མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་ཞི་ཅིན་ཕེན་ལ་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་ཡིན་པ་གླེང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་ཞི་ཅིན་ཕེན་བོད་རྒྱ་ཡུ་གུར་གཙོས་མི་མང་བརྒྱ་ཕྲག་མང་པོའི་ངོ་རྒོལ་ཁྲོད། ཨ་རིའི་ཕོ་བྲང་དཀར་པའི་ནང་སྲིད་འཛིན་ཨོ་བྷ་མར་ཐུག་འཕྲད་སྐབས། ཨ་རིའི་སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིས་ཅིན་ཕེན་ཨ་རིར་རྒྱལ་དོན་གཟིགས་སྐོར་དུ་སྐྱོད་ཀྱི་ཡོད་པ་ལྟར། ཨ་རིའི་ཕྱི་ཚེས་ ༡༤ ཉིན་སྔ་དྲོར་ཨ་རིའི་ཕོ་བྲང་དཀར་པོ་རུ་སྲིད་འཛིན་ཨོ་བྷ་མས་ཞིས་ཅིན་ཕིན་ལ་སྣེ་ལེན་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་ཨོ་བྷ་མས་ཆུ་ཚོད་སྐར་མ་ ༨ རིང་འཚམས་འདྲིའི་གཏམ་བཤད་སྤེལ་ཏེ།   “ང་ཚོས་རྒྱ་ནག་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་དཔལ་འབྱོར་སྒྲོམ་གཞིའི་འོག་ཚང་མས་གཅིག་མཚུངས་ཀྱི་སྒྲིག་གཞི་ཞིག་བརྩི་སྲུང་བྱ་རྒྱུའི་རེ་བ་ཡོད། འབྲེལ་བ་དེ་བརྒྱུད་དེ་ཨ་རྒྱ་གཉིས་བར་གྱི་ཉོ་ཚོང་དོ་མཉམ་དང་འགན་སྲུང་བྱ་ཐུབ་ལ། འཛམ་གླིང་སྤྱིའི་ཉོ་ཚོང་དོ་མཉམ་ཡོང་རྒྱུར་ཡང་འགན་སྲུང་བྱ་ཐུབ། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་སོགས་གལ་ཆེའི་གནད་དོན་ཐད། ང་ཚོས་མུ་མཐུད་རང་ཉིད་ཀྱི་ལངས་ཕྱོགས་གསལ་འདོན་བྱས་ཏེ། འགྲོ་བ་མི་ཚང་མའི་རེ་འདོད་དང་ཁེ་དབང་མངོན་འགྱུར་གྱི་ལས་དོན་དེ་གལ་ཆེན་དུ་འཛིན་རྒྱུ་ཡིན” ཞེས་བརྗོད་དེ། ལོ་སྔོན་མར་ཁོས་ཤར་ཨེ་ཤ་ཡའི་ཚོགས་ཆེན་ཐོག་བརྗོད་པ་ཟིན་པ་ལྟར། ཨ་རི་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་མངའ་ཁུལ་ལ་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བར་མཉམ་འབྲེལ་ཐོག་ཤུགས་རྒྱག་རྒྱུ་ཡིན་སྐོར། དེ་བཞིན། འདས་པའི་ལོ་ ༢༠ ནང་རྒྱ་ནག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དེ་ཡིས། ཉིན་རེ་བཞིན་རྒྱ་ནག་སྟོབས་ལྡན་དང་དར་རྒྱས་འགྲོ་བཞིན་པའི་རྣམ་པ་མཚོན་ཡོད་ལ། དེ་དང་མཉམ་དུ་རྒྱ་ནག་ལ་སྔར་ལས་ལྷག་པའི་འོས་འགན་ཞིག་སླེབས་ཀྱི་ཡོད་པའང་བསྟན་ཡོད་ཚུལ་བརྗོད་འདུག  

སྐབས་དེར་ཞིས་ཅིན་ཕེན་གྱིས་སྐར་མ་ ༡ ཙམ་ལས་གཏམ་བཤད་བྱས་མེད་ལ། ཁོས་ཁ་སང་སྲིད་འཛིན་གཞོན་པ་པེ་ཏིན་དང་གླེང་མོལ་སྐབས་བསམ་ཚུལ་བརྗེ་རེས་བྱས་ཡོད་སྐོར་དང་། རྗེས་ཀྱི་གྲོས་མོལ་སྐབས་སྲིད་འཛིན་ཨོ་བྷ་མས་བསམ་ཚུལ་ལྷུག་པོ་བརྗོད་རྒྱུའི་རེ་བ་ཡོད་ཚུལ་ཙམ་ལས་བརྗོད་མེད། དེའི་རྗེས་ཀྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧེ་ལེ་རིས་ཡི་སྣེ་ལེན་གསོལ་སྟོན་སྐབས། ཨ་རིའི་སྲིད་འཛིན་གཞོན་པ་པེ་ཏེན་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སྐབས། ཞིས་ཅིན་ཕེན་གྱིས་མ་གཞི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་སྟོང་ཆ་ཡོད་ནའང་།  རྒྱ་དམར་གུང་བྲན་ཏང་གི་དབང་སྒྱུར་འོག་འདས་པའི་ལོ་ ༣༠ ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཕྱིན་ཡོད་ཚུལ་བརྗོད་ཡོད་འདུག 

ཨ་རིའི་ཕོ་བྲང་དཀར་པོར་ཨོ་བྷ་མ་དང་ཞིས་ཅིན་ཕེན་ཐུག་འཕྲད་སྐབས།  ཕོ་བྲང་དཀར་པོའི་མདུན་ཐང་དུ་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ། ཐེ་ཝན་སྤྱི་མཐུན་ལས་དོན་ཚོགས་པ། རྒྱ་ནག་དམངས་གཙོ་ཚོགས་པ། རྒྱ་རིགས་བུད་མེད་ཁེ་དབང་སྲུང་སྐྱོབ་ཚོགས་པ། ཆོས་འཁོར་རྩ་རླུང་ཚོགས་པ་སོགས་བོད་རྒྱ་ཡུ་གུར་གཙོས་མི་གྲངས་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་ཨ་རྒྱ་གཉིས་ཀྱི་མགོ་འཁྲིད་ཚོས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ལ་རྡོག་རལ་གཏོང་བཞིན་པའི་གནས་སྟངས་ཐད་གླེང་མོལ་བྱ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས་ “ང་ཚོའི་ཚོགས་པའི་ངོས་ནས་རེ་བ་དང་འཆར་གཞི་ཆེ་ཤོས་ནི། ད་ལྟ་ཡོད་པའི་ཞི་བའི་འཐབ་རྩོད་འདི། ད་དུང་ཡིན་ནའང་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།” ཅེས་བརྗོད་འདུག   

རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡཱང་ཅན་ལིས་ཡིས། “ལོ་སྔོན་མའི་ཕྱི་ཟླ་ ༧ ནང་ཞིས་ཅིན་ཕེན་གྱིས་བོད་ཀྱི་ལས་དོན་འགན་བླངས་པ་ནས་བཟུང་། བོད་ནང་དུ་སྔ་ཕྱིར་གནད་དོན་མང་པོ་བྱུང་ཡོད་ལ། ལྷག་པར་དུ་ཉེ་སྔོན་རྒྱ་གཞུང་གིས་དམར་ཤོག་དཔོན་རིགས་ཀྱི་པར་རིས་ཁྲི་ཕྲག་མང་པོ་བོད་ཀྱི་དགོན་སྡེ་དང་ཁྱིམ་ཚང་ཁག་ནང་འགེལ་དགོས་པའི་ལས་འགུལ་སྤེལ་ཡོད།  གནས་སྟངས་དེས་ཞི་ཅིན་ཕེན་ནི་འགྲོ་བ་མིའི་ཐོབ་ཐང་ལ་བཀག་སྡོམ་བྱེད་མཁན་ཞིག་ཡིན་པ་མངོན་ཡོད།” ཅེས་བརྗོད་དེ།  ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་དཔོན་རིགས་ཚོར་ཡིད་ཆེས་དེ་རེ་བ་བྱ་རྒྱུ་གང་ཡང་མེད་པ་དང་། རྒྱ་ནག་དམངས་གཙོར་བཅོས་བསྒྱུར་ཡོང་ཐབས་ལེགས་ཤོས་ནི་གཞི་རིམ་མང་ཚོགས་ཀྱི་དམངས་གཙོའི་སྟོབས་ཤུགས་གོང་སྤེལ་ཏུ་གཏོང་ཐབས་བྱ་རྒྱུ་དེ་ཡིན་སྐོར་བརྗོད་འདུག 

རྒྱ་ནག་གི་ཁྲིམས་རྩོད་ཀོ་ཀྲི་ཧྲན་གྱི་ཆུང་མ་ཀིན་ཧི་ལགས་ཀྱིས་ཀྱང་། མི་མང་གི་ངོ་རྒོལ་སྐད་སྒྲ་འདི་དག་ཞིས་ཅིན་ཕེན་གྱི་ཐོས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕེན་ལ་ཐུག་འཕྲད་སྐབས། འགྲོ་བ་མིའི་ཐོབ་ཐང་སྤྱི་ཡོངས་ཙམ་གླེང་སློང་བྱ་རྒྱུ་མ་ཡིན་པར། ཁོང་མོའི་ཁྱོ་ག་ཀོ་ཀྲི་ཧྲིན་གྱིས་མཚོན་པའི་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫུས་གཏོང་བཞིན་པའི་གནད་དོན་བྱེ་བྲག་པ་རེ་རེ་བཞིན་ཅོག་ཙེ་སྟེང་དུ་བཞག་སྟེ་གྲོས་མོལ་བྱ་རྒྱུར་རེ་འབོད་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག གཞན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཞི་ཅིན་ཕེན་ཨ་རིར་ཕྱོགས་སྐྱོད་དང་བསྟུན་ཏེ། འཛམ་གླིང་གི་དྲ་དམངས་ཡོངས་ལ་རྒྱ་ནག་གིས་གནས་འཕྲིན་དྲ་རྒྱ་བཀག་སྡོམ་ཐད་བསམ་ཚུལ་བསྡུ་རུབ་བྱས་ཏེ། ཨ་རྒྱ་གཉིས་ཀྱི་དཔོན་རིགས་ཚོར་སྙན་ཐོའི་ཚུལ་དུ་སྤྲོད་རྒྱུའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག 

ཐེངས་འདིར་ཞིས་ཅིན་ཕེན་གྱིས་ཨ་རིར་ཉིན་ ༥ རིང་གི་རྒྱལ་དོན་གཟིགས་སྐོར་གྱི་དུས་ཡུན་ནང་།  ཕྱི་ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་ལ་ཐུག་འཕྲད་གླེང་མོལ་བྱ་རྒྱུ་ཡིན་འདུག

 

 གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

སྐར་མ ༢༣ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༢༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

༢༠༢༥/༠༧/༠༣
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢

མཆན། 5

  1. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ཞི་ཅིན་ཕེན་ཡང་རྒྱ་ནག་གི་འདྲེ་རྒན་ཞིག་གི་ནང་ནས་གཅིག་རེད། ཁོས་ཨ་རི་ལ་ཡང་བཀོད་འདོད་འགར་བཞག་འདུག་ཀ

    Reply
  2. norlhatso says:
    ལོ་ 13 སྔོན།

    ཨ་རྒྱ་གཉིས་ཀྱི་འབྲེལ་བ་འདི་འགྲོ་བ་མིའི་ཐོབ་ཐངགོང་མཐོར་གཏོང་བའི་རེ་བ་རྩ་བ་ཉིད་ནས་མེད་པ་ཞིག་ཡིན། ཨ་རིས་གླེང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དེ་ནི་གཞན་ལ་འཇིགས་སྐུལ་དང་དྲག་རྒོལ་བྱེད་པའི་ལག་ཆ་ཞིག་ལས་དོན་དངོས་རྒྱལ་སྤྱིའི་བདེ་འཇགས་དང་ཞི་བདེ་རྨེག་མེད་དུ་གཏོང་གི་ཡོད་ལ། རང་ཉིད་ཀྱི་ཁེ་ཕན་རྩ་བར་བཟུང་བའི་སྲིད་བྱུས་འདིས་གླེང་ཨེ་ཤ་ཡའི་ཞི་བདེ་ལ་ཚབས་ཆེའི་གཏོར་བརློག་བྱེད་ཀྱི་ཡོད་པ་ཨ་རིའི་གཞུང་གིས་རྟོགས་ཡོད་མོད། འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་ཏེ་རྒྱ་དམར་དྲག་སྤྱོད་པའི་སྟོབས་ཤུགས་རྒྱ་བསྐྱེད་གཏོང་སྟེ་མཐའ་མར་རང་ཉིད་ཀྱི་སྐེ་ལ་གཅེབ་ཐག་སྐོན་རྒྱུ་ཉག་ཅིག་ལས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་མི་མང་དུང་ཕྱུར་མང་པོས་མྱོང་སྤྱོད་ཀྱི་སྐལ་བ་དེ་ཡོད་མི་སྲིད་པ་ཞིག་ཡིན། རྒྱ་དམར་སྲིད་གཞུང་ནི་འཛམ་གླིང་མི་མང་གི་རང་དབང་དང་ཞི་བདེ་མངོན་འཕྲོག་བྱེད་མཁན་གྱི་རྒྱལ་ཁབ་གཏེ་བོ་དེ་ཡིན་ལ། དེ་བཞིན་ཨ་རིའི་གཞུང་ནི་དེ་ལ་རམ་འདེགས་བྱེད་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་པ་ཞིག་ཏུ་འགྱུར་བཞིན་ཡོད་པས། འཛམ་གླིང་མི་མང་གི་རེ་བ་དང་རྨི་ལམ་ནི་འཇིགས་སྐྲག་དང་དངངས་འཚབ་ཅིག་ཏུ་འགྱུར་གྱི་ཡོད་པ་གསལ་པོ་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ང་ཚོའི་མེས་པོ་ལྟར་བོད་རང་གིས་མ་འཇོན་ན། བོད་དོན་མུ་མཐུད་ནས་ཕྱིས་དྲགས་བགྱིད་ཡོད་རེད། འགྲོ་བ་མིའི་ཐོབ་ཐང་གླེང་ཐུབ་པ་ཙམ་ཡང་ཞི་བདེར་ཕན་བགྱི་རེད། ཨ་རི་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ཞིས་ཅིན་ཕིན་སོགས་ཀྱིས་ཀྱང་དྲང་པོའི་ལམ་དུ་བསྐྱོད་ཐུབ་པའི་སྨོན་ལམ་ཞུ་རགྱུ་ལས་མ་འདས་ལགས། བོད་ཀྱི་བདེན་མཐའ་རྒྱལ་འགྱུར་ཅིག །

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    གང་ལྟར་རྒྱ་ནག་གི་སྲིད་བློན་གཞོན་པ་ཞིས་ཅིན་ཕེན་ཨ་རི་ཡོང་བ་མ་ཟད་ཨ་རིའི་ཨོ་བྷ་མ་དང་མཇལ་འཕྲིན་གནང་ཟིན། ཁོ་རང་གི་འདོད་པ་ཚིམས་སོང་བ་རེད།
    ཐེ་ཝན་དང་བོད་ཀྱི་ཚོགས་སྡེ་ཁག དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དག་གིས་ཀྱང་རང་སེམས་ཀྱི་སྡུག་བསྔལ་སེལ་ཕྱིར་སྐད་འབོད་གང་འཚམས་ཤིག་བྱས་ཡོད་པ་རེད། དེ་ལ་དེའི་ཚོད་ཀྱི་གྲུབ་འབྲས་ཤིག་ཐོན་པ་རེད། ཕྱོགས་གཉིས་ཀྱི་འདོད་པ་ཆུང་ཚེག་རེ་གྲུབ་ཟིན། ཡིན་ནའང་། ཨོ་བྷ་མས་བོད་པ་གཙོས་སྐད་འབོད་རྒྱག་མཁན་ཚོའི་སླད་དུ་རང་དབང་དང་མང་གཙོའི་སྐོར་གྱི་སྐད་ཆ་ཐུང་ངུ་ཞིག་ཕོག་ཐུག་མེད་པའི་སྒོ་ནས་བཤད་པ་རེད། རྒྱ་ནག་གི་སྲིད་བློན་གཞོན་པ་ཞིས་ཅིན་ཕེན་གྱིས་ལོ་ངོ་ཉི་ཤུའི་རིང་ལ་རྒྱ་ནག་གི་རང་དབང་དང་ཐོབ་ཐང་ཡར་རྒྱས་འགྲོ་གི་ཡོད་སྐོར་བཤད། ད་དུང་ནོར་འཁྲུལ་རེ་ཡོད་སྲིད་ཅེས་ཁ་འགོག་ཐུབ་བྱས་ཡོད།

    མདོར་ན་རང་རང་ས་ནས་རྩ་དོན་རྩོད་རྒྱུ་ལས་རྒྱལ་ཁབ་གཞན་གྱིས་རང་གི་ཁེ་བཟང་ལ་ལྟ་རྒྱུ་ལས་གཞན་དོན་གླེང་ནས་རང་ལ་གྱོང་ནམ་ཡང་རག་གི་འཇུག་མི་སྲིད་པ་མཁྱེན་པར་མཛོད།

    Reply
  5. ཤིང་ལོ། says:
    ལོ་ 13 སྔོན།

    སྤྱིར་འཛམ་གླིང་འདི་འགྲོ་བ་མི་ཡི་རིགས་ལ་བདག་པ་ལྟ་བུར་ཡོད་པས། དངོས་གནས་བྱས་ན་མི་རིགས་ཚང་མར་ཐོབ་ཐང་འདྲ་མཉམ་དགོས་པ་རེད། དེ་མ་གཏོགས་སུ་ལ་དབང་ཡོད་མེད་དང་། དམག་ཡོད་མེད། དཔལ་འབྱོར་ཡོད་མེད་ལ་ལྟོས་ཚེ། རྒྱ་ནག་གི་ཧམ་པ་ངེས་པར་དུ་འགོག་དགོས་ཀྱི་རེད་མ་གཏོགས། རྗེས་སུ་མྱང་མཁན་རྒྱལ་ཁབ་ཚང་མ་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese