒྱ་ནག་ནང་དུ་གསར་བརྗེའི་རྦ་རླབས་གཅིག་འཕྱུར་ངེས་ཡིན།

    མའོ་ཙེ་ཏུང་གིས་བཤད་པ་ལྟར་ན་་་་་ང་ཚོའི་ཏང་ནི་སྐྱེ་མ་ཐག་པའི་ཕྲུ་གུ་ལྟ་བུ་ཞིག་མ་ཡིན་ལ། ང་ཚོའི་ཏང་ནི་རྒས་པའི་མི་རྒན་ཞིག་ཀྱང་མ་ཡིན། ང་ཚོའི་ཏང་ནི་ན་གཞོན་དར་མ་ཤ་ཁྲག་རྒྱས་པ་ལྟ་བུ་ཞིག་ཡིན་མོད་ལོ་རབས་བརྒྱ་ཕྲག་ལྷག་ཙམ་འདས་རྗེས་སླར་ཡང་ང་ཚོའི་ཏང་ཟེར་བ་དེ་ཐོར་ཞིག་ཏུ་སོང་ནས་མེད་པར་འགྱུར་ངེས་རེད། དེ་ནི་འཛམ་གླིང་འགྲོ་བ་མིའི་འཚོ་གནས་འཁྲོད་ཀྱི་གྲལ་རིམ་གྱི་འཐབ་རྩོད་གཅིག་དང་བྱ་དངོས་ཆོས་ཉིད་གཅིག་ཡིན་་་་ཞེས་གསུངས་མྱོང་ལྟར་རེད།

    དེར་བརྟེན་རྒྱ་ནག་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ལའང་འགྲོ་བ་མིའི་ཐོབ་ཐང་དང་བདེ་སྐྱིད་ཞིག་གི་འཚོ་གནས་ཞིག་དགོས་ངེས་ཡིན་སྟབས། གསར་བརྗེའི་རྦ་རླབས་ནི་རྒྱ་མཚོའི་ཆུ་རླབས་དང་གཅིག་མཚུངས་ཡིན་ཏེ། ད་ནང་ཞི་འཇམ་ཡིན་གྱིན་ལ་དོ་ནུབ་རྦ་རླབས་དྲག་པོ་རབ་ཏུ་འཕྱུར་བ་ལྟར་རེད།

    བོད་རིགས་སོགས་གྲངས་ཉུང་གི་མི་རིགས་སྤུན་ཟླ་རྣམས་ཀྱང་སེམས་ཤུགས་ཆགས་དགོས་པའི་རྒྱུ་མཚན་མེད། འོན་ཀྱང་དུས་ཡུན་ངེས་ཅན་ཞིག་གི་རིང་ངང་སྒུག་བྱེད་དགོས།

    Reply
  4. བསྟན འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    Gary Locke ཡིན་ནའང་། རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་དམངས་གཙོ་དོན་གཉེར་བ་དང་མང་ཚོགས་རྣམས་ནི་ཁྲིམས་འགལ་ཉེས་ཅན་ཡིན་པར་སྙད་འཛུགས་ཀྱིས། དེ་ནི་འགྲོ་བ་མིའི་རང་དབང་ཐོབ་ཐང་གི་གནད་དོན་དང་འབྲེལ་བ་གང་ཡང་ཆགས་མེད་སྐོར་བརྗོད་འདུག
    གོང་གི་འདི་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
    མདོག་ཉེས་བ་ཞིག་ལ། བོད་དང་རང་སྲེག་པ་ཚོའི་ཐད་ནས་གང་ཡང་གསུང་མེད་པ་འདྲ། དེ་འདྲ་ཡིན་ན། གླེང་འོས་མ་གླེང་བར་དསྐྱོན་བརྗོད་ཡོད་དོ།།

    Reply
  5. ཤིང་ལོ། says:
    ལོ་ 15 སྔོན།

    རྒྱ་ནག་གིས་ཁྲིམས་འགལ་བྱས་སོང་ཟེར་མཁན་ཚོར་དངོས་ཡོད་དང་མཐུན་པའི་ཁྲིམས་ལུགས་བཤད་དེ་སློབ་གསོ་དང་ཀུན་མཐུན་གྱི་ཐོག་ནས་མི་རིགས་སྐྱོང་དགོས་པ་ལས་འགོ་ནས་མཇུག་བར་གཅར་རྡུང་བཙོན་འཇུག་བྱས་ན་སྐྱོན་མ་རྗོད་རང་འབབ་རེད།

    Reply
  6. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    ཚེ་སྲོག་འདྲ་མཉམ་ཡིན་པའི་དོན་དངོས་དེའི་སྟེང་ནས། མི་རིགས་ཉམས་ཆུང་ཞིག་གི་གནས་སྟངས་ཐད་ནས། གནས་ལུགས་དང་རྒྱུ་མཚན་ལྡན་པའི་ཁ་ཞིག་གྲག་པར་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese