མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་གཞོན་པ་གཉིས་ཀྱི་ནང་མོལ་ཨེ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་སྲིད་འཛིན་གཞོན་པས་ཨ་རིའི་སྲིད་འཛིན་གཞོན་པར། ཐེ་ཝན་དང་བོད་སོགས་ཀྱི་གནད་དོན་དེ་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པས། ཨ་རིའི་ཕྱོགས་ནས་གཟབ་ནན་བྱ་དགོས་ཚུལ་བཤད་ཡོད་ཟེར།

དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་ཨ་རིར་ཕེབས་སྐྱོད་སྐབས། གཏམ་བཤད་བྱས་པ་ཁག་ཅིག་ལུང་འདྲེན་བྱས་པའི་ནང་། ཨ་རིའི་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོར་ཞིས་ཅིན་ཕིན་ཨ་རིའི་མཁའ་དམག་གནམ་ཐང་དུ་འབྱོར་མ་ཐག ” ང་ཐེངས་འདིར་ཨ་རིར་ཡོང་དོན་ནི། ན་ནིང་ཟླ་དང་པོའི་ནང་སྲིད་འཛིན་ཧུའུ་ཅིན་ཐོ་ཨ་རིར་མཚམས་འདྲི་གནང་སྐབས། སྲིད་འཛིན་ཨོ་བྷ་མ་དང་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ཁག་ཅིག་བྱུང་ཡོད་པ་དེ་ལག་བསྟར་བྱེད་པར་ཡོང་བ་ཡིན” ཞེས་བརྗོད་ཡོད་ཚུལ་བཀོད་འདུག  

ཨ་རིའི་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པར་ཕོ་བྲང་དཀར་པོ་རུ་འཛིན་ཨོ་བྷ་མ་དང་ཐུག་འཕྲད་སྐབས། ཞིས་ཅིན་ཕེན་གྱིས “ཐེ་ཝན་གྱི་གནད་དོན་དེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་ལ་འབྲེལ་བ་ཡོད་པའི་དོན་དག་ཅིག་ཡིན་སྟབས། དེ་ནི་དུས་ནམ་ཡང་ཀྲུང་གོ་དང་ཨ་རིའི་ཆེས་སྲོག་ཤིང་དང་ཚོར་བ་ཆེ་བའི་གནད་དོན་དུ་གྱུར་ཡོད། ཨ་རིའི་ཕྱོགས་ནས་ཐེངས་མང་པོར་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་ལ་བསྔགས་བརྗོད་ཡོད” ཅེས་བརྗོད་ཡོད་སྐོར་ཙམ་ལས། ཨོ་བྷ་མས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གླེང་སློང་བྱས་ཚུལ་གང་ཡང་བཀོད་མི་འདུག

དེའི་རྗེས་ཨ་རིའི་སྲིད་འཛིན་གཞོན་པ་ཇཱོན་པེ་ཌན་(Joe Biden)དང་མཇལ་འཕྲད་སྐབས། ཞིས་ཅིན་ཕེན་གྱིས་སྐབས་རྗེས་མའི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཕྱོགས་སྐོར་ལ་གྲོས་གཞི་ལྔ་བཏོན་ཡོད་ཚུལ་བཀོད་པ་ལས། དོན་ཚན་གསུམ་པའི་ནང་། “ ཕྱོགས་གཉིས་ཀྱིས་འཕེལ་རྒྱས་བགྲོད་ལམ་ལ་ལྟ་ཚུལ་ཡང་དག་བཟུང་སྟེ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་བྱེད་པ་ལས། ཕན་ཚུན་བར་འགལ་ཟླ་དང་ཕ་རོལ་བའི་ཁེ་ཕན་ལ་གནོད་སྐྱེལ་མི་རུང་། ཐེ་ཝན་དང་བོད་སོགས་ཀྱི་གནད་དོན་དེ་ཀྲུང་གོའི་ཁེ་ཕན་གཙོ་བོ་ལ་འབྲེལ་བ་ཡོད་སྟབས། ཨ་རིའི་ཕྱོགས་ནས་གཟབ་ནན་དང་ཐག་གཅོད་འོས་འཚམ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཡང་བསྐྱར་དོ་ཕོག་ཡོང་གཞིའི་རིགས་ལ་སྔོན་འགོག་བྱ་དགོས” ཞེས་བཀོད་འདུག

གྲོས་གཞི་དོན་ཚན་བཞི་བའི་ནང་། “ མ་འོངས་པར་ཁ་ཕྱོགས་ཏེ་མི་དམངས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིས་མི་འབུམ་གཅིག་ ༡༠༠༠༠༠ ཀྲུང་གོར་མངགས་ནས་སློབ་སྦྱོང་བྱེད་པའི་འཆར་གཞི་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཀྲུང་གོའི་སློབ་མ་ཁྲི་གཅིག་ ༡༠༠༠༠ ཨ་རིར་མངགས་ཏེ་འབུམ་རམས་པའི་ཐོབ་ཐང་ལེན་པ་དང་། ཨ་རིའི་སློབ་མ་ཁྲི་གཅིག་ ༡༠༠༠༠ ཀྲུང་གོར་ཡོང་ནས་ཟབ་འཇུག་བྱེད་པ་དང་། ཁོང་ཅག་ལ་སློབ་རོགས་བྱ་དགའ་སྟེར་བ་བཅས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་རྣམས་འགྲོ་འོང་བྱེད་པར་སྔར་ལས་རྒྱ་ཆེ་བའི་སྟེགས་བུ་ཞིག་འདོན་སྤྲོད་བྱེད་དགོས” ཞེས་སོགས་བཀོད་འདུག

ཉིན་གུང་ཨ་རིའི་ཕྱི་སྲིད་བློན་ཆེན་ལྕམ་ཧེ་ལི་རེ་ཁུ་ལོན་ཊོན་དང་། ཨ་རིའི་སྲིད་འཛིན་གཞོན་པ་ཇཱོན་པེ་ཌན་གཉིས་ཀྱིས་ཞིས་ཅིན་ཕིན་གུང་ཟས་གསོལ་ཚིགས་ཤིག་ཏུ་མགྲོན་འབོད་བྱས་པའི་ཐོག ཞི་ཅིན་ཕེན་གྱིས། “ ཀྲུང་གོ་དང་ཨ་རི་གཉིས་ལ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་དང་། འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་ལྟ་བ་མི་མཐུན་ས་ཡོད་པ་ནི་རྒྱུན་ལྡན་ཡིན། གལ་ཆེ་ཤོས་དེ་ཕན་ཚུན་ལ་བརྩི་བཀུར་དང་གཞུང་དྲང་གིས་འབྲེལ་འདྲིས་བྱས་ཏེ་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ཕྱོགས་གཉིས་ཀས་མཉམ་ལས་གྲོགས་པོའི་འབྲེལ་བ་ལ་སྲུང་སྐྱོབ་བྱས་ཏེ། འཕེལ་རྒྱས་སུ་གཏོང་བའི་བློ་རིག་དང་ནུས་པ། ཐབས་ཤེས་སོགས་ཡོད་པར་ང་ལ་ཡིད་ཆེས་ཡོད” ཅེས་སོགས་བརྗོད་ཡོད་སྐོར་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

སྐར་མ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༡༡
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡

མཆན། 6

  1. ketaka says:
    ལོ་ 14 སྔོན།

    ཐོ་རངས་སྐར་ཆེན་ལགས་་་”དོམ་གྱིག་སེ་བ”་ཞེས་པ་སོག་སྐད་རེད་ཡང་ན་རྒྱ་གར་གྱི་སྐད་རེད་་སྐུ་མཁྱེན་་གང་གི་སྐད་བེད་སྤྱོད་གཏོང་གི་ཡོད་་འགྲེལ་བཤད་ཅིག་སྐྱོན་རོགས་

    Reply
  2. ཐོ་རངས་སྐར་ཆེན། says:
    ལོ་ 14 སྔོན།

    གསར་འགྱུར་མགོ་མཇུག་བར་གསུམ་དོམ་གྱིག་སེ་བ་ཞིག་བྲིས་འདུག

    Reply
  3. རིག་གྲོལ། says:
    ལོ་ 14 སྔོན།

    གསར་འགྱུར་འབྲི་སྟངས་འདི་ལ་ཁྱད་ཆོས་གསར་པ་ཞིག་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    ” ཐེ་ཝན་དང་བོད་སོགས་ཀྱི་གནད་དོན་དེ་ཀྲུང་གོའི་ཁེ་ཕན་གཙོ་བོ་ལ་འབྲེལ་བ་ཡོད་སྟབས། ཨ་རིའི་ཕྱོགས་ནས་གཟབ་ནན་དང་ཐག་གཅོད་འོས་འཚམ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཡང་བསྐྱར་དོ་ཕོག་ཡོང་གཞིའི་རིགས་ལ་སྔོན་འགོག་བྱ་དགོས ” འདིའི་ནང་དོན་རྡོག་རྡོག་ཨ་རིས་ཁ་ལ་བདག་པོ་རྒྱོབས་ལབ་འདུག

    Reply
  4. དམར་ཁ་ཚ། says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་བཀའ་དྲིན་ཆེ་གསར་འགྱུར་གྲལ་དག་ཞིག་རྒྱུད་སྤྲོད་བྱས་འདུག

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ལྟས་ངན་ཞིས་ཅིན་ཕིན་དེས། རང་གི་བྱས་ཉེས་མི་གླེང་བར་ད་དུང་རེ་བ་དང་ཧམ་པ་ཚ་བ་ལ། ལག་དམར་དང་རུལ་སུངས་ཀྱི་རྒྱུད་པ་ལ་ཡག་པོ་ཞིག་གང་ན་ཡོད་དམ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཞིས་ཅི་ཕིན་གྱིས། ་་་་་། འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་ལྟ་བ་མི་མཐུན་ས་ཡོད་པ་ནི་རྒྱུན་ལྡན་ཡིན། ཟེར་བ་ལ་བལྟས་ན་ངོ་ཅུང་ཟད་ཚ་མེད་འགྲོ་སྙམ་པ་འདུག་ལགས། ཞིས་ཅི་ཕེན་སྡིག་ཆེན་ཁྱོད་ཀྱིས་ཀྱང་ལས་ནག་པོ་དཀར་པོ་མང་ཙམ་བྱ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese