མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོ་ཁྲིམས་གཏུག་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་མི་མང་ལ་བསམ་ཚུལ་བསྡུ་རུབ་སྐབས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྣེ་འཁྲིད་དེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་དགོས་པའི་བསམ་ཚུལ་བརྗོད་ཡོད།   

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བཞུགས་སྒར་ཉིན་མོ་སློབ་གྲྭའི་ནང་ས་གནས་གཞོན་ནུ་དང་ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གྱིས། བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་སྐུ་པར་འགྲེམས་སྟོན་དང་བསམ་ཚུལ་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། དེ་ནི། གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་གྱིས་འདས་པའི་ལས་འགུལ་རིམ་པའི་ཐོག་མི་མང་ལ་བསམ་འཆར་བསྡུ་རུབ་དང་། བོད་ནང་གི་ཛ་དྲག་པའི་གནས་སྟངས་ལ་གཞིག་ཏེ་མ་འོངས་ལས་འགུལ་སྤེལ་ཕྱོགས་ཐད་མི་མང་ནང་བསམ་ཚུལ་གང་འདྲ་ཡོད་མེད་ཤེས་རྟོགས་བྱ་ཆེད་ལ་དམིགས་པ་ཞིག་ཡིན་འདུག   

ཐེངས་འདིའི་ལས་འགུལ་ཐོག་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་ ༢༠ ལྷག་འདུ་འཛོམས་གནང་ཡོད་པ་དང་། སྐབས་དེར་མི་ ༡༠ ལྷག་གི་བསམ་ཚུལ་བརྗོད་པའི་ནང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་རིམ་པའི་སྐབས་བཙན་བྱོལ་ནང་མར་མེ་ཁྲོམ་སྐོར་དང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཙམ་ལས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིིའི་གྲོས་ཚོགས་ཁག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བོད་ནང་གི་བོད་མིའི་བློས་གཏོང་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་ཀྱི་ནུས་པ་བཏོན་ཐུབ་མེད་སྟབས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མི་མང་གི་སྣེ་འཁྲིད་དེ་རྒྱལ་སྤྱིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ཚང་མའི་མདུན་དུ་ཟས་བཅད་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར་བྱ་རྒྱུ་དང་། རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་ཡོངས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཡིག་ངག་གཉིས་ཐོག་ནས་ཕུལ་དགོས་པའི་བསམ་ཚུལ་བཏོན་སོང་།   

དགེ་འདུན་ལགས་ཀྱིས་བརྗོད་དོན། “ ལོ་སྔ་ཕྱིར་བོད་ནང་བོད་མི་ ༢༢ ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། ང་རང་བོད་ནས་ཡོང་མཁན་ཞིག་ཡིན་པའི་ཆ་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བསམ་བློ་གཏོང་གི་ཡོད་པ་མ་ཟད། གནས་ཚུལ་རིམ་པ་བྱུང་སྐབས་སེམས་ནང་བཟོད་དཀའ་བའི་ན་ཟུག་དང་མིག་ཆུ་ཤོར་ཡོང་གི་འདུག  ད་ལྟའི་གནས་སྟངས་ང་ཚོ་བོད་ནང་འཚར་ལོངས་དང་འཚོ་བ་རོལ་མྱོང་མཁན་ཚོ་ལས་གཞན་རྣམས་ལ་ཚོར་སྣང་གང་ཡང་མེད་པའི་སྣང་བ་ཤར་འོང་གི་འདུག གནས་སྟངས་འདི་འདྲའི་སྐབས་སུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ནམ་རྒྱུན་མེར་མེ་ཁྲོམ་སྐོར་དང་གདུང་སེམས་མཉམ་སྐྱེད་གཅིག་པུས་ཕན་གྱི་མ་རེད།ང་ཚོས་ངེས་པར་དུ་མགོ་བཀའ་ཁྲི་ནས་དྲུང་ཆེ་བར་གྱི་གནད་ཡོད་ཚང་མས་རྒྱལ་སྤྱིའི་ཐོག་ཧ་གོ་ཐུབ་པའི་ལས་འགུལ་ཞིག་གི་སྣེ་འཁྲིད་དགོས་པ་རེད།མི་མང་ལ་མཚོན་ནའང་།བོད་པ་མི་རེ་ངོ་རེར་འགན་ཡོད་སྟབས། ཚང་མས་མཉམ་རུབ་བྱ་དགོས་པ་རེད།བོད་ཀྱི་འཐབ་རྩོད་དེ་བོད་ནང་གི་བོད་མི་ཁོ་ནའི་ལས་འགན་མ་རེད།ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོར་ད་ལྟའི་བར་བོད་ནང་ནས་བརྡ་ལན་མང་པོ་སྤྲད་ཡོད་པ་རེད།ང་ཚོའི་ངོས་ནས་ཁོང་ཚོའི་རེ་བ་མཁྱེན་པའི་ཐོག་ངེས་པར་དུ་ཚ་ཚ་འུར་འུར་གྱི་ལས་འགུལ་སྤེལ་རྒྱུ་དང་ལས་འགུལ་དེ་ཡང་ཉིན་གཅིག་རེ་ཙམ་མིན་པར་རྒྱུན་མཐུད་ཐུབ་པ་ཞིག་གནང་དགོས།“ ཞེས་བརྗོད་བྱུང་།

ཨམ་རྗེ་ཐོགས་མེད་ལགས་ཀྱིས། “ ང་རང་གི་ངོས་ནས་བོད་ནང་བོད་མི་ཚོས་ལས་འགུལ་རིམ་པར་སྤེལ་བཞིན་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོར་ཞུ་འདོད་པ་ནི། ང་ཚོས་ག་དུས་ཡིན་ཡང་བོད་ནང་གི་ལས་འགུལ་རིམ་བྱུང་སྐབས་གཙུག་ལག་ཁང་བར་མར་མེ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་རེད། ང་ཚོའི་ས་གནས་ཆུང་ཆུང་འདིར་ལས་འགུལ་སྣ་གཅིག་སྤེལ་བསྡད་པ་ཡིན་ན་འགྲིག་གི་མ་རེད། ལྡི་ལི་དང་ས་གནས་གཞན་ལ་འགྲོ་དགོས་པ་རེད། ངས་ནམ་རྒྱུན་བཙན་བྱོལ་ནང་ཡོད་པའི་ཚོགས་པ་ཁག་གིས་རླབས་ཆེན་གྱི་ལས་ཀ་བསྒྲུབ་ཐུབ་ཀྱི་མ་རེད་ཅེས་བཤད་བཞིན་ཡོད། རྒྱུ་མཚན་ཅི་ཡིན་ཞེ་ན། རླབས་ཆེན་གྱི་ལས་འགུལ་སྤེལ་བ་ལ་མི་བློ་སྟོབས་ཅན་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་སྲོག་བློས་གཏོང་ཐུབ་མཁན། ཡོད་ཚད་ཕུལ་ཐུབ་མཁན་དགོས་པ་རེད། ད་ལྟའི་དུས་འདིར་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་སོགས་ཚོགས་པ་གཞན་དག་ཀྱང་ཉལ་བསྡད་རྒྱུ་ཡོད་པ་མ་རེད། ཚང་མས་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག  དམིགས་ཡུལ་གཅིག་གི་ཐོག་ནས་འཆར་གཞི་ལྡན་པའི་ལས་འགུལ་ཐོག་མཉམ་རུབ་བྱ་དགོས་པ་རེད། དེ་མིན་ང་འཚེ་མེད་ཞི་བ་ཡིན་དང་རང་ཐག་རང་གཅོད་ཡིན་སོགས་བཤད་བསྡད་ན་དུས་ནམ་ཡང་འགྲུབ་ཐབས་ཡོད་པ་མ་རེད། ང་ཚོས་ནམ་ཡིན་ཡང་འཚེ་མེད་ཞི་བ་དང་གདུང་སེམས་མཉམ་སྐྱེད་ཙམ་གྱིས་ཡོང་གི་མ་རེད། གདུང་སེམས་མཉམ་སྐྱེད་ཅེས་པ་དེ་བོད་པ་ཚོ་ཕྱི་རྒྱལ་གྱི་མི་སེར་ཆགས་རྗེས་གཞན་གྱི་མི་སེར་གྱི་ཐོབ་ཐང་བཟུང་སྟེ་བོད་པའི་ལས་འགུལ་ནང་ཞུགས་ཐུབ་ཀྱི་མེད་པའི་དབང་གིས་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་པ་རེད། མ་འོངས་པར་ང་ཚོས་འདས་པའི་ལས་འགུལ་ཁག་གི་གྲུབ་འབྲས་ལ་ཕྱིར་ལྟོས་དང་ཆིག་སྒྲིག་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་དགོས། ”ཞེས་བརྗོད་བྱུང་།

ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས། “ ང་ཚོས་ནམ་རྒྱུན་བོད་ནས་མེ་བཏོན་ཐུབ་པ་ཡིན་ན་བཙན་བྱོལ་ནང་དུ་བ་ཐོན་ཐུབ་དགོས། ཞེས་བཤད་ཀྱིན་པ་ལྟར། ད་ལྟ་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་ལྟད་མོ་བལྟ་བའི་དུས་མིན་པར་དབྱིན་ཇི་ཤེས་ཀྱི་ཡོད་ཟེར་མཁན་དང་དེང་དུས་ཀྱི་ཤེས་ཡོན་ཟེར་མཁན། རྒྱ་ཡིག་ཤེས་གྱི་ཡོད་ཟེར་མཁན་ཚོས་བེད་སྤྱོད་གཏོང་བའི་དུས་ལ་བསླེབས་འདུག ང་ཚོའི་ངེས་པར་དུ་བོད་ནང་གི་རང་ལུས་མེར་བསྲེགས་བྱས་པ་དག་དང་། གུང་ཁྲན་ཏང་གིས་མེ་མདའི་འོག་བགྲོངས་ཟིན་པ་དག་དཔང་རྟགས་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་ཁང་དུ་ཧུའུ་ཅིན་ཐའོ་སོགས་དམར་ཤོག་གི་དཔོན་རིགས་ཚོ་ཞུ་གཏུག་རྒྱག་དགོས་པ་རེད། དེ་མིན་པར་ལག་ལ་རྒྱལ་དར་བཟུང་བ་དང་མར་མེ་ཁྲོམ་སྐོར་བྱས་པ་སོགས་ཀྱིས་ཁུངས་འཁྱོལ་ཐུབ་ཀྱི་མ་རེད། ང་ཚོས་ཚོར་སྣང་ཡོད་པའི་ཐོག་ཚ་ཚ་འུར་འུར་གྱིས་ལས་ཀ་བྱ་དགོས་ཀྱི་འདུག ཉེ་ཆར་བཀའ་ཁྲི་མཆོག་ཡོབ་རུབ་ཁག་ཏུ་ཁྱབ་བསྒྲགས་ཧ་ཅང་ཡག་པོ་བྱུང་ཡོད་པ་ལྟར། མུ་མཐུད་ཨ་རའི་གྲོས་ཚོགས་དང་ཡུ་རོབ་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཡིག་ངག་གཉིས་ཐོག་ནས་གནས་ཚུལ་སྙན་སེང་ཞུས་དགོས་པ་རེད། བོད་ནང་ལས་འགུལ་རིམ་པ་སྤེལ་ཡང་། ང་ཚོ་འདི་ནས་སྐབས་རེར་ལས་འགུལ་སྤེལ། སྐབས་རེར་ལས་འགུལ་སྤེལ་མཚམས་བཞག་པ་དེ་ཡག་པོ་མ་རེད། ང་ཚོས་ངེས་པར་དུ་ང་ཚོ་བཙན་བྱོལ་ནང་ཡོང་དགོས་པའི་རྒྱུ་མཚན་ཤེས་པའི་ཐོག བོད་པ་མི་རེ་ངོ་རེས་འཆི་གསོན་གྱི་འཐབ་རྩོད་བྱ་དགོས་པའི་དུས་ལ་བསླེབས་ཡོད་པ་རེད། གལ་སྲིད། ང་ཚོ་འདི་ལྟར་བསྡད་པ་ཡིན་ན་ནམ་ཞིག་བཙན་བྱོལ་བོད་མི་ཚོ་ཉེས་ཅན་པ་མི་ཆགས་པའི་ངེས་པ་མི་འདུག ” ཅེས་བརྗོད་བྱུང་།

བཀྲ་ཤིས་ལམ་བཟང་ལགས་ཀྱིས། “ ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ལོའི་ལོ་སར་མི་གཏོང་བའི་གསལ་བསྒྲགས་གནང་ཡོད་ཀྱང་། བོད་ནང་གི་གནས་སྟངས་ཛ་དྲག་པོའི་སྐབས་སུ་ང་ཚོ་མང་པོ་ཞིག་གི་ལོ་སར་གཏོང་མི་གཏོང་གི་སྐད་ཆ་མང་པོ་ཞིག་བཤད་ཡོང་གི་འདུག ཕྱོགས་གཅིག་ནས་མི་མང་ནང་དཀྲུགས་ཤིང་རྒྱག་མཁན་ཡོང་མི་སྲིད་པ་མིན་ཡང་། ང་རང་ངོས་ནས་ང་ཚོས་ངེས་པར་དུ་སོ་སོའི་ཕ་མ་གྲོངས་པ་ཡིན་ན་ལོ་སར་གཏོང་གི་རེད་དམ་མ་རེད། ཅེས་རང་ཉིད་ལ་དྲི་བ་ཞིག་བཏོན་རྗེས་བསམ་བློ་གཏོང་དགོས་པ་རེད་བསམ་གྱི་འདུག ལོ་སར་མ་བཏང་བ་ཡིན་ན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྣེ་འཁྲིད་འོག ས་གནས་ཁག་གི་མི་མང་དགོན་སྡེ་ཁག་ཏུ་འདུ་འཛོམས་ཀྱིས། འདས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་བསྔོ་སྨོན་བྱ་དགོས་པ་རེད། ” ཅེས་བརྗོད་བྱུང་།  

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 15

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 13 སྔོན།

    དེང་སང་ཞིབ་བཤེར་བྱེད་ཡག་དེ་དང་པོ་བོད་པའི་ནང་ཁུལ་དུ་འགྲོ་བ་མི་རིགས་ཚང་མ་ལ་ཐོབ་ཐང་སྤྲད་དགོས་པའི་གནས་ཚུལ་འདི་ཚང་མས་མཁྱེན་དགོས་ཀྱིས་འདུག་གང་ཟག་ཁ་ཤེ་ནི་རང་དབང་མ་སྤྲད་ནས་ལོ་མང་པོ་ཞིག་འགྲོ་བྱུང་དེ་ངེས་པར་དུ་ཞིབ་བཤེར་དགོས་ཀྱིས་འདུག་དེ་ལུགས་དགོང་འཇག་ཡོད་པར་ཞུ།

    Reply
  2. gyurmey says:
    ལོ་ 13 སྔོན།

    བསམ་ཚུལ་ཡག་པོ་གསུངས་འདུག ལག་ལེན་ལ་འཁྱོལ་བ་གནང་ཐུབ་རྒྱུ་གནས་ཀྱི་དོན་པོ་དེ་ཡིན།

    Reply
  3. ཐིག says:
    ལོ་ 13 སྔོན།

    ལས་འགུལ་འདི་ལྟར་དོན་སྙིང་ལྡན་པ་ཞིག་སྤེལ་ནའང་། མི་༢༠ལས་ཚོགས་བཞུགས་ཐུབ་མེད་པ་ནི་ཞབས་འདྲེན་རེད། བོད་པ་འདི་དངོས་གནས་ཚར་ཤག

    Reply
  4. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    ཁྲིམས་ལུགས་མི་ཤེས་མཁན་ཞིག་གིས་ཇི་ལྟར་ཁྲིམས་གཏུག་བྱེད་དགོས་སམ།

    Reply
  5. བཀྲ་ཤིས། says:
    ལོ་ 13 སྔོན།

    ཁམས་བྲག་མགོ་རྫོང་སྲིད་གཞུང་གིས་རྒྱལ་གཅེས་དཔའ་བོ་་(ཕུའུ་ཏུང་ཧྲེང་)ལ་མྱ་ངན་གུས་འདུད་བྱས་ཡོད་པའི་གནས་ཚུལ་འདི་ནས་མཐོང་ཐུབ་པ།
    http://ti.gzznews.com/Html/News/KbNews/12/02/Content_201202133148.html

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་ཐོག་མར་རང་ཉིད་ཀྱི་སྡེ་དཔོན་དང་རྫོང་དཔོན་ཁུལ་དཔོན་སོགས་ལ་དག་ཏེར་ཡག་པོ་ཞིག་བྱས་ནས་གསར་འདེམས་ཀྱི་གོ་སྐབས་དག་ལ་རང་དབང་རང་མོས་ཀྱི་དཔོན་པོ་འདེམས་ཐུབ་པ་བྱེད་དགོས། རྒྱ་རིགས་སོགས་མི་རིགས་གཞན་གྱི་དཔོན་པོ་ཆེ་འབྲིང་ཆུང་གསུམ་དག་གིས་མི་རིགས་རང་སྐྱོང་ལ་མཐོང་ཆུང་དང་བར་གཅོད་བྱེད་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ངོ་རྒོལ་དེ་ཡང་དཔོན་པོ་དེ་རང་ལ་མཛུབ་མོ་བཙུགས་པས་འཐུས། ཀྲུང་དབྱང་ལ་ཐད་ཀར་འཛུགས་མི་དགོས། དཔེར་ན་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའུ་ཧྲུའུ་ཅིར་སྐྱོན་ཆ་ཞིག་ཡོདན་ཁོ་རང་ཉིད་ལ་ཐད་ཀར་མཛུབ་མོ་གཏོད་དགོས། བྱས་ཉེས་དེ་མི་སྒེར་ཐོག་ལ་བཞག་ནས་ཐེར་འདོན་བྱེད་དགོས། འདི་ནི་མདའ་གཅིག་གིས་བྱ་གཉིས་གསོད་སྟངས་ཟེར་བ་དེ་རེད།

    Reply
  7. ཤིང་ལོ། says:
    ལོ་ 13 སྔོན།

    ཨ་ལེ། ཁྲིམས་ཁང་ལ་འགྲོ་ན་དངུལ་དགོས་གྱི་རེད་ཁྱེད་ཚོར་དངུལ་ཡོད་པས། རེད་རེད་མིང་དེ་ཙམ་ཞིག་བཤད་ནའང་ང་ཚོའི་སེམས་རེད། སེམས་ཁེན་ས་དོག་ཙམ་ཡོད་ནའང་བདེ་བ་སྐད་ཅིག་ཙམ་ཞིག་འདུག ཐུགས་རྗེ་ཆེ། བག་གྲོ་དོག་ཙམ་ངར་ཡ། གུང་ཁྲན་ཏང་གིས་སྨན་བྱིན་ནོ་བཟང་བས། ཀུ་རེ་དང་། དངོས་གནས་ཤུགས་རྒྱོབས།

    Reply
  8. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ང་ཚོའི་བཀའ་ཁྲི་གསར་པ་ཁྲིམས་ལུགས་ཆེད་མཁས་འབུམ་རམས་པ་མ་རེད་པཱས། ཁྲིམས་ལ་འགྲོ་ས་ཞིག་དང་སྦྱོར་ཐུབ་པ་ཞིག་ཡིན་ན། ཁྱེད་ཚོར་ལས་ཀ་འདི་ལྷག་གི་མ་རེད། ཅིག་གིས་བྱས་ཚར་བ་རེད། ཡིན་ནའང་། གྲྭ་བག་བྲོས་ཅིག་ལ་གཏུག་ན་ཐང་། ཧཧཧ
    བུད་མེད་ལྷན་ཚོགས་འདི་མཚམས་ལན་རེར་ཚོགས་པ་གཞན་གྱི་མཉམ་དུ་དབུ་མའི་ལམ་ཡིན་ཟེར་ནས་སྐད་རྒྱག་གིན་འདུག མཚམས་ལན་རེར་གཞོན་ནུའི་གཡོག་མོར་བྱེད་དུ་འགྲོ་གིན་འདུག དངོས་གནས་རང་ཚུགས་ཟེར་བ་དེ་མེད་དུས་ཐང་ཆད་ཀྱི་འདུག ད་ཡང་ལངས་ཕྱོགས་ལ་འགྱུར་བ་བཏང་ཚར་བ་རེད་དམ།
    གཞོན་ནུ་ནི་གཞོན་ནུ་རང་ཡིན་པ་རེད། ཞལ་འདེབས་བྱུང་ན་འགྲིག་བསྡད་ཡོད་པ་རེད། ཡིན་ནའང་། ཀུན་གྱིས་རེ་བ་བྱེད་པའི་རང་དབང་སློབ་ཕྲུག་ཚོགས་པ་འདིས་ག་རེ་བྱེད་ཀྱི་ཡོད་ན། ཡར་མར་ལ་དཀྲུག་དཀྲུག་མ་བཏང་ན་ཡག་གི་རེད། ཟངས་ང་འགྲོག་ན་ནག་པོ་ཆགས་རྒྱུ་ལས་མེད་པས། ཁྱེད་ཚོའང་མཐོང་མེད་པ་ཞིག་ཆགས་ན་གྱོང་མ་རེད་པཱས།

    Reply
  9. སངྒེ ། says:
    ལོ་ 13 སྔོན།

    འདི་ལྟར་ཚོགས་པ་དང་ཚོགས་པའི་བར་དང་། མི་སྒེར་དང་མི་སྒེར་བར་གང་ཡིན་ནས་གོ་བསྡུར་གང་མང་བྱ་དགོས་ངེས་རེད། དེ་མིན་མགོ་བཀའ་ཤག་དང་སྤྱི་འཐུས་ནས་མཇུག་མི་ཕལ་བ་ང་ལྟ་བུའི་བར་ང་ཚོ་སུ་ལའང་འཆར་གཞི་མི་འདུག་གྲ་འགྲིག་མི་འདུག དཔེར་ན་ཁེ་སྔོན་ཕྱི་དྲིལ་བཀའ་བློན་གྱིས་བོད་ནང་གི་ལས་འགུལ་ལ་ལྟ་གིན་ལྟ་གིན་འདི་ནས་ཀྱང་ལས་འགུལ་སྤེལ་གྱི་ཡིན་ཟེར་བར་ལྟོས་དང་། ཧ་མི་གོ་བ་གང་ཡང་མི་འདུག

    Reply
  10. ཨ་ར་དཀར་པོ says:
    ལོ་ 13 སྔོན།

    ཚོགས་པ་གསུམ་གྱི་ཐེངས་འདིའི་ལས་འགུལ་ཐོག་རྡ་སའི་སེར་སྐྱ་མི་མང་ ༢༠ ལས་འཛོམས་ཐུབ་མེད་པ་རེད་དམ། ཨ་ཁ་ཁ

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    སྤྱིར་བཏང་ཡུལ་མིའི་ཁྲིམས་དང་བསྟུན་དགོས་པས་ང་ཚོས་ལས་འགུལ་གྱི་ངོ་བོ་ཡང་དེ་དང་བསྟུན་དགོས་པ་རེད་ལ། བོད་ནང་གི་མེ་བསྲེགས་བཞིན་ས་འདི་ནས་ཀྱང་གཏོང་ཐུབ་ངེས་རེད་ལ། ཐུབ་པའི་གདེང་ཚོད་ཡོད་མོད། དེ་འདྲ་བྱས་ན་རྩ་དོན་ལ་གནོད་རྒྱུ་ལས་ཕན་རྒྱུ་མ་རེད།བོད་ནས་མེ་བསྲེགས་བཏང་ན་རྒྱུ་མཚན་བཤད་རྒྱུ་ཡོད་མེད། རང་དབང་ལུང་བ་དེ་འདྲ་བྱས་ན་འགྲེལ་བདེ་བོ་ཞིག་རག་དཀའ།
    གཞན། ང་ཚོས་བོད་ནང་གི་རླབས་ཆེན་པའི་སྙིང་སྟོབས་དང་ལྷག་བསམ་རིགས་ཞེན་བཅས་ལ་མི་རེ་ངོ་རེ་ནས་རྗེས་སུ་ཡི་རངས་དང་སེམས་ཀྱི་གཏིང་དུ་ཉར་དགོས་པ་རེད། ཡིན་ནའང་། བོད་གཞུང་གིས་ག་དུས་ཡིན་ན་ལས་འགུལ་སྤེལ་རྒྱུ་ཡོད་མ་རེད། ལན་རེ་སྤེལ་ན་ནུས་པ་ཆེ་ངེས་རེད། དཔེར་ན། གློག་བརྙན་ག་འདྲ་ཡག་པོ་ཞིག་ཡིན་ན་ཡང་དུས་རྒྱུན་བསྟན་ན་ལྟ་མཁན་ཡོངས་ལ་ཉོབ་སྣང་སྐྱེ་བ་ལྟར། ལས་འགུལ་ཆུང་ཆུང་རེད་ག་དུས་ཡིན་ན་སྤེལ་ཚེ་རྒྱལ་སྤྱི་སོགས་བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་གིས་དོ་སྣང་བྱེད་རྒྱུ་མ་རེད་སྙམ། དེས་ན། བོད་གཞུང་གིས་ལས་འགུལ་སྤེལ་སྐབས་ངེས་པར་དུ་ཐག་རིང་རྣ་བས་གོ་རྒྱུ་ཅན་ཞིག་དང་། ཐག་ཉེ་མིག་གིས་མཐོང་རྒྱུ་ཡོད་ནི་ཞིག་སྤེལ་རྒྱུ་ལས། མར་མེ་ཁྲོམ་བསྐོར་དང་བསྔོ་སྨོན་ཙམ་གྱིས་ག་ལ་འགྲིག ཚོགས་སྡེ་ཁག་དང་མི་མང་གིས་དུས་རྒྱུན་མར་མེ་ཁྲོམ་སྐོར་དང་རྣམ་གྲངས་གང་མང་གི་སྒོ་ནས་ལས་འགུལ་ཆེ་མ་ཆུང་གསུམ་སྤེལ་རྒྱུ་གལ་ཆེ། མར་མེ་ཁྲོམ་དང་བསྔོ་བ་སྨོན་ལམ། འདི་ཡང་ལས་འགུལ་ཆུང་ཆུང་ཞིག་ལ་བརྩི་མི་རུང་། འོན་ཀྱང་། ཚོགས་སྡེ་དང་གཞུང་འབྲེལ་མ་ཡིན་པ་དག་དང་བསྡུར་ཐུབ་མེད་པའི་ལས་འགུལ་ཅིག་ནི་བོད་གཞུང་གིས་སྤེལ་བ་ངེས་པར་ཁྱད་ཆོས་དགོས་པ་ཞིག་རེད། ནམ་རྒྱུན་གྱི་ལས་འགུལ་དེ་དག་ལས་ནུས་ཤུགས་དང་གང་ཐད་ནས་གསར་བ་དང་ཁྱབ་ཆེ་བ་དགོས་ཀྱི་འདུག བསམ་འཆར་ཙམ་ཡིན།
    གཞན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚོས་ཟས་བཅད་ངོ་རྒོལ་རྒྱུན་མཐུད་ནས་ས་གནས་ཁག་ཏུ་སྤེལ་རྒྱུ་དང་། རྒྱལ་སྤྱིའི་གནས་བབ་དང་བསྟུན་ཏེ་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེ། མདོར་ན། མི་རེ་ངོ་ནས་བོད་ནང་གི་ད་ལྟའི་གནས་སྟངས་བརྗེད་མི་ཉན་པར་སེམས་སུ་ཉར་ཏེ་མ་འོངས་པའི་ཕྱོགས་སུ་རང་ཉིད་ཀྱིས་ནུས་ཤུགས་གདོན་རྒྱུ་དུས་ལ་བབ་འདུག་གོ

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སེ་པིན་རྒྱལ་ཁབ་ནང་གི་ཁྲིགས་རྩོད་པས་རྒྱ་གཞུང་ལས་བྱེད་འགའ་ཤས་ཁྲིམས་གཏུགས་འགོ་བཙུགས་ཟིན་པ་རེད། ད་དུང་རྒྱ་གར་སོགས་ཀྱི་ཁྲིམས་དཔོན་འགའ་ཤས་ལ་སོགས་ལ་རོགས་འདེགས་ལ་བརྟེན་ནས་ངེས་པར་ལས་འགུལ་འདི་འོས་ཤིང་མཚམས་པ་ཅིག་རེད། མུ་མཐུད་ནས་ལས་འགུལ་མཇུག་འཁྱོངས་བ་ཞིག་གནང་གལ་ཆེ་བ་འདུག་ལགས། བདེན་པ་ཉིད་རྒྱལ་ངེས་པས་སོ། །

    Reply
  13. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ཁྲིམས་གཏུག་་་་ངོམ་དགོད་བྲོ་བ་ཞིག་འདུག
    འདི་ནི་གཟི་བརྗིད་ཀྱི་ལས་འགུལ་ཞིག་ལས་རང་འཚང་ཕྱི་རུ་མངོན་པ་ཞིག་ཏུ་མཐོང་། ཁོང་ཁྲོ་མ་ཟ་རོགས་ངོ་མ་སྐྱུགས་བྲོ་བ་ཞིག་རེད། ཁྱོད་ཚོ་ངོ་མི་ཚ་ན་ཡང་ཁྱོད་ཚོའི་སེམས་ཁུང་གི་འཆར་གཞི་དེས་མི་རྣམས་ངོ་ཚ་རུ་འཇུག།
    ཐུགས་རྗེ་གཟིགས་རྗེས་ཕྱོགས་འདི་འདྲའི་ལས་འགུལ་མ་སྤེལ་རོགས།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཚོགས་པ་འདི་དག་གིས་དོན་ངོ་མ་རྫེ་གོང་ས་མཆོག་གི་མཛད་འཕྲིན་ལ་རམ་འདེགས་བྱེད་ཀྱིན་ནམ་ཡང་ན་གནོད་པ་བཟོ་བཞིན་འདུག་ཞིབ་འཇུག་བྱེད་རན་དུ་འདོད།

    Reply
  15. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཚོགས་པ་འདི་དག་གིས་དོན་ངོ་མ་རྫེ་གོང་ས་མཆོག་གི་མཛད་ལ་རམས་འདེགས་བྱེད་ཀྱིན་ནམ་ཡང་གནོད་པ་བཟོ་བཞིན་འདུག་ཞིག་འཇུག་བྱེད་རན་དུ་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese