མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་གི་གདོང་རིས་གསལ་སྟོན་གྱི་ཚེ་འབར་སྒྲོན་མེ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp


ཚེ་སྲོག་མེ་
བསྲེགས་ཀྱིས་བདེན་པ་བདར་བའི་ཞི་རྒོལ་འདི་ནི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་ལྡོག་གི་རེ་བ་ཡོད་མེད་དང་། རྒྱ་གཞུང་དབང་འཛིན་པ་ཚོར་བོད་ལ་དོན་དམ་གྱི་བརྟན་ལྷིང་དང་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་རྒྱུའི་ཆོད་སེམས་ཡོད་མེད་བསྔོག་འབྲུ་བྱེད་པའི་རླབས་ཆེན་གྱི་ཚོད་བགམ་ཐེངས་ཤིག་ཡིན།

                                                                                                འཇིགས་མེད་བློ་གྲོས།

སྤྱི་ལོ་ ༡༩༠༨ ལོར་མའོ་ཀྲུ་ཞི་བུད་མེད་ལུའུ་དང་གཉེན་སྒྲིག་བྱས་ཤིང་། གཉེན་སྒྲིག་གི་བཀོད་སྒྲིག་ཡོངས་རྫོགས་སྲོལ་རྒྱུན་ལྟར་མའོ་ཡི་ཕ་རྒན་གྱིས་བྱས་པ་ལས་མའོ་སྒེར་ངོས་ལ་བུད་མེད་དེ་དང་གཉེན་སྒྲིག་གི་འདོད་འདུན་གཏན་ནས་མེད་ཚོད། བུ་ཕྲུག་གི་འདོད་འདུན་ལ་བརྩི་བཀུར་མི་བྱེད་པའི་སྲོལ་རྒྱུན་གྱི་གཉེན་སྒྲིག་ཆོ་གར་མའོ་གཏན་ནས་ཡིད་མོས་མ་བྱུང་བ་མ་ཟད།  གཉེན་སྒྲིག་གི་བྱ་བ་ཟིན་ནས་ལོ་ངོ་དགུ་དང་བུད་མེད་ལུའུ་གྲོངས་རྗེས་ཀྱི་ལོ་ངོ་བདུན་གྱི་རྗེས།  མའོས།  “རྣམ་ཀུན་རྒྱ་རིགས་ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་བརྒྱུད་ནས་བཙན་གཡེམ་བྱེད་ཀྱིན་ཡོད་” ཅེས་སྲོལ་རྒྱུན་གཉེན་སྒྲིག་གི་ཆོ་གར་འཐད་པ་རྩ་བ་ནས་མེད་པའི་ཆོད་སྡོམ་ཡི་གེར་བཀོད། མའོ་ཡིས་ཕོ་མོ་གཉིས་ཕན་ཚུན་རང་མོས་ཀྱིས་མིན་པར་གཞན་གྱི་བརྒྱུད་སྐུལ་གྱི་ལམ་ནས་འཁྲིག་སྤྱོད་ཀྱི་བྱ་བར་ཞུགས་པ་ནི་དོན་གྱིས་བཙན་གཡེམ་ཡིན་པར་སྡོམ་ཚིག་བཀོད་ཡོད།  

རིགས་ལམ་འདིའི་ཐད་ནས་བཤད་ན། མའོ་དང་མའོ་ཡི་རྗེས་འབྲང་པ་ཚོས་ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱིས་རྐྱེན་འདས་སུ་སོང་བ་དག་ནི། རྒྱ་ནག་གཞུང་གིས་གསོན་བསྲེགས་ཀྱིས་དམར་གསོད་བཏང་བར་ངེས་པར་དུ་ངོས་འཛིན་དགོས་པར་གྱུར་ཡོད་དེ། ལན་གྱིས་ཟློག་པ་མེད་པའི་མགོ་མཚུངས་ཀྱི་རིགས་པའི་སྟོབས་ལས་གོང་གི་བཤད་སྟངས་དེ། “རྣམ་ཀུན་རྒྱ་གཞུང་དབང་འཛིན་པ་ཚོས་བོད་རིགས་སྐྱ་སེར་ཕོ་མོ་དག་གསོན་བསྲེགས་གཏོང་གི་ཡོད་” ཅེས་པར་འགྱུར་གྱིན་ཡོད།  དེས་ན་ད་ལྟ་ང་ཚོས་གཞིས་བཞུགས་སྤུན་ཟླ་ཚོར་ཚེ་སྲོག་མེར་བསྲེགས་གྱི་ཞི་རྒོལ་མཚམས་འཇོག་རོགས་ཞེས་རེ་སྐུལ་ཞུ་བའི་ཧུར་བརྩོན་ངང་ཙམ་ཀློད་དེ།  རྒྱ་གཞུང་དབང་འཛིན་པ་ཚོར་ཉེས་མེད་བོད་མི་སྐྱ་སེར་གསོན་བསྲེགས་ཀྱི་གདུག་རྩུབ་སྲིད་བྱུས་མཚམས་འཇོག་བྱེད་རོགས་ཞེས་འབོད་སྒྲ་ཤུགས་ཆེ་རུ་གཏོང་བའི་དུས་སུ་སླེབས་ཡོད།

ཚེ་སྲོག་མེ་རུ་བསྲེགས་པའི་ཞི་རྒོལ་འདི་ལས་ལྷག་པའི་བོད་དོན་བདེན་པ་བདར་ལུགས་ཤིག་མེད་ཅིང་། མིའི་སེམས་གཏིང་གི་མངོན་འདོད་ཅི་ཡིན་ར་སྤྲོད་ཀྱི་བརྒྱུད་ལམ་ཚད་མཐོ་ཤོས་ཀྱང་འདི་ཁོ་ན་ཡིན་ལས་གཞན་དུ་མ་མཐོང་མོད། རྒྱ་གཞུང་གིས་ཐེངས་འདིའི་ཞི་རྒོལ་ལ་རྣམ་འགྱུར་ཅི་འདྲ་ཞིག་སྟོན་མིན་དེ་རྒྱ་གཞུང་གིས་དོན་དམ་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ངོ་བོ་ཇི་འདྲ་ཡིན་མིན་དང་བོད་མིའི་དགོས་འདུན་ལ་དང་ལེན་བྱེད་འདོད་ཡོད་མེད་གསལ་སྟོན་གྱི་གོ་སྐབས་གལ་ཆེན་ཞིག་ཡིན། དེས་ན། རླབས་ཆེན་ཞི་རྒོལ་མགོ་བརྩམས་ནས་རྒྱུན་རིང་སོང་ཟིན་ཞིང་། བོད་མིའི་ལུས་སེམས་ཀྱི་གདུང་ཤུགས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཀྱང་།  རྒྱ་གཞུང་གིས་ཡ་ལན་ཙམ་སྤྲོད་རྒྱུ་ཕར་ཞོག དྲག་ཤུགས་དང་གཏུམ་སྤྱོད་ཉིན་རེ་བཞིན་ཆེ་རུ་གཏོང་བཞིན་ཡོད་པའི་གནས་བབ་ལ་བལྟས་ན། གུང་ཁྲན་ཏང་ལ་དོན་དམ་བོད་ཐོག་ལེགས་བཅོས་ཀྱི་འཆར་སྣང་དང་གཅེས་སེམས་ཅི་ཙམ་ཡོད་མེད་ཧྲིལ་གྱིས་བསྟན་ཡོད་ལ། དུས་འདི་དང་བསྟུན་ཏེ་ང་ཚོས་གུང་ཁྲན་ཏང་ལ་བཅོལ་བའི་གཉིས་ཕན་གྱི་ཕུགས་འདུན་དེ་ཡང་འགྲུབ་རྒྱུ་མེད་པའི་རྨི་ལམ་ཞིག་ཡིན་མིན་གྱི་དྭོགས་སློང་གཏིང་ཟབ་ཀྱིས་གནང་དགོས།

བོད་རྒྱའི་དཀའ་རྙོག་སེལ་བའི་ཞི་མོལ་གྱི་དགོས་མཁོ་དེ་ཡང་བོད་རྒྱའི་བར་མིག་མཐོང་ལག་ཟིན་གྱི་དཀའ་ངལ་ཛ་དྲག་ཆགས་བཞིན་པའི་སྐབས་སུ་དོན་འཁྱོལ་བྱ་དགོས་མོད། མེར་བསྲེགས་དང་མེ་མདའ་འཐབ་པའི་གནས་བབ་འོག་བོད་རྒྱ་ཞི་མོལ་གྱི་དགོས་མཁོ་བརླགས་སོང་བ་ཡིན་ན། བོད་རྒྱ་ཞི་མོལ་ནི་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཞིག་མིན་པར། བོད་རྒྱའི་འགན་ཡོད་མི་སྣ་ཚོས་དུས་བདེ་ཞོད་འཇགས་སྐབས་གླེང་སློང་བྱ་རྒྱུའི་ལྟ་གྲུབ་ཙམ་དུ་འགྱུར་སོང་བ་རེད། དེར་བརྟེན། ད་ལྟ་ནི་དོན་དངོས་ཀྱིས་བོད་རྒྱ་ཞི་མོལ་ལ་ང་ཚོའི་བསམ་བློའི་ནང་གི་བོད་རྒྱ་ཞི་མོལ་ལ་ཡོད་པའི་གནས་བབ་དང་རིན་ཐང་ཨེ་ལྡན་གྱི་དྭོགས་སློང་ནན་ཏན་བྱེད་པའི་དུས་སྐབས་ཤར་ཟིན་པ་ཡིན་སྲིད་ལ།  རྒྱ་གཞུང་ལ་མཚོན་ན་བོད་རྒྱ་ཞི་མོལ་ཟེར་བ་ནི་ནམ་རིང་འཁྱོལ་ཐབས་ཀྱི་སྒྲུང་ངོ་མ་ཞིག་ལས་གཞན་ཅི་ཡང་མིན་པ་དང་། ཞི་མོལ་གྱི་སྒོ་མོ་དུས་ནམ་ཡང་ཡངས་པོར་ཕྱེ་ཡོད་ཟེར་བར་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་རིན་ཐང་ལས་གཞན་གྱི་དོན་སྙིང་ཅི་ཡང་མེད་པའི་ར་སྤྲོད་གཙང་མ་བྱས་པར་ངོས་འཛིན་རུང་སྲིད།

དེང་སྐབས་རྒྱ་གཞུང་གིས་ཕྱོགས་གཅིག་ནས་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་འཁྱེར་ནས་མཆོང་བཞིན་ཡོད་ལ། ཕྱོགས་གཅིག་ནས་བོད་རང་སྐྱོང་ལྗོངས་ཁུལ་གྱི་དགོན་སྡེ་དང་གྲོང་ཁུལ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལག་བསྟར་གྱི་ལས་གཞི་འཁྱེར་ནས་རྒྱུག་གི་ཡོད། འདི་ལྟར་བོད་ཀྱི་སྐད་ཡིག་སློབ་གྲྭའི་ར་སྐོར་ལས་རྒྱང་འཕུད་གཏོང་གང་ཐུབ་བྱེད་ཅིང་། དགོན་སྡེ་ཁག་ལས་དོན་རུ་ཁག་གཅའ་སྡོད་ཀྱི་གནས་གཞིར་བསྒྱུར་བཞིན་པ། ཞིང་འབྲོག་ས་ཁུལ་དུ་ཕུགས་བརྟན་རང་བཞིན་མིན་པའི་དཔལ་འབྱོར་གྱི་བསླུ་བྲིད་ཤུགས་ཆེན་གཏོང་པ་སོགས་བོད་ཁམས་རྒྱ་ཁམས་སུ་སྒྱུར་བྱེད་ཀྱི་ལས་དོན་ཁག་ཚ་ཚ་འུར་འུར་གྱིས་སྤེལ་རྒྱུར་སྐུལ་འདེད་གཏོང་བ་ཁོ་ན་ལས།  མ་བཅོས་སེམས་ཁོང་ནས་སྒྲོག་གིན་པའི་བོད་མིའི་འབོད་སྒྲ་དང་ཚེ་སྲོག་མེ་སྒྲོན་གྱི་ཞི་རྒོལ་ལ་རྒོལ་རྡུང་གཏོང་རྐྱང་བྱེད་པའི་གནས་བབ་འདིས།  དེ་སྔོན་༸གོང་ས་སྐྱབས་མགོན་ཆེན་པོས་རྒྱ་ནག་གི་སྲིད་བྱུས་མུ་མཐུད་དེ་མུར་གནས་ཚེ་ལོ་ངོ་བཅོ་ལྔ་ཙམ་གྱི་དུས་ཡུན་ནང་བོད་ཀྱི་རིག་གཞུང་རྩ་སྟོང་དུ་འགྱུར་སྲིད་པར་གསུངས་པའི་ཚོད་དཔག་དེ་གཏན་ནས་ནོར་མེད་པའི་ར་སྤྲོད་མངོན་གསལ་རེད།

ད་ལྟ་ཁོ་བོར་དངངས་སྐྲག་ཅིག་ཡོད་པ་ནི་ད་ལྟའི་བོད་ནང་གི་ཚེ་སྲོག་མེ་སྒྲོན་གྱི་རླབས་ཆེན་ཞི་རྒོལ་དེ་ཁ་ཕྱོགས་གང་ཞིག་ཏུ་འགྱུར་མིན་དང་དེའི་མཇུག་འབྲས་ཅི་འདྲ་ཆགས་མིན་གཉིས་ཡིན། རང་སྲོག་མེ་ལ་བསྒྲོན་ཏེ་བདེན་པ་བདར་བའི་སྤྱོད་པ་ལས་ཚད་མཐོ་བའི་ཞི་རྒོལ་བྱེད་སྟངས་ཤིག་ཕལ་ཆེར་མེད་ལ། རླབས་ཆེ་ཤོས་ཀྱི་ཞི་རྒོལ་འདིས་བློ་ཡིད་ཚིམ་ངེས་ཀྱི་མཇུག་འབྲས་ཤིག་འདྲེན་མ་ཐུབ་ཚེ། ཕན་ཚུན་གཉིས་ཕན་དང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ནུས་ཤུགས་ལ་དྲི་རྟགས་ཤིག་བསླེབ་ངེས་ཤིང་། འབྱུང་འགྱུར་ཁ་བ་རི་པའི་ན་གཞོན་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་བརྒྱུད་རིམ་ཁྲོད། བགྲོད་ལམ་གང་འདྲ་ཞིག་འདེམས་མིན་ལ་རྨང་གཞིའི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་སྲིད།

ཐེངས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་གྲོས་ཚོགས་སུ་རེ་འདུན་ཞིག་ཞུ་རྒྱུ་ནི། ད་ལྟའི་བར་སྒྲིག་འཛུགས་ཀྱི་སྣེ་འཁྲིད་འོག་གདུང་སེམས་མཉམ་སྐྱེད་དང་བདེན་དོན་དྲིལ་བསྒྲགས་ཀྱི་ལས་དོན་སྣེ་མང་སྤེལ་བ་བོད་རིགས་སྤྱིའི་གཟི་བརྗིད་ཅིག་ཏུ་ཚོར་ཀྱི་ཡོད་ལ། ང་ཚོའི་ནུས་སྟོབས་དང་འཁོས་དཔག་གི་ཚད་གཞི། ཡུལ་དུས་ཀྱི་གནས་བབ་ནས་བཤད་ན་ཡང་ཧ་ཅང་ཡག་པོ་བྱུང་ཡོད་པ་ལས། ལབ་གླེང་གི་གཞི་རྩ་ཡོད་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་མེད། འོན་ཀྱང་ད་དུང་ང་ཚོར་མ་འདང་པ་དང་འཐུས་ཤོར་གྱི་ཞན་ཆ་ངེས་པར་དུ་ཡོད་པའི་གནས་བབ་ལ་ངོས་ལེན་དགོས་ཤིང་རྟོག་ཞིབ་ནན་ཏན་བྱ་དགོས།  ད་ལྟའི་བོད་ནང་གི་གནས་བབ་སྤྱི་དང་ལྷག་དོན་བདེན་དོན་དྲིལ་བསྒྲགས་ཀྱི་ཚད་གཞི་རང་རེའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ལས་བརྒལ་ཏེ་རྒྱལ་སྤྱི་རང་བཞིན་ཅན་དུ་བསྒྱུར་བར་ལས་དོན་གལ་ཆེན་ཞིག་གང་དག་ཅིག་ལྷག་ཡོད། དེ་ནི་རྒྱལ་སྤྱིའི་གྲོས་ཚོགས་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་བོད་དོན་ཉམས་ཞིབ་པ། རྒྱལ་སྤྱིའི་ཐོག་གི་དྲག་ཆེན་གསར་ལམ་ཁག་གི་མི་སྣ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན། རང་རེའི་གཞུང་གི་ཆབ་སྲིད་སྣེ་མོ་བ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མགོ་འཁྲིད། བོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་བཅས་གནད་ཡོད་མི་སྣ་ཁོ་ནའི་གྲུབ་པའི་ཚོགས་ཆེན་ཞིག་ཨ་རིའི་རྒྱལ་སའམ་ཡུ་རོབ་གྲོང་ཁྱེར་ཆེ་གྲས་ཤིག ཡང་ན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གང་རུང་ཞིག་ནས་སྐོང་ཚོགས་གནང་དགོས་ཤིང་། ཚོགས་ཐོག་གི་བརྗོད་གཞི་ནི། བོད་ནང་ཞི་རྒོལ་གྱི་འབྱུང་རྐྱེན་དང་གནས་བབ། རྒྱ་ནག་གི་ཆབ་སྲིད་རང་བཞིན། བོད་ནང་གསར་འགོད་ལས་རིགས་ཀྱི་གནས་སྟངས།  དགོན་སྡེ་ཁག་གི་རྨང་གཞིའི་ལམ་སྲོལ་ལ་བསྒྱུར་བཅོས་བྱེད་པའི་ཆབ་སྲིད་ཀྱི་མཇུག་འབྲས་སོགས་གསར་འགོད་ལས་རིགས་དང་བླ་སྤྲུལ་རྣམ་པ་ཀུན་ལ་ད་ལྟའི་གནས་བབ་ལ་འབྲེལ་ཆགས་ཡིན་པའི་བརྗོད་གཞི་གལ་ཆེན་ཁག་འཇོག་དགོས། ཚོགས་ཆེན་འདི་འདྲ་ཞིག་མགྱོགས་མྱུར་གྱིས་སྐོང་ཚོགས་ཐུབ་པ་ཡིན་ན། བོད་དོན་ལ་ནང་དོན་དང་དྲིལ་བསྒྲགས་གཉིས་ཐད་ནས་ཐོད་བརྒལ་རང་བཞིན་གྱི་ཕན་འབྲས་རླབས་ཆེན་ཞིག་སོན་ཐུབ་པའི་དགེ་ཚན་ལྡན་ཡོད།།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་འདི་ཏང་གི་གདོང་རིས་བལྟ་བར་མིག་གསལ་སེའེ་བྱུང་ང་།
    ནམ་རྒྱུན་ཁོང་གི་མིག་ཤེལ་སྟུག་པོའི་འོག་ནས་གྲོགས་པོ་ང་ཡང་ཡག་པོ་ཞིག་མཐོང་མི་ཐུབ་ལ། སྐབས་རེ་གྲོགས་པོ་སྣ་རིང་དང་ནོར་གྲབས་ནོར་གྲབས་བྱེད་ཀྱི་ཡོད།

    Reply
  2. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཆབ་བྲག་ལགས། ་རྒྱལ་གཅེས་དཔའ་བོ་དེ་རིགས་ཀྱིས་རང་ཉིད་ཀྱི་ལུས་སྲོག་མེ་ལྕེར་སྒྲོན་པ་དེའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་འདོད་འདུན་སྒྲུབ་ཆེད། ་དེས་ན་ཁོང་ཚོའི་དམིགས་འདུན་སྒྲུབ་པར་ང་ཚོས་འབད་བརྩོན་བྱེད་དགོས་པ་རེད། ཁོང་ཚོའི་ཆེས་རླབས་ཆེ་བའི་བློས་གཏོང་དེ་ལོ་རྒྱུས་ལ་མ་གྱུར་བར་དོན་དངོས་ལ་སྒྱུར་ཐབས་བྱེད་དགོས་རེད། ་དེས་ན་ད་རེས་ཀྱི་ལས་འགུལ་འདིས་ང་ཚོའི་དཀའ་ངལ་སེལ་ཐབས་ལ་གཡོ་འགུལ་ཞིག་ངེས་པར་དུ་ཐེབས་པ་བྱེད་དགོས། དེ་མིན་དཔའ་རྒོད་དེ་དག་གི་མཛད་རྗེས་རྣམས་ཤོག་པོའི་སྟེང་གི་ལོ་རྒྱུས་ལ་གྱུར་རྒྱུ་ལས་ཅི་གང་ཡོང་གི་མ་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་བར་གྱི་རྒྱལ་གཅེས་སྐུ་གཤེགས་ཐམས་ཅད་པོ་རྒྱ་གཞུང་གི་བཙན་འཛུལ་དང་དྲག་གནོན་བསླུ་བྲིད་ཅི་རིགས་ཀྱིས་འཆི་ལམ་ལ་དེད་པ་རྐྱང་རྐྱང་ལས་རང་མོས་ཀྱིས་ལྕེབས་སོང་བ་སུ་ཡང་མེད། དེ་བས་ང་ཚོའི་གཤེད་མ་དང་དགྲ་བོ་དེ་རྒྱ་གཞུང་དམར་ཕྱོགས་ཁོ་ན་ཡིན། ད་དུང་བོད་མིའི་བསམ་འདུན་ལ་ཁྱད་གསོད་བྱེད་པ་འདིས་དགྲ་ཤ་ཇེ་ཆེར་གཏོང་བཞིན་ཡོད་པས་ད་ནི་ཁོང་ཁྲོའི་མེ་ལྕེ་ཞིག་ཀྱང་མི་མཆེད་རང་མཆེད་དུ་འགྲོ་བཞིན་ཡོད།
    ཡིན་ན་ཡང་མེ་གཏོང་མཁན་ལ་ཁྲོས་ནས་མེ་གསོད་རྒྱུའི་ཚབ་ལ་སྣུམ་བཤོས་ན་འབར་གས་ཆེན་པོ་དེས་རང་གཞན་སུ་ཞིག་ལ་ཕན་གནོད་འབྱུང་མིན་ལ་བསམ་གཞིགས་གནང་གལ་ཆེ།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    སྤྱིར་སྐད་ཆ་འདི་རིགས་བདག་ལ་བཤད་འདོད་ཆེར་མེད་མོད། ད་ལྟ་ཞོར་འཕྲོས་ལྟ་བུར་ནམ་རྒྱུན་གྱི་རང་གི་འཆར་སྒོ་ཞིག་ཞུས་ནཿ
    རང་རེའི་བཙན་བྱོལ་གྱི་མཛད་གཙོ་རྣམ་པར་བོད་ནང་གི་དཔའ་རྟུལ་ཕོ་མོ་རྣམ་པ་ཇི་བཞིན་གྱི་ཆོད་སེམས་ཤིག་མེད། མ་གཞི་ཁོང་རྣམ་པས་ཀྱང་ལས་འགུལ་གང་ཞིག་བྱས་ན་དྲགས་སམ། ལས་འགུལ་ནུས་ཤུགས་ཆེན་པོ་གང་འདྲ་ཞིག་སྤེལ་དགོས་སམ་སྙམ་པའི་དགོངས་པ་མང་པོ་བཞེས་ཀྱིན་ཡོད་ངེས་ཀྱང་། ཁོང་རྣམ་པར་གཞི་རྩའི་སེམས་པའི་རང་གཤིས་ལ་གྲུབ་པའི་བྱེད་འདོད་ཀྱི་ཆོད་སེམས་འདང་ངེས་ཤིག་མེད་པར་སྙམ། གལ་སྲིད་ཡོད་ན་ཕ་རོལ་བོ་(མང་ཚོགས་སོགས)ཞིག་གིས་འདི་དང་འདི་ལྟར་བྱེད་དགོས་ཞེས་བརྗོད་པ་ལ་མ་ལྟོས་པར་རང་ངོས་ནས་ལས་འགུལ་སྣ་ཚོགས་པ་ཞིག་བརྩམས་ཡོང་གི་རེད། ང་ཚོ་གང་ཟག་གསུམ་པ་བ་ཞིག་གིས་བཤད་འོས་པ་ཞིག་དང་བཤད་དགོས་པ་ཞིག་ཡིན་རྒྱུ་མ་རེད།
    དཔེར་ན་སྤྱི་འཐུས་ཡོངས་རྫོགས་ས་བགོས་བྱས་ནས་འཛམ་གླིང་གི་རྒྱལ་ཁབ་ཆེ་རིགས་ཀྱི་གཞུང་ཚབ་མདུན་དུ་མ་ཤི་བར་དུ་འམ་དུས་ཚོད་ངེས་མེད་ཀྱིས་ཟས་བཅད་ལ་བཞུགས་ནས་མང་ཚོགས་ཀྱི་མགོ་ཁྲིད་བྱེད་པ་སོགས་བྱེད་རྒྱུ་མཐའ་ཡས་པ་ཞིག་ལོས་ཡོད། གཙོ་བོ་སྐུ་དང་སྲོག་ལ་ཕངས་མེད་ཀྱི་ཆོད་སེམས་ཤིག་ཡོད་དགོས། དེ་ཡང་གཞུང་འབྲེལ་ཡིན་མིན་གཉིས་ཀ་བྱེད་ལོས་ཆོག འོན་ཀྱང་འདི་འདྲ་བ་ནི་ཁོང་ཅག་གིས་དྲན་གྱིས་མེད་ཚོད་ལ་དྲན་ཀྱང་མི་ཕོད་པ་དང་། དྲན་ཀྱང་བསམ་མི་ཕོད་པའི་དོན་ཞིག་ཡིན་རྒྱུ་རེད་སྙམ།
    ངས་འདིར་དཔེ་མཚོན་དྲངས་བ་ནི་བདག་གི་བརྗོད་བྱ་གསལ་སྟོན་བྱེད་ཆེད་དུ་བདག་གིས་ཁྱི་ཁོག་ལ་ཁ་ཐུག་འདིར་ཤར་བ་ཞིག་བྲིས་པ་ལས་ཆོད་སེམས་ཡོད་ན་ལས་འགུལ་འདི་ལས་ལྡབ་འགྱུར་གྱིས་ནུས་པ་དང་གཞི་རྒྱ་ཆེ་བ་ཇི་འདྲའི་མང་བ་ཞིག་ཡོད་རྒྱུ་མ་རེད་དམ།
    དེ་བཞིན་བཀའ་བློན་རྣམས་པས་ཀྱང་དེ་འདྲ་ཞིག་བྱེད་མི་ཆོག་རྒྱུ་ཅི་ཡོད།

    Reply
  5. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཐ་མའི་རེ་སྐུལ་དེ་ཧ་ཅང་གི་གནད་འགག་ཅིག་ཏུ་མཐོང་སོང་། དེ་དེ་བཞིན་དུ་འགྲུབ་པར་སྨོན།

    Reply
  6. མིག་ཡ་གཅིག says:
    ལོ་ 14 སྔོན།

    བཅོས།
    ང་ཚོའི་ཐབས་ལམ་ལ་ཏང་གིས་ཉན་འཇོག་མ་བྱས་ན་ཚུར་རང་གི་ཐབས་ལམ་དང་སྲིད་བྱུས་ཁོ་ནར་དོགས་པ་ཟ་བ་ནི་ཀླད་པ་ཅན་གྱི་སྐད་ཆ་མ་རེད། གཉིས་ནས་ང་ཚོར་གཟུགས་གཞི་དབང་པོ་རྣམ་ལྔར་འོས་པའི་ཐབས་ལམ་ཞིག་ཡོད་མེད་ཀྱང་དང་པོར་རང་ལ་ངེས་རྟོགས་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་རེད། ཁྲག་ཚ་བོ་དང་ཚོར་བ་སོ་མས་སྐད་ཆ་ཐོལ་གྱིས་སྐྱུག་པ་ནི་མིའི་རང་གཤིས་སུ་ལྷུན་གྲུབ་དུ་ཡོད་པ་རེད། དེ་བས་ཐོད་པའི་ངོས་ཀྱི་མིག་གཉིས་ནར་ནར་ལས་གྲུ་བཞིའང་བཟོ་དགོས་ཤིང་། མཚམས་རེར་ཀླད་པའི་རྒྱབ་ཏུའང་སྦྱོར་དགོས་པ་རེད། ཡིན་ནའང་ཏང་གི་ངོ་གདོང་དང་ཏང་ལ་དོགས་པ་ཟ་བའི་རིག་ལམ་ལ་མངར་ཤ་འདུག
    གཞན་དུ་ཚོགས་ཆེན་སྐོར་གྱི་སྐད་ཆ་རེད། ཤར་ཕྱོགས་ཁུག་རྟས་རྩོམ་དུའང་དེ་ལྟར་བྲིས་འདུག དེ་ནི་ཚོགས་འདུ་སྐོང་ནས་རྡོ་ལས་འོ་མ་མེད་ན་མ་གཏོགས་བཞོ་མྱོང་མཁན་དག་ལ། སྐབས་འདིར་དེའི་བསམ་ཚུལ་མེད་ཚོད་རེད་ལ། ༢༠༠༨ ། ༢༠༡༠། ༢༠༡༡། བཅས་རིམ་པ་བསྟར་ཆགས་སུ་བསམ་ཚུལ་ཧ་ལས་པ་གཅིག་ཀྱང་ཐོན་མེད་པས་ར་སྤྲོད་བྱ་ཐུབ། ཡིན་ནའང་།་སྤྱིར་དོ་སྣང་འདྲེན་ཐུབ་དང་། བོད་དོན་གནས་ཚད་རིམ་སྤར་ཆེད་ཅེས་པ་འདི་ལ་རྒྱུ་མཚན་མེད་པ་རེད། སང་ཉིན་བཀའ་སྤྱི་ལྷན་རྒྱས་གནང་འཆར་འདུག་པས། དེ་དག་གིས་གསན་པར་ཤོག

    Reply
  7. རྟམ་ཁོ། says:
    ལོ་ 14 སྔོན།

    ཏང་གི་གདོང་རིས་གསལ་སྟོན་གྱི་ཚེ་འབར་སྒྲོན་མེ་ཞེས་པའི་འགོ་བརྗོད་འོག་རྩོམ་ཡིག་འདི་འདྲ་ཞིག་བྲིས་གནང་པ་ཧ་ཅང་བློ་ལ་བབ་སོང་། ཕྱི་ཡུལ་དུ་འཚོ་ཞིང་གནས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་དགོངས་ཚུལ་འདི་འདྲ་མང་པོ་བསགས་ནས་མགྱོགས་མྱུར་ངང་བོད་མི་རིགས་ཀྱི་བདེན་དོན་ཆེད་ལམ་ལ་ཆས་རན་འདུག

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དེ་རིང་མིང་གི་མགོ་ན་སློབ་དཔོན་མི་འདུག་མོད། ཕལ་ཆེར་ངའི་དྲ་གྲོགས་འཇིགས་བློ་ཡིན་པ་འདྲ། དྲ་གྲོགས་དགའ་བོ། དཔེ་ཀློག་རྒྱ་ཆེ་ཞིང་རིགས་པ་གཏིང་ཟབ་པའི་མི་དེ་གནད་ལ་ཐུག་དུས་འདྲ་ས་ཞིག་མི་འདུག བོད་ནང་གི་མེར་བསྲེགས་མཚམས་འཇོག་མི་འཇོག་དེ་བོད་ལ་རང་དབང་ཐོབ་མིན་གྱི་སྐད་ཆ་ཞིག་ལས། བོད་ནང་གི་ཞི་བའི་དཔའ་རྟུལ་ཚོ་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ག་ལ་ཡིན། ཡིན་ནའང་། བཙན་བྱོལ་གྱི་བླུན་པོ་ཚོས་དེང་སང་བླུན་རྟགས་དེ་འདྲ་སྟོན་གི་ཡོད་པ་རེད།
    ད་དུང་ཐ་མར་བོད་གཞུང་བཀའ་སྤྱི་གཉིས་ལ་ཞུས་པའི་རེ་བ་དེ་ནི། བླ་ན་མེད་པའི་ཐབས་མཆོག་ཉག་གཅིག་ཏུ་ཚོར་བས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། སང་ཉིན་གནང་ཉིན་ངས་ཀྱང་དེའི་སྐོར་ལ་བསམ་ཚུལ་ཤུགས་ཆེ་ཙམ་བཤད་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese