མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཅིན་ཐའོ་ལ་ཕུལ་བའི་གནས་འཕྲིན།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་བརྒྱབ་ཏེ་བོད་མི་དམར་གསོད་ཀྱི་ཛ་དྲག་གི་གནས་ཚུལ་རིམ་པ་བྱུང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མཚན་ཐོག་ཏུ་གནས་འཕྲིན་ཞིག་ཕུལ་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཕུལ་བའི་གནས་འཕྲིན་ནང་བཀོད་དོན། དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར། ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་སེམས་འཚབ་དང་ཧ་ཅང་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཡིན་པ་སྐུ་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཏན་ཏན་ཤེས་ཀྱི་རེད། འོན་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་ནས་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་ལ་རིན་ཐང་གང་ཡང་མ་བརྩིས་པ་ཞིག་ཡིན་པ་གདོན་མི་ཟ། སྐུ་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་ཆ་ནས་མི་རིགས་ཕན་ཚུན་དབར་འཆམ་མཐུན་བསྐྲུན་རྒྱུ་དེ་རྒྱལ་ཁབ་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་ཞིག་ཡིན་པ་བརྗོད་ཀྱང་སྐུ་ཉིད་ཀྱིས་ངག་ནས་བརྗོད་པ་དང་དོན་དངོས་ལག་ལེན་གཉིས་གོ་ལྡོག་ཡོད། འཆམ་མཐུན་ནི་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཀྱི་ཐོག་ནས་བསྐྲུན་དགོས་པ་ལས་དྲག་གནོན་དང་བཙན་དབང་འོག་ཡོང་ཐབས་མེད་པ་ནི་སྐུ་ཉིད་ཀྱིས་གསལ་པོར་མཁྱེན་ངེས། ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པར་བརྟེན། ད་ཆ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཅིག་དང་། རྒྱལ་སྤྱིའི་ནང་སྟོབས་ཤུགས་ལྡན་པ་ཞིག་ཆགས་སྟབས་རྒྱ་ནག་དེ་བཞིན་དེང་སྐབས་གཞན་གྱི་ཚོར་བ་དང་བདེ་དོན་ལ་བསམ་ཤེས་གང་ཡང་མེད་པའི་ཁེང་དྲེགས་ཅན་གྱི་འདྲེ་སྲིན་ལྟ་བུར་གྱུར་ཡོད། དཔལ་འབྱོར་ཡར་རྒྱས་རྐྱང་པས་བདེ་སྐྱིད་བསྐྲུན་མི་ཐུབ་ཅིང་། ཡར་རྒྱས་ནི་འགྲོ་བ་མིའི་རང་དབང་དང་ཆེ་མཐོང་ལ་སྲུང་བརྩི་ཞུ་རྒྱུ་དང་ལྷན་དུ་མཉམ་བསྐྱོད་ཐུབ་དགོས། ཞེས་བཀོད་འདུག

ཡང་གནས་འཕྲིན་ནང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ང་ཚོར་འདྲ་མཉམ་ཐོག་ལྟ་གི་མི་འདུག་ཅེས་གུང་ཁྲན་གྱི་འགོ་ཁྲིད་ཚོས་ཡང་ཡང་སྡུག་སྐད་ཤོར་བ་ང་ཚོས་གོ་ཐོས་བྱུང། སྡུག་སྐད་དེ་ལྟར་རྒྱག་པར་ཐོག་མར་ཁྱེད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཚོར་འདྲ་མཉམ་ཐོག་ལྟ་བཞིན་ཡོད་དམ་ཞེས་ང་ཚོས་དྲི་བ་ཞིག་འབུལ་རྒྱུ་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་ལྟ་གྲུབ་སྨྲ་བ་ཁུང་ཙིས།  རང་གིས་བྱེད་འདོད་མེད་པ་གང།  གཞན་ལ་བཙན་འགེལ་མི་བྱེད་དོ། ཞེས་པ་དེ་ལུང་འདྲེན་བྱེད་བཞིན་ཡོད་ནའང་དོན་དངོས་སུ་ཡུ་གུར་མི་རིགས་དང་བོད་རིགས། སོག་པོ།  མན་ཇུའི་མི་རིགས་ལ་ལྟ་གྲུབ་དེ་ལག་བསྟར་བྱེད་ཀྱི་ཡོད་དམ། འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆེ་མཐོང་ཐོབ་དགོས་ན་གཞན་ལ་གུས་བརྩི་ཞུ་དགོས་པ་ལས་དྲག་ཤུགས་ཀྱིས་ཆེ་མཐོང་ཐོབ་མི་ཐུབ། དེར་བརྟེན་བཟང་སྤྱོད་ཀྱི་སྟོབས་ཤུགས་ཐོབ་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་རྩོད་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཐབས་ལམ་དེ་ནི་རྒྱ་ནག་རྒྱལ་ཁབ་དང་བོད་མི་རིགས་ཀྱི་གཙོས་མི་རིགས་གཞན་ཚོར་ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་རྒྱ་ནག་དང་ཁ་བྲལ་འགྲོ་མི་དགོས་པར་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་རྒྱ་བོད་མི་རིགས་གཉིས་སྨན་གྱི་ཕུགས་བསམ་ལྡན་པའི་ཐབས་ལམ་ལག་བསྟར་བྱས་ཡོད་ནའང། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་གཞི་རྩ་མེད་པར་གང་བྱུང་ཁག་དཀྲིས་ཀྱིས་གྲོས་མོལ་ལམ་ལྷོང་ལྡན་པ་ཞིག་དང་རྒྱུན་སྲིང་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་མ་བྱས་པའི་ཁར་བོད་ཀྱི་གནད་དོན་དེ་རང་བཞིན་གྱིས་ཡལ་འགྲོ་རྒྱུའི་རེ་སྟོང་ཞིག་འཆང་བཞིན་ཡོད། འོན་ཀྱང་ད་ཆ་བོད་མིའི་སྙིང་སྟོབས་ནི་ནམ་ཡང་ཞུམ་པ་མེད་པ་དང་ཕྱོགས་གཉིས་གས་མོས་མཐུན་ཡོད་པས་ཐག་གཅོད་ཀྱི་ཐབས་ལམ་ཞིག་མ་རྙེད་བར་དུ་རྒྱུན་མཐུད་གནས་རྒྱུ་ཡིན་པ་ད་གཟོད་ཁྱེད་རྣམ་པས་ཤེས་ཚོད་ཡིན། བོད་མི་ཚོས་དུས་རྟག་ཏུ་རང་གི་མངོན་འདོད་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ཐོག་ནས་གསལ་སྟོན་གྱིས་ཞི་བའི་ངོ་རྒོལ་བྱས་པ་དེར་བསམ་ཤེས་བྱ་རྒྱུའི་ཚབ་ཏུ་གུང་ཁྲན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་དྲག་གནོན་བེད་སྤྱོད་ བྱེད་རྐྱང་བྱས་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་གང་ཡང་མེད་པར་རང་དབང་ཅན་གྱི་དངོས་དོན་རྟོག་ཞིབ་པ་ལ་བཀག་འགོག་བྱེད་བཞིན་ཡོད།  ཅེས་བཀོད་ཡོད་པ་དང་།

མཐའ་མར་གནས་འཕྲིན་ནང་། རྒྱ་བོད་མི་རིགས་གཉིས་པོའི་ཕུགས་རྒྱང་གི་ཁེ་ཕན་ལ་དམིགས་ཏེ་སྐུ་ཉིད་ལ་གཤམ་འཁོད་དོན་གནད་ཁག་ལག་བསྟར་གནང་རྒྱུར་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན།
༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་ཞི་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས།
༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས།
༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།
༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་ བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་ དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།
༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ ཚོར་ཁེ་ཕན་ཡོད་པ་བྱེད་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློ་ བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་ གཏོང་དགོས།
༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས།
ད་ལྟའི་དུས་འདིར་གཅིག་ལ་གཅིག་རྟེན་དགོས་པའི་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་ཤིག་ཆགས་ཟིན་པ་དེར་གཞིགས་པའི་རྒྱ་ནག་ནང་ཞི་བའི་ཐོག་ནས་བཅོས་བསྒྱུར་བཏང་སྟེ་མི་མང་གི་རང་དབང་དང་ཆེ་མཐོང་ལ་བརྩི་བཀུར་ཞུ་དགོས་པའི་དུས་ལ་བབ་ཡོད། དེ་ལྟར་མ་བྱུང་ཚེ་མི་རིང་བར་རྒྱ་ནག་རང་ཉིད་ཀྱི་བྱེད་ཕྱོགས་མ་འགྲིགས་པའི་ རྐྱེན་གྱིས་རྒྱ་ནག་བྱུང་རབས་ལོ་རྒྱུས་ཁྲོད་ཆེས་བློ་ཕམ་ཆེ་ཤོས་ཀྱི་གྱོང་གུན་ ཕོག་པའི་དུས་ཚོད་ཤར་རྒྱུ་ཡིན་པ་མ་ཟད། གྱོང་གུན་དེ་ནི་རྒྱ་ནག་རང་ཉིད་ཀྱིས་བཟོས་པ་ཞིག་ཆགས་ངེས་ཡིན།
གོང་འཁོད་བསམ་ཚུལ་དེས་སྐུ་ཉིད་དང་སྐུ་ཉིད་ཀྱི་བློ་མཐུན་ཚོ་རྨོངས་གཉིད་ལས་སད་དེ་དོན་དམ་གྱི་དཀའ་ངལ་རྣམས་འཕྲལ་དུ་ཞི་བའི་ལམ་ནས་སེལ་རྒྱུར་ང་ཚོས་སེམས་གཏིང་ནས་རེ་བ་འཆང་བཞིན་ཡོད། དེ་ལས་ལྡོག་སྟེ་དཀའ་ངལ་རྣམས་དྲག་གནོན་གྱིས་སེལ་ཐབས་བྱས་ཚེ་ཕྱིས་སུ་རྗེས་འབྲས་ངན་པ་གང་བྱུང་བའི་འགན་ཁག་ཡོངས་རྫོགས་སྐུ་ཉིད་དང་སྐུ་ཉིད་ཀྱི་སྲིད་གཞུང་ཉག་ཅིག་ལ་དཀྲི་རྒྱུ
། ཞེས་བཀོད་འདུག

གནས་འཕྲིན་འདི་ཐོག་མར་དབྱིན་ཡིག་དང་རྒྱ་ཡིག་གི་ལམ་ནས་བྲིས་ཡོད་པ་དང་། ཕྱིས་སུ་བོད་ཡིག་ཐོག་ཕབ་བསྒྱུར་བྱས་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༡༣ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

མཆན། 3

  1. ཤར་མདའ། says:
    ལོ་ 14 སྔོན།

    ད་དུང་རྒྱ་ནག་གཞུང་གི་དྲང་བདེན་མིན་པས་འོག་བོད་མི་གང་མང་ཞིག་བཙོན་འོག་ཏུ་བཅུགས་ཡོད་པ་མྱུར་དུ་གློད་དགོས་པ་དང་༧གོང་ས་མཆོག་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་འབྲེལ་ལམ་ཕྱེ་དགོས་པ་སོགས་གསལ་བོ་བརྗོད་དགོས་པ་མང་དག་ཅིག་མི་འདུག་གམ།

    Reply
  2. རྩེ་སྐར། says:
    ལོ་ 14 སྔོན།

    འདི་ལྟར་ཡིག་རིགས་མང་པོའི་སྒང་བྲིས་ཏེ་དྲ་ལམ་ཤ་ཁས་ལ་ཤོམ་སྟོན་ལྟ་བུ་ཞིག་བྱས་ནས་ཅི་ཕན། གཙོ་བོ་དེ་ཐབས་བརྒྱ་ཇུས་སྟོང་གིས་འཕྲོད་ས་དངོས་དེ་ལ་འཕྲོད་དགོས་རྒྱུ་དེ་གལ་ཆེན་རེད། དེ་མིན་ས་སྟོང་ལ་བེའུ་སྟོང་བརྒྱབ་པ་དང་ཆ་རེད།
    སྤྱིར་བཏང་ནས་བོད་དོན་ལག་ལེན་དངོས་ཀྱི་ཐོག་ནས་བསྒྲུབ་དགོས་རྒྱུ་ལས་ཡིག་ཐོག་གི་སྐད་ཆ་ལྟ་བུ་འུར་སྒྲོགས་དང་ཤོམ་སྟོན་ལྟ་བུ་བྱས་ནས་བསྡད་ན་ཅི་ཕན། ཁོ་བོའི་བསམ་པར་ཚུལ་འདི་ནི་ང་ཚོའི་བཙམ་བྱོལ་སྤྱི་ཚོགས་ནང་ད་ལྟའི་བར་གོང་བཀའ་སྤྱི་ནས་བཟུང་མང་མང་གི་ཚུལ་དུ་ཡོད་པར་འདོད་ཡོད། བཤད་ཉེས་ཤོར་ཡོད་ན་དགོངས་དག བསམ་ཚུལ་མ་གསང་བར་གླེང་བ་ཡིན།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་དུང་སྐབས་བབ་དང་འབྲེལ་བའི་དོན་ཚན་གཉིས་ཁ སྣོན་ཞུ་ན།
    ༡༽ད་སྔ་སྐུ་གཤེགས་པའི་བོད་མི་རིགས་ཀྱི་རྒྱལ་གཅེས་ཞི་རྒོལ་བ་དང་འཐབ་རྩོད་པ་ཚང་མ་དཀར་འདོན་གྱིས་གཞིས་ལུས་མི་དམངས་ཀྱི་རེ་འདུན་ངོ་མར་བརྩི་སྲུང་བྱེད་དགོས།
    ༢༽བོད་སོག་ཡུ་གུར་རྒྱ་དང་བཅས་པའི་དམངས་གཙོ་དོན་གཉེར་གྱི་ཆབ་སྲིད་དཔྱད་བརྗོད་པ་དང་རྩོམ་པ་པོ། གསར་འགོད་པ་སོགས་ཀྱི་རང་དབང་སྨྲ་བརྗོད་ལ་གུ་ཡངས་དང་བསམ་ཤེས་ཀྱིས་དངོས་ཐོག་བདེན་འཚོལ་གྱི་བསྐྱར་ཞིབ་ཐེངས་གཅིག་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese