བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བསླེབ་ལ་ཉེ་བའི་ལོ་སར་གནམ་གང་ནས་ཚེས་གསུམ་བར། བོད་མི་འདུས་སྡོད་ས་གནས་ཡོངས་སུ་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་དང་རྒྱལ་དར་མེར་བསྲེགས། བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་ཐེབས་རྩའི་མ་དངུལ་བསྡུ་རུབ་སོགས་བྱ་རྒྱུ་ཡིན་འདུག
ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་བཞུགས་སྒར་ཁྲོམ་གཞུང་དུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྐྱ་སེར་བརྒྱ་སྐོར་ཞིག་མཉམ་ཞུགས་ཀྱི་མར་མེ་ཁྲོམ་སྐོར་ཞིག་གནང་སོང་ལ། དེ་དང་མཉམ་དུ་བསླེབ་ལ་ཉེ་བའི་བོད་ཚེས་ ༢༩ ནས་ལོ་གསར་ཚེས་ ༣ བར་གྱི་ལས་འགུལ་ཁག་ཅིག་མི་མང་ལ་གསལ་བསྒྲགས་གནང་སོང་།
མར་མེ་ཁྲོམ་སྐོར་མཇུག་སྡོམ་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་བསྟན་སྲིད་ཆེད་འདས་གྲོངས་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་མྱ་ངན་གུས་འདུད་བྱས་རྗེས། གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་འདས་པའི་ཟླ་ངོ་ ༡༢ རིང་། བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༣ ཙམ་གྱིས་རང་ལུས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་ཟིན་ཞིང་། དེའི་ཁྲོད་མི་ ༡༣ འདས་གྲོངས་དང་གཞན་མང་ཆེ་བ་རྒྱ་ལག་ཏུ་ཤོར་ཏེ་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་སྐོར་ངོ་སྤྲོད་གནང་སོང་།
ཁོས་མུ་མཐུད་དུ་རྒྱ་གཞུང་གིས་བོད་མིའི་སྟེང་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་མང་པོ་དམར་གསོད་བཏང་དེ་དག རྒྱ་གཞུང་གིས་འཛམ་གླིང་མི་མང་ལ་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ ༦༠ རིང་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་པ། རྒྱ་ནག་གི་སྲིད་ཇུས་ལ་དགའ་མོས་དང་རྒྱབ་སྐྱོར་ཡོད་པ་ལས། ཡུལ་གྱར་སྲིད་གཞུང་དང་ཏཱ་ལའི་བླ་མར་ཡིད་ཆེས་དང་གུས་བཀུར་མེད་པའི་རྫུན་བསྒྲགས་བྱས་པའི་བརྒྱུད་རིམ་ནང་བྱུང་བ་དང་། དེས་རྒྱ་ནག་གིས་མེ་མདས་དྲག་གནོན་དང་དངུལ་གྱིས་བསླུ་བྲིད་བཏང་ཡང་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་ལ་མགོ་སྒུར་གྱི་མེད་པ་དང་། དངུལ་གྱིས་བསླུ་ཐུབ་ཀྱི་མེད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། མི་རབས་གསར་པ་དག་གི་རྒྱལ་ཁབ་སླར་གསོའི་རེ་བ་མཐོ་རུ་འགྲོ་བཞིན་ཡོད་སྟབས། གཞོན་ནུ་ལྷན་ཚོགས་ཀྱིས་ཁོང་ཅག་གི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་ཡི་རངས་མཐའ་གཅིག་ཏུ་ཞུ་རྒྱུ་ལས། ལས་འགུལ་ལ་བརྒྱུད་སྐུལ་བྱེད་ཀྱི་མེད་པ་དང་། ལས་འགུལ་མཚམས་འཇོག་རྒྱུར་འབོད་སྐུལ་ཞུ་བའི་སྤོབས་པ་ཡང་མེད་ཚུལ་བརྗོད་བྱུང་།
ཚོགས་གཞོན་ལགས་ཀྱིས་ལོ་སར་སྐབས་ཀྱི་ལས་འགུལ་ཐད་བརྗོད་དོན། “གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཆུ་འབྲུག་ལོའི་ལོ་སར་མ་གནང་རོགས་གནང་ཞེས་འབོད་སྐུལ་དང་། མ་འོངས་བོད་རྒྱལ་ཁབ་འཛུགས་སྐྲུན་གྱི་ཐེབས་རྩའི་མ་དངུལ་བསྡུ་རྒྱུའི་གསལ་བསྒྲགས་བྱས་པ་ལྟར། ང་ཚོས་བོད་ཚེས་ ༢༩ ཉིན་གྱི་དགོང་མོར་ས་གནས་ཡོངས་སུ་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་དང་། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་མ་ཟད། ཉེ་ལམ་བོད་ནང་བྱུང་བའི་གནས་ཚུལ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན། ལོ་སར་ཚེས་ ༡ ཉིན་འཛམ་གླིང་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། བོད་ལྭ་གྱོན་པ་དང་བོད་ཟས་ཟོས་ཏེ་ལྷག་དཀར་སྲུང་གཙི་དང་འབྲེལ་སྔ་དྲོ་མཆོད་མེ་བསྒྲོན་རྒྱུ་དང་། དགོང་དྲོའི་ཆུ་ཚོད་ ༩ པའི་ཐོག་མྱ་ངན་གུས་འདུད་མཚོན་ཆེད་རང་ཁྱིམ་དུ་གློག་བསད་དེ་མྱ་ངན་བྱ་དགོས། ཕྱི་ཚེས་ ༢ ཉིན་བོད་རྒྱལ་ཁབ་འཛུགས་སྐྲུན་གྱི་ཐེབས་རྩའི་མ་དངུལ་བསྡུ་རྒྱུ་དང་། ལོ་སར་ཚེས་ ༣ ཉིན་བསྔོ་སྨོན་མཆོད་འབུལ་གནང་རྒྱུ་ཡིན།
དེ་བཞིན། ལྡི་ལི་གཙོས་པའི་ས་གནས་ཁག་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གཞུང་ཚབ་ལ་ཐུག་འཕྲད་ཀྱིས། བོད་ནང་གི་གནས་ཚུལ་ཞུ་སྐུལ་བྱ་རྒྱུ་དང་། ད་དུང་གཞི་རྒྱ་ཆེ་ལ་རྒྱུན་རིང་བོའི་ལས་འགུལ་ཞིག་བང་བསྒྲིགས་ཡོད། ” ཅེས་གསལ་བསྒྲགས་དང་འབྲེལ། གཞོན་ནུའི་ཐེབས་རྩ་དེ་བོད་རང་བཙན་སླར་གསོའི་ཐེབས་རྩ་མིན་པར། རང་བཙན་སླར་གསོའི་རྗེས་སུ་རྒྱལ་ཁབ་འཛུགས་སྐྲུན་གྱི་ཐེབས་རྩ་ཡིན་སྐོར་དང་། རྒྱལ་དར་མེར་བསྲེགས་ཐད་རྒྱ་ནག་ལ་ཕོག་ཐུག་འགྲོ་མིན་གྱི་སྐད་ཆ་སྣ་ཚོགས་ཡོད་ཀྱང་། ད་ལྟའི་བར་བོད་མི་ས་ཡ་གཅིག་ལྷག་སྐར་ལྔའི་དར་དམར་འོག་དམར་གསོད་བཏང་ཡང་དགོངས་དག་ཞུ་མྱོང་མེད་པ་ལྟར། གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་མ་ཐོབ་པར་རྒྱལ་དར་མེར་བསྲེག་གཏོང་རྒྱུ་ཡིན་པ་དང་། དེ་ནི་གཞོན་ནུའི་ལས་འགན་དང་འཐབ་རྩོད་ཀྱི་རྣམ་འགྱུར་ཡིན་སྟབས། མུ་མཐུད་ཕོག་ཐུག་འགྲོ་བའི་འཐབ་རྩོད་བྱ་རྒྱུའི་གསལ་བཤད་ཡང་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཆུ་འབྲུག་ལོའི་ལོ་སར་གནམ་གང་ནས་ཚེས་གསུམ་བར་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོར་ལས་འགུལ་གྱི་སྣེ་འཁྲིད་རྒྱུ་ཡིན་པ་མ་ཟད། ལོ་སར་སྐབས་གུང་གསེང་མེད་པར་སྔར་རྒྱུན་ལྟར་ཞོགས་པའི་ཆུ་ཚོད་ ༩ པ་ནས་དགུང་དྲོའི་ཆུ་ཚོད་ ༥ བར་ལས་ཁུངས་ནང་འཛོམས་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
སྲོང་བཙན་སྒང་པོ་རྒྱ་འོག་བསྡད་འདོད་ཡོད་པ་འདྲ། དེང་རབ་ཀྱི་སྲོང་བཙན་སྒང་པོ་རང་རེད་འདུག། རྒྱ་ནག་གི་ཁྱོད་ལ་དངུལ་ལོ་ག་ཚོད་རྔན་པ་སྤྲད་བྱུང་གསལ་བཤད་གཅིག་གནང་དང་། གཞན་གང་ཡང་བཤད་དགོས་པ་མི་འདུག། རྒྱ་ནག་གིས་བོད་མི་དམར་བསོད་བྱས་པ་དག་གི་ཆེད་མཉམ་འབྲེལ་རྒྱལ་ཚོགས་ལ་ཁྱོད་ཀྱི་མིང་ཐོག་ནས་སྙན་ཞུ་ག་ཚོད་གཅིག་ཕུལ་མྱོང་ཡོད་གྲོགས་པོ་ལགས། དེ་དག་ཚང་མ་སྟོང་ཆ་རེད་དགོས་མེད་ཀྱིས་ནང་ཁུལ་དཀྲུག་དཀྲུག་མི་བྱེད་རོགས་སྙིང་ནས་ཐུགས་རྗེ་ཆེ་ཞུ།
དེང་གི་གཞོན་ལྷན་ནི་སྐབས་འཚོལ་རིང་ལུགས་པ་ཡིན་པ་ནི། འདྲ་དཔར་འདིས་ར་འཁྲོད་ཐུབ་པ་མིན་འདུག་གམ། ཧ་ཧ།
ངས་ལོ་སར་ཉིན་རྒྱ་མའི་དར་དམར་ཞིག་མེ་བསྲེགས་བཏང་ནས་ལོ་ནག་འདི་སྐྱེལ་མ་བྱེད་འདོད་ཡོད། དྲ་གྲོགས་ཚོ་རང་རང་ས་ནས་དར་དམར་རེ་མེ་བསྲེགས་གཏོང་རྒྱུའི་གྲ་འགྲིག་བྱེད་རོགས།
སློང་མོ་རྒྱབ་ན་སྒེར་གྱི་མིང་ཐོག་ནས་རྒྱག་རོགས། བོད་རྒྱལ་ཁབ་མ་ཟེར་རོགས།
སྐྱག་ཟིན་འདི་ཚོས་བཤད་སྟངས་བལྟོས་ཤིག
སྲོང་བཙན་སྒམ་པོ་ལགས་ཀྱིས་གཞོན་ནུའི་རུལ་སུངས་ཕྱིར་བཏོན་བྱས་འདུག དངོས་གནས་རྒྱབ་སྐྱོར་ཡོད། མི་བློ་ལྡན་གཟུར་གནས་ཚང་མ་ཁོང་གི་རྗེས་སུ་འགྲང་རོགས། ཁོང་ནི་རྒྱལ་གཅེས་པ་ལྷག་བསམ་གཡོ་མེད། མཁས་པ་ཞིག་ཡིན་ཐག་ཆོད་རེད།
སྲོང་བཙན་སྒམ་པོ་ཞེས་པའི་རྒྱ་མིའི་རྒྱུག་ཁྱི་དེས་སྐར་ལྔ་དར་དམར་ལ་དགའ་ཞེན་ཆེན་པོ་ཡོད་པ་མ་ཚད་བོད་ཀྱི་སྲིད་དོན་ཚོགས་པ་དང་གཞུང་གཉིས་བར་ལ་དཀྲུག་ཤིང་རྒྱག་གི་འདུག་པས་ཚང་མས་གཟབ་གཟབ་གནང་རོག
སྲོང་བཙན་སྒམ་པོ་མཆོག་ལ་རྒྱབ་སྐྱོར་ཡོད། གཞོན་ནུ་ལྷན་ཚོགས་ཀྱི་ཀུན་སློང་ང་དོགས་པ་ཡོད། ཁོང་ཚོའི་རང་བཙན་གྱི་རྨང་གང་ལ་འཇོག་དགོས་ནི་རེད། དེ་སྔའི་དགའ་ལྡན་ཕོ་བྲང་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མ་ཐུག་པར་ཆབ་མདོའི་མན་ལ་བདག་པོ་རྒྱབ་མེད་པ་དེང་སང་གི་ཁྲིམས་དང་ལོ་རྒྱུས་གཉིས་ཀའི་ཡིག་ཆར་གསལ་བོ་རེད། གཞོན་ལྷན་གྱིས་སྔ་མོར་བོད་རང་སྐྱོང་ལྗོངས་སམ་དགའ་ལྡན་ཕོ་བྲང་གི་རང་བཙན་བཤད་ཀྱི་ཡོད་པ་རེད།
༧རྒྱལ་མཆོག་བཅུ་བཞི་པས་ལོ་རྒྱུས་ནག་ཉེས་དེ་དག་གཙང་ཕྱག་གིས་རང་སྐྱོང་གི་ལམ་ཁ་འདེམས་པ་དེ་བོད་རང་གི་ལྗིད་ཁོག་ཡོངས་སུ་མཁྱེན་ནས་དགོངས་ཚུལ་བཏོན་པ་ཞིག་རེད། དེར་བོད་མི་མང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་མ་ཟད་ཁོང་སྐུ་ཚེ་འདིར་བོད་དུ་ཕེབས་རྒྱུར་ཚང་མས་ཚེ་སྲོག་བཏང་ནས་འབད་བརྩོན་བྱེད་བཞིན་པ་ཡིན། ཡིན་ནའང་། གཞོན་ནུ་ལྷན་ཚོགས་བོད་མི་མང་གི་མངོན་འདོད་རྩ་ཆེན་པོ་དེར་ཅིའི་ཕྱིར་གཏོར་བརླག་ཁ་གཏད་གཅོག་གི་ཡོད་པ་རེད་དམ། འདི་ཚང་མས་ཡིད་ལ་འཛིན་དགོས་པ་ཞིག་རེད། ཁོང་ཚོ་དོགས་པ་ཟ་ས་མང་པོ་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བཤད་འདོད་པ་སྟེ། ཁྱོད་ཚོ་ངོ་མ་བོད་ལ་ཞེན་ཁོག་ཡོད་པ་དང་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་གཅེས་སྲུང་བྱེད་འདོད་ན། དང་པོ་ཁྱོད་རང་ཚོས་བོད་ཀྱི་སྐད་དང་ཡི་གེར་འབད་པ་བྱེད་རོགས། ཁྱོད་ཚོས་ར་སྐད་སྐད་ལུག་སྐད་བསྲེས་མའི་་སྐད་འབོད་ཀྱིས་བོད་རང་བཙན་ལོན་གྱི་མ་རེད་ལ། ཁྱོད་ཚོས་ནུབ་ཕྱོགས་ཀྱི་ལྟ་བ་ཁུར་ནས་མ་ཡིན་ཡིན་མདོག་དང་མི་འཇོན་འཇོན་མདོག་གིས་བོད་ཀྱི་བསྟན་སྲིད་ལ་གནོད་པ་ལས་ཕན་པ་བསྒྲུབ་ནུས་ཀྱི་མེད་པ་དངོས་ཡོད་ཡིན་པས། རྗེ་༸གོང་ས་མཆོག་གི་དགོངས་དོན་ལ་བར་ཆད་མ་བཟོ་རོགས། ཁྱོད་ཚོས་མ་འཇོན་ཡང་བསམ་འཆར་མེད་༸གོང་ས་མཆོག་གི་དགོངས་དོན་ཏེ་བོད་རྒྱ་གཉིས་ཕན་གྱི་ལམ་རང་སྲིད་རང་སྐྱོང་རྩོད་ལེན་བྱ་བར་བར་ཆད་མ་གཏོང་རོགས། ཁྱེད་ཚོས་བོད་ཀྱི་རྩ་བའི་ཐོབ་ཐང་རྩོད་ལེན་ལ་གནོད་པ་ལས་ཕན་ཐོགས་ཀྱི་ཡོད་པར་མཐོང་གི་མི་འདུག། བགྲང་བྱ་བཅུ་ཕྲག་འགའི་རིང་༸གོང་ས་མཆོག་དང་ཁོང་ལ་དམ་ཚིག་གཙང་བའི་ཕྱག་རོགས་དང་དེ་མིན་བོད་མི་མང་གིས་ཁོང་ལ་དད་པ་དམ་ཚིག་གཙང་བའི་བཀའ་དྲིན་ཉག་གཅིག་ལས། ཁྱོད་གཞོན་ལྷན་གྱིས་ཁ་ཡོད་ལག་ཡོད་ཀྱི་བོད་སྤྱི་བར་ཕན་པ་ཞིག་ཐོགས་ཡོད་པ་དེ་དུས་དབང་སྐབས་སུ་རྒྱལ་ཁབ་ཕྱི་ནང་དང་ཁྱད་པར་དུ་བོད་འབྱོར་ཆོས་ཞུ་བ་ཚོར་རོགས་རམ་འདེགས་གང་ལེགས་གནང་བ་དེ་ལས་མཐོང་མྱོང་མེད་དོ།
ཕྱི་ན་དཔུང་རོགས་ཤིག་མེད་པ་ངོ་མ་ཡིན།།
ནང་ན་དམག་དཔུང་ཞིག་མེད་པ་བདེན་པ་ཡིན།།
མཛོད་ན་རྒྱུ་ནོར་ཞིག་མེད་པ་མངོན་སུམ་ཡིན།།
མེད་པ་གསུམ་ལྡན་གྱིས་རང་བཙན་ག་ལ་ལོན།།
མི་ངན་ལ་ལ་ལ་དྲན་རྒྱུ་མང་བ་ཡིས།།
མི་ཕོགས་རྡོ་ཆེ་དེ་གནམ་ལ་ཕྱར་ཁ་བྱས།།
མི་ཡི་མགོ་བོ་དེ་གཅོག་པ་ཕར་ལ་ཞོགས།།
མི་བུ་དཔའ་བོ་ཚོའི་ཚེ་སྲོག་ཐལ་བར་བཟོས།།
རང་ས་མི་ལོན་ནོ་རང་ལ་མངོན་བཞིན་དུ།།
རང་བཙན་གཙང་མ་དེ་མི་དོར་དམ་བཅའ་ཞེས།།
རང་དབང་ལུང་བ་ནས་སེམས་ཤུགས་ཆེ་མདོག་གིས།།
རང་རིགས་སྤུན་ཟླ་ཚོའི་སྐུ་སྲོག་ཕངས་མེད་བྱས།།
མི་ཡི་ཁ་ཡག་ལ་དགའ་བའི་ཁ་མཁས་ཚོ།།
རེ་བ་སྟོང་ཟད་ལ་གཏོང་བའི་ཁོག་མཁས་ཚོ།།
བཀའ་ཁྲི་གསར་བ་ཡི་བཀའ་ལ་མ་ཉན་ན།།
མུན་ནག་མདའ་འཕེན་གྱིས་མི་རིགས་བརླག་གི་ཡྭ།།
ལས་འགུལ་མ་རྩོམ་གོང་ལ། གཞོན་ནུ་ལྷན་ཚོགས་ཀྱིས་བསམ་བློ་ཐོངས། མཐུན་འབྲེལ་ཕྱོགས་ལ་བསམ་བློ་ཐོངས་། རྒྱ་བོད་གཉིས་ཀ་ལ་བསམ་བློ་ཐོངས། རེ་བ་བཟང་ས་ལ་བསམ་བློ་ཐོངས། བསམ་བློ་ཐོངས། རྒྱ་དང་མམཐུན་ན་ཡང་བོད་དང་མཐུན་པ་གྱིས། བསམ་བློ་ཐོངས། འགྱོད་པ་རྗེས་ལ་ཡོང་ན་་་་་་་་་་
ད་ལྟའི་ང་ཚོའི་རེ་བ་དང་སྨོན་ལམ་ནི། བོད་མི་ས་ཡ་དྲུག་ཀྱང་དར་དམར་འདིའི་འོག་ལ་དྲང་བདེན་དང་། འདྲ་མཉམ། ཆོས་དད་རང་དབང་། སྐད་ཡིག་དང་རང་ཁུངས་ཆབ་སྲིད་རང་དབང་སོགས་ལ་བརྩོན་བཞིན་པ་མ་ཡིན་ནམ། གཞོན་ལྷན་ཚོ།
ངས་ཁྱེད་ཚོ་ལ་བཤད་ཡོང་། ཁྱེད་ཚོའི་ཁ་ནས་གང་ཐོན་བཤད་པ་ལས། དངོས་སུ་ལག་ལེན་ཅི་ཞིག་ལྟར་མྱུང་། གལ་སྲིད་ང་ཚོ་རྒྱ་དམར་ལ་ངོ་རྒོལ་བྱེད་ཆོག་པ་མེད་ན། ང་གངས་རིའི་སྤུན་ཟླ་དག་ཇི་ལྟར་དམར་གསོད་བཏང་བ་དང་། བཙོན་དུ་བཅུག་པ། རྡུང་རྡེག་བཏང་བ། ཚར་འདྲི་བྱེད་པ་ལ་སོགས་པ་དེ་དག་ལ་དགའ་བསུ་ཞུ་དགོས་སམ། ད་དུང་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ག་རེ་བྱས་ནས་གདམ་པ་རེད། དེ་འུ་ཐུག་ཐབས་ཟད་དུ་ལྷུང་ནས། གདམ་པ་ཞིག་རེད་དམ། ཡང་ན་ང་ལ་རང་བཙན་མི་དགོས། རྒྱ་དམར་འོག་ཏུ་སྡད་རྒྱུ་ཡིན་གསུང་ཡོད་པ་རེད་དམ། བསམ་བློ་ཞིབ་ཏུ་བཏང་རོགས།
ད་དུང་གཞོན་ལྷན་ཀྱིས་རྒྱ་མའི་དམག་དར་མེ་བསྲེགས་བཏང་བ་ལ་མི་དམངས་ཁོང་ཁྲོ་ལངས་ན། ང་ཚོ་སྤུན་ཟླ་དེ་དག་ཁོ་ཚོས་དམར་གསོད་བཏང་བ། མཐའ་མ་ཧུ་ཐུག་ཏེ། རང་ལུས་མེ་བསྲེགས་བཏང་བ་དེ་དག་ལ། ང་ཚོའི་དགའ་བསུ་ཞུ་ནས་སྡོད་དགོས་པ་རེད་དམ། ཡང་ན་ག་རེ་བྱེད་དགོས་པ་རེད། ང་ཚོའི་ག་རེ་བྱས་ནས་རྒྱ་དར་མེ་བསྲེགས་བཏང་མི་ཆོག།།
སྲོང་བཙན་སྒམ་པོ་ལགས། ཁྱེད་ཀྱིས་བཀའ་སྤྱི་གཉིས་དེ་རྩེ་མོ་རྩེ་བྱེད་ཞིག་ཏུ་མཐོང་གི་འདུག་གམ། ཁྱེད་ཀྱིས་གང་འདྲ་བྱས་ནས་སྙན་ཞུ་གཏོང་གི་ཡིན། རྡ་སའི་ཁང་པ་ཚང་མའི་ཐོག་ཏུ་རྒྱ་དམག་གིས་དར་ཆ་བསྒྲེངས་དགོས་ཞེས་ལབ་ཀྱི་ཡིན་ནམ། ཡང་ན་རྒྱ་དམག་གིས་དར་ཆ་དེ་རྒྱ་ཡུལ་ལ་གདན་དྲངས་དགོས་ལབ་ཀྱི་ཡིན།
ངས་ལྟས་ན་ཁྱེད་ཀྱི་མིང་དེ། སྲོང་བཙན་སྒམ་པོ་བཏག་ན་ལེན་པོ་ཆུང་ནས་མི་འདུག། དེ་ལས་ཁྱེད་རང་ལ་རྒྱ་དམར་ཀྱིས་སྲོང་བཙན་སྒམ་པོ་བཏག་ན་མཚམས་ཤོས་རེད། ཤེས་སོང་ངམ།
མཐར་ཐུག་ངས་ནམ་ཡང་བོད་ཀྱི་གཞོན་ལྷན་ལ་རྒྱབ་སྐྱོར་དང་ཡིད་ཆེད་ཡོད་པ་མ་ཟད། ང་རང་ཡང་མགྱོགས་མྱུར་གཞོན་ལྷན་ལ་ཞུགས་རྒྱུ་ཡིན། ངས་རང་བཙན་མ་ཐོབ་བར་དུ། རྒྱ་དམག་གི་དར་ཆ་མེ་བསྲེགས་བཏང་རྒྱུ་ཡིན། ཤེས་སོང་ངམ།
བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ཀྱི་ངོ་བོ་རིག་གནས་རྩ་བརླག་གཏོང་བཞིན་པར་ངོ་རྒོལ་སྤེལ་བ་ཉག་ཅིག་ཡིན་ནའང་། གཞོན་ལྷན་གྱིས་འདི་ལྟར་གོང་གི་རྩ་དོན་སྒྲུབ་བྱ་འདི་གཉིས་ལ་ཁྱད་གསོད་ཀྱིས་ལས་འགུལ་སྤེལ་འཆར་འདི་གཞོན་ལྷན་རྒྱུན་ལས་རིམ་བྱོན་གྱི་བྱས་རྗེས་ནག་བསུབ་བཏང་བ་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བོད་ལ་རང་སྐྱོང་ཐོབ་རྒྱུར་གཏོར་བརླག་བྱས་པ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་སྐུ་ཚེ་འདིར་བོད་དུ་གདན་འདྲེན་ཞུ་འདོད་མེད་པ་དང་། དེ་དག་ལེགས་འགྲུབ་བྱུང་རྒྱུར་ཆེད་མངགས་གཏོར་བརླག་བྱེད་ཀྱི་ཡོད་པ་རེད།
ཁ་སང་ཡེ་ཤུའི་བླ་ཆེན་ནོ་ཝེ་ཞི་བདེའི་དེད་དཔོན་གདན་འདྲེན་ཞུ་སྐབས་གནམ་ཐང་ནས་༧རྒྱལ་བ་རིན་པོ་ཆེ་ནས་རྒྱ་མིའི་རྒྱལ་དར་མི་བསྲེགས་རྒྱུ་དང་ཞིས་ཆིན་ཕིན་ལ་ངོ་རྒོལ་མི་བྱེད་རྒྱུའི་དགོངས་ཚུལ་བཏོན་འདུག ་་་་་ཟེར་བ་འདི་ལ་རྒྱབ་སྐྱོར་ཡོད་ལགས།
བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ཀྱི་ངོ་བོ་རིག་གནས་རྩ་བརླག་གཏོང་བཞིན་པར་ངོ་རྒོལ་སྤེལ་བ་ཉག་ཅིག་ཡིན་ནའང་། གཞོན་ལྷན་གྱིས་འདི་ལྟར་གོང་གི་རྩ་དོན་སྒྲུབ་བྱ་འདི་གཉིས་ལ་ཁྱད་གསོད་ཀྱིས་ལས་འགུལ་སྤེལ་འཆར་འདི་གཞོན་ལྷན་རྒྱུན་ལས་རིམ་བྱོན་གྱི་བྱས་རྗེས་ནག་བསུབ་བཏང་བ་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བོད་ལ་རང་སྐྱོང་ཐོབ་རྒྱུར་གཏོར་བརླག་བྱས་པ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་སྐུ་ཚེ་འདིར་བོད་དུ་གདན་འདྲེན་ཞུ་འདོད་མེད་པ་དང་། དེ་དག་ལེགས་འགྲུབ་བྱུང་རྒྱུར་ཆེད་མངགས་གཏོར་བརླག་བྱེད་ཀྱི་ཡོད་པ་རེད།
ཁ་སང་ཡེ་ཤུའི་བླ་ཆེན་ནོ་ཝེ་ཞི་བདེའི་དེད་དཔོན་གདན་འདྲེན་ཞུ་སྐབས་གནམ་ཐང་ནས་༧རྒྱལ་བ་རིན་པོ་ཆེ་ནས་རྒྱ་མིའི་རྒྱལ་དར་མི་བསྲེགས་རྒྱུ་དང་ཞིས་ཆིན་ཕིན་ལ་ངོ་རྒོལ་མི་བྱེད་རྒྱུའི་དགོངས་ཚུལ་བཏོན་འདུག དེ་དག་ཚོགས་གཙོ་དང་བཀའ་ཁྲི་རྣམ་གཉིས་ཀྱིས་གསན་ཡོད་པ་རེད། དེ་ཡིན་དུས། བཀའ་སྤྱི་གཉིས་ལ་རྒྱལ་དར་མེར་བསྲེགས་ཐད་དམིགས་བསལ་གྱི་ལངས་ཕྱོགས་འཛིན་དགོས་པའི་འོས་འགན་ཡོད། དེ་ལས་ཀྱང་འཛིན་སྐྱོང་བཀའ་ཤག་གིས་འདིའི་ཐད་ཡོངས་བསྒྲགས་ལངས་ཕྱོགས་གསལ་བཏོན་གྱིས་ས་གནས་ཁག་ཏུ་བཀོད་ཁྱབ་གཏོང་འཆར་ལ་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། གཞོན་ལྷན་གྱིས་དངོས་གནས་ད་དུང་བསམ་གཞིག་མེད་པའི་ལས་འགུལ་འདི་འདྲ་སྤེལ་ན། རྒྱུན་ལས་སྐབས་འདི་བོད་གཞུང་མང་གཉིས་ལ་གྲི་ཁ་ཁ་དང་ཤ་སོ་སོ་བྱེད་དགོས་ཀྱི་རེད། དེ་ལུགས་ཀྱི་གནས་ཚུལ་དབྱིན་རྒྱ་བོད་གསུམ་ནས་རྒྱལ་སྤྱིར་བསམ་འཆར་འདོན་ངེས་ཡིན། དེ་བས་གཞོན་ལྷན་གྱིས་ཐུགས་བསམ་བཞེས་རྒྱུ་གོ་སྐབས་ཐེངས་གཅིག་སྤྲོད་ངེས་ཡིན།
དེ་དང་ཆབས་ཅིག་བཀའ་ཤག་དང་དབུ་མའི་ལམ་གྱི་མི་མང་ལས་འགུལ་ལྷན་ཚོགས་དབུས་ས་གཉིས་ལའང་དོན་གནད་འདི་ཐད་ལངས་ཕྱོགས་གསལ་བཏོན་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཁྱེད་རྣམས་ཀྱི་ཨིས་མལ་ཁ་བྱང་ཐོག་ང་ཚོའི་བསམ་ཚུལ་འདི་ཕུལ་ཟིན་པས། མྱུར་ཏུ་དགོངས་བཞེས་གནང་རོགས།
རྒྱ་དམར་གྱི་དར་དམར་སྲེག་ན་རྒྱ་མི་རིགས་ཚོར་ཕོག་ཐུག་འགྲོ་དོན་མེད། དར་དམར་དེའི་འོག་ནས་རྒྱ་མི་དུང་ཕྱུར་མང་པོར་མནར་གཅོད་མྱོང་མུས་རེད། ནམ་ཞིག་རྒྱ་ནག་དམངས་གཙོ་ཆགས་པའི་ཉིན་དེར། སྐར་ལྔའི་དར་དམར་དང་། དྲག་སྤྱོད་ཀྱི་རྣམ་པ་ལྡན་པའི་གུང་ཁྲན་རིང་ལུགས་ཀྱི་རྒྱལ་གླུ་སོགས་དགོས་དོན་མེད་པའི་གཞུང་གསར་པར། རྒྱལ་གླུ་རྒྱ་དར་རྒྱ་རྟགས་ཚང་མ་ཞི་བདེ་དང་དམངས་གཙོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་རྣམ་པ་མངོན་ཐུབ་པར་བྱེད། རྣམ་དཔྱོད་ལྡན་པའི་རྒྱ་མི་ཚོས། དམར་པོའི་རྒྱལ་གླུ་རྒྱལ་དར་དང་རྒྱལ་རྟགས་མི་འདོད་དོ།།
དེ་ཙམ་མ་ཟད་རང་བཙན་རྩོད་མཁན་ཞིག་ཡིན་དུས། རྒྱ་དར་སྲེག་སྲོལ་དེ་འཛམ་གླིང་སྤྱིའི་འགྲོ་ལུགས་ཞིག་རེད། རང་བཙན་རྩོད་དུས་རྒྱལ་ཁབ་ཐ་དད་ཡིན་པར་སྒྲུབ་དགོས། བཙན་འཛུལ་རྒྱལ་ཁབ་ཀྱི་རྒྱལ་དར་སྲེག་པའམ་རྡོ་གརྫིས་གཏོང་དགོས། གང་ཡིན་ཟེར་ན་དེ་རང་ཉིད་ཀྱི་རྒྱལ་དར་མ་རེད་ལ་བཙན་འཛུལ་གྱི་རྒྱལ་དར་དེ་སྒྲེང་དབང་མེད་བཞིན་དུ་བཙན་དབང་དུ་སྒྲེང་པར་ངོ་རྒོལ་དགོས། དམར་པོའི་དར་དམར་ཕབ་དགོས། སྲེག་དགོས། རྒྱའི་མི་དམངས་ཀྱི་ཕྱིར་དུ་དམར་པོ་རྩ་མེད་གཏོང་དགོས། དམར་པོའི་ཁྱད་ཆོས་བརྗེ་དགོས་སོ།།
རྒྱ་དམར་གྱི་དར་དམར་སྲེག་ན་རྒྱ་མི་རིགས་ཚོར་ཕོག་ཐུག་འགྲོ་དོན་མེད། དར་དམར་དེའི་འོག་ནས་རྒྱ་མི་དུང་ཕྱུར་མང་པོར་མནར་གཅོད་མྱོང་མུས་རེད། ནམ་ཞིག་རྒྱ་ནག་དམངས་གཙོ་ཆགས་པའི་ཉིན་དེར། སྐར་ལྔའི་དར་དམར་དང་། དྲག་སྤྱོད་ཀྱི་རྣམ་པ་ལྡན་པའི་གུང་ཁྲན་རིང་ལུགས་ཀྱི་རྒྱལ་གླུ་སོགས་དགོས་དོན་མེད་པའི་གཞུང་གསར་པར། རྒྱལ་གླུ་རྒྱ་དར་རྒྱ་རྟགས་ཚང་མ་ཞི་བདེ་དང་དམངས་གཙོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་རྣམ་པ་མངོན་ཐུབ་པར་བྱེད། རྣམ་དཔྱོད་ལྡན་པའི་རྒྱ་མི་ཚོས། དམར་པོའི་རྒྱལ་གླུ་རྒྱལ་དར་དང་རྒྱལ་རྟགས་མི་འདོད་དོ།།
དེ་ཙམ་མ་ཟད་རང་བཙན་རྩོད་མཁན་ཞིག་ཡིན་དུས། རྒྱ་དར་སྲེག་སྲོལ་དེ་འཛམ་གླིང་སྤྱིའི་འགྲོ་ལུགས་ཞིག་རེད། རང་བཙན་རྩོད་དུས་རྒྱལ་ཁབ་ཐ་དད་ཡིན་པར་སྒྲུབ་དགོས། བཙན་འཛུལ་རྒྱལ་ཁབ་ཀྱི་རྒྱལ་དར་སྲེག་པའམ་རྡོ་གརྫིས་གཏོང་དགོས། གང་ཡིན་ཟེར་ན་དེ་རང་ཉིད་ཀྱི་རྒྱལ་དར་མ་རེད་ལ་བཙན་འཛུལ་གྱི་རྒྱལ་དར་དེ་སྒྲེང་དབང་མེད་བཞིན་དུ་བཙན་དབང་དུ་སྒྲེང་པར་ངོ་རྒོལ་དགོས། དམར་པོའི་དར་དམར་ཕབ་དགོས། སྲེག་དགོས། རྒྱའི་མི་དམངས་ཀྱི་ཕྱིར་དུ་དམར་པོ་རྩ་མེད་གཏོང་དགོས། དམར་པོའི་ཁྱད་ཆོས་བརྗེ་དགོས་སོ།།
བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ཀྱི་ངོ་བོ་རིག་གནས་རྩ་བརླག་གཏོང་བཞིན་པར་ངོ་རྒོལ་སྤེལ་བ་ཉག་ཅིག་ཡིན་ནའང་། གཞོན་ལྷན་གྱིས་འདི་ལྟར་གོང་གི་རྩ་དོན་སྒྲུབ་བྱ་འདི་གཉིས་ལ་ཁྱད་གསོད་ཀྱིས་ལས་འགུལ་སྤེལ་འཆར་འདི་གཞོན་ལྷན་རྒྱུན་ལས་རིམ་བྱོན་གྱི་བྱས་རྗེས་ནག་བསུབ་བཏང་བ་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བོད་ལ་རང་སྐྱོང་ཐོབ་རྒྱུར་གཏོར་བརླག་བྱས་པ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་སྐུ་ཚེ་འདིར་བོད་དུ་གདན་འདྲེན་ཞུ་འདོད་མེད་པ་དང་། དེ་དག་ལེགས་འགྲུབ་བྱུང་རྒྱུར་ཆེད་མངགས་གཏོར་བརླག་བྱེད་ཀྱི་ཡོད་པ་རེད།
ཁ་སང་ཡེ་ཤུའི་བླ་ཆེན་ནོ་ཝེ་ཞི་བདེའི་དེད་དཔོན་གདན་འདྲེན་ཞུ་སྐབས་གནམ་ཐང་ནས་༧རྒྱལ་བ་རིན་པོ་ཆེ་ནས་རྒྱ་མིའི་རྒྱལ་དར་མི་བསྲེགས་རྒྱུ་དང་ཞིས་ཆིན་ཕིན་ལ་ངོ་རྒོལ་མི་བྱེད་རྒྱུའི་དགོངས་ཚུལ་བཏོན་འདུག དེ་དག་ཚོགས་གཙོ་དང་བཀའ་ཁྲི་རྣམ་གཉིས་ཀྱིས་གསན་ཡོད་པ་རེད། དེ་ཡིན་དུས། བཀའ་སྤྱི་གཉིས་ལ་རྒྱལ་དར་མེར་བསྲེགས་ཐད་དམིགས་བསལ་གྱི་ལངས་ཕྱོགས་འཛིན་དགོས་པའི་འོས་འགན་ཡོད། དེ་ལས་ཀྱང་འཛིན་སྐྱོང་བཀའ་ཤག་གིས་འདིའི་ཐད་ཡོངས་བསྒྲགས་ལངས་ཕྱོགས་གསལ་བཏོན་གྱིས་ས་གནས་ཁག་ཏུ་བཀོད་ཁྱབ་གཏོང་འཆར་ལ་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། གཞོན་ལྷན་གྱིས་དངོས་གནས་ད་དུང་བསམ་གཞིག་མེད་པའི་ལས་འགུལ་འདི་འདྲ་སྤེལ་ན། རྒྱུན་ལས་སྐབས་འདི་བོད་གཞུང་མང་གཉིས་ལ་གྲི་ཁ་ཁ་དང་ཤ་སོ་སོ་བྱེད་དགོས་ཀྱི་རེད། དེ་ལུགས་ཀྱི་གནས་ཚུལ་དབྱིན་རྒྱ་བོད་གསུམ་ནས་རྒྱལ་སྤྱིར་བསམ་འཆར་འདོན་ངེས་ཡིན། དེ་བས་གཞོན་ལྷན་གྱིས་ཐུགས་བསམ་བཞེས་རྒྱུ་གོ་སྐབས་ཐེངས་གཅིག་སྤྲོད་ངེས་ཡིན།
དེ་དང་ཆབས་ཅིག་བཀའ་ཤག་དང་དབུ་མའི་ལམ་གྱི་མི་མང་ལས་འགུལ་ལྷན་ཚོགས་དབུས་ས་གཉིས་ལའང་དོན་གནད་འདི་ཐད་ལངས་ཕྱོགས་གསལ་བཏོན་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཁྱེད་རྣམས་ཀྱི་ཨིས་མལ་ཁ་བྱང་ཐོག་ང་ཚོའི་བསམ་ཚུལ་འདི་ཕུལ་ཟིན་པས། མྱུར་ཏུ་དགོངས་བཞེས་གནང་རོགས།
ཤར་མདའ་ལགས རྒྱ་མིའི་རྒྱ་དར་ལ་དགའ་མཁན་ཚང་མ་སྔོན་ནས་ང་ཚོའི་དགྲ་བོ་ཡིན
ཁོང་ཚོ་ནི་ང་ཚོའི་སྤུན་ཟླ་ཚོ་དམར་གསོད་གཏོང་མཁན་ཡིན། ནང་མི་ཚོར་མནར་གཅོད་གཏོང་མཁན་ཡིན། མི་རིགས་འདི་ཁ་བྲལ་གཏོང་མཁན་ཡིན། ཕ་ས་འཕྲོག་མཁན་ཡིན། ཕ་ཡུལ་རྐུ་མཁན་ཡིན་ཤེས་སོང་ངམ།
རྒྱའི་དར་དམར་མེ་བསྲེགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཤ་འཁོན་གྱི་ཆེད་དུ་ཡིན་ཁོང་ཚོ་དར་དམར་གྱིས་མཚོན་བྱའི་སྲིད་གཞུང་དེས་བསད་སོང་བ་ང་ཚོས་ང་ཚོས་ནམ་ཡང་ཤེས་དགོས གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་ངོ་རྒོལ་ཡོད་མདོག་བསྟན་འདུག་པ་ལ་བློ་ཕམ་ཡིད་ཐང་ཆད་ཀྱི་འདུག བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་ན་མ་གཏོགས་བཟོད་སྒོམ་དང་སྟབས་བསྟུན་བྱེད་ཐབས་ཡོད་པ་མ་རེད།
གཞོན་ལྷན་གྱིས་གཙོས་རང་བཙན་ཁ་ལ་ཁྱེར་མཁན་ཁ་ཤས་ཀྱིས་རྒྱ་གཞུང་ལ་ཕར་གང་ཐུབ་ཀྱག་ཀྱག་བྱས་པར་བརྟེན་རྒྱ་གཞུང་གིས་བོད་ནང་གི་བོད་པ་ཚོར་ཀྱག་ཀྱག་བྱས་ཡོང་གི་འདུག མཐའ་མ་གྱོང་རག་ས་དེ་བོད་ནང་གི་བོད་པ་ཚོ་རེད།
སྐུ་མཁྱེན་ལས་འགུལ་ལོས་སྤེལ། འོན་ཀྱང་ཕྱི་ནང་སུས་བསྟས་ཀྱང་ཡིད་དབང་འཕྲོག་པའི་ལུགས་མཐུན་གྱི་ལས་འགུལ་སྤེལ་རོགས་གནང་། མ་གཞི་གཞོན་ནུས་ལས་ལ་ཡིད་ཆེ་དེ་ཙམ་མེད། རྒྱུ་མཚན་སྔར་བྱས་པ་རྣམས་ལ་ལྟོས།
དེ་བས་སྤྱི་འཐུས་ཀྱིས་འགོ་ཁྲིད་ནས་ལས་འགུལ་སྤེལ་ན། མང་ཚོགས་ཚང་མ་དེར་འགྲོ་རོགས། རྒྱུ་མཚན་ནི། ང་ཚོས་བདམས་པའི་འཐུས་མི་རེད།
སྲོང་བཙན་སྒམ་པོ་ལགས་གསུང་པ་ལྟར་རེད། སྤྱིར་བོད་མི་ཞིག་ཡིན་ཕྱིར་བོད་དོན་ཐོགས་ཕྱག་ལས་གང་གནང་པ་ལ་ཡི་རང་དང་རྒྱབ་སྐྱོར་ཡོད་འོན་ཀྱང་གཞོན་ནུས་ལས་འགུལ་དེ་འདྲ་སྤེལ་བ་ཡིན་ན་རྒྱ་མི་རིགས་སྤྱི་ལ་ཕོག་གི་རེད་དེ་འདྲ་ཡིན་ན་དགྲ་བོ་བརྒྱ་ལས་མེད་ས་ནས་དགྲ་བོ་སྟོང་ཕྲག་བཙན་དགོས་དོན་མེད་པ་ཞིག་རེད་དེ་བས་རང་ནུས་གང་ཡོད་ཀྱི་སྔལ་བཞིན་ལས་འགུལ་སྤེལ་བ་ཡིན་ན་བཟང་གི་རེད། རྒྱའི་དར་མེ་བསྲེགས་ནས་དགོས་པ་ཞིག་མཐོང་གི་མི་འདུས་ཐུགས་རྗེ་གཟིགས། རྒྱ་མི་རིགས་ལ་ཕོག་ཐུག་མ་བཟོ་རོགས་ཞུ།
ལས་འགུལ་ཅི་་ཡང་སྤེལ་ན་ཆོག་གི་་་འོན་ཀྱང་ཕུགས་རྒྱང་རིང་བོའི་མནོ་བསམ་སྔོན་ཏུ་གཏོང་རྒྱུ་གལ་ཆེ། རྒྱ་ནག་གི་རྒྱལ་དར་མེ་ལ་སྲེག་པ་དེས་ང་ཚོར་ཕན་ཐོགས་ཅི་ཡང་མེད་ལ། དགྲ་མེད་ས་ནས་དགྲ་བསགས་པ་མ་རེད་དམ། དེ་ལ་ང་མི་འཐད། ལས་འགུལ་འདིའི་རིགས་ཀྱིས་ཕན་ཚུན་ལ་འཁོན་སེམས་ཆེ་རུ་བསྐྱེད་པ་ལས་ཞི་འགྲིག་གི་ལམ་གསར་ནང་འདྲེན་ཀྱི་ནུས་བ་མི་ཐོན་ཁོ་ཐག་ཡིན།
རང་བཙན་མ་ཐོབ་གོང་ལ་རང་སྐྱོང་ཐོབ་པ་ཡིན་ན་ཕ་ཡུལ་ལ་ལོག་དགོས་པ་རེད། ཕ་ཡུལ་ལ་སོང་ན་རྒྱའི་དར་དམར་དེའི་འོག་ལ་འདུག་དགོས་པ་དང་དེའི་འོག་ཏུ་འདུག་བཞིན་མེར་སྲེག་བཏང་ན་ཁྲིམས་ཀྱིས་བཙན་དབང་དེ་ད་ལྟའི་གནས་སྐབས་དང་གཅིག་པར་འགྱུར་ངེས། ད་ངོ་མ་ང་ཚོས་ག་རེ་བྱེད་དགོས་པ་རེད་དམ། མ་གཞི་ནས་དར་དམར་དེ་ང་ཚོའི་མགོ་ཐོག་ལ་མི་འཛའ་བ་ཞིག་འདུག་སྙམ།
དྲྭ་གྲོགས་སྲོང་བཙན་སྒམ་པོའི་གསུང་ལ་རྒྱབ་སྐྱོར་ཡོད།
གཞོན་ལྷན་གྱི་ལས་འགུལ་ལ་མོས་ཐུན་མེད།
གཞོན་ནུ་ལྷན་ཚོགས་ཀྱིས་བྱིས་པ་བསམ་མེད་ཀྱི་ལས་ཀ་མ་བྱེད་རོགས་སྐུ་མཁྱེན། ད་དུང་འདི་མུར་མུ་མཐུད་གནང་བ་ཡིན་ན། ང་ཚོསབཀའ་སྤྱི་གཉིས་ལ་སྙན་ཞུ་གཏོང་གི་ཡིན་ལ། བོད་དོན་རྒྱབ་སྐྱོར་བ་ཚོར་ད་ལྟའི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་གནང་རྒྱུ་ལས་གཞོན་ལྷན་དང་འབྲེལ་བ་བྱས་ནས་བོད་ཀྱི་མདུན་ལམ་ལ་གནོད་སྐྱེལ་མི་ཆོག་པའི་ཐ་ཚིག་ཀྱང་བསྒྲགས་རྒྱུ་ཡིན།
༡ རྒྱ་ནག་གི་རྒྱལ་དར་མེར་བསྲེགས་ཏེ་རྒྱ་རིགས་ས་ཡ་མང་པོར་ཕོག་ཐུག་བཏང་བས་འགན་གཞོན་ལྷན་གྱིས་ཁྱེར་ཐུབ་ཀྱི་ཡོད་དམ།
༢ བོད་རང་བཙན་རྩོད་སྟངས་ཐད་དེ་སྔའི་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་ཆོད་སྔ་ཕྱི་ཁག རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་བོད་ཀྱི་ལོ་རྒྱུས་བཞེད་ཕྱོགས་བཅས་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱི་ཆ་ནས་རྒྱུ་ཆ་འདང་ངེས་ཀྱི་སྤོབས་པ་ག་རེ་ཡོད་དམ།
༣ ད་ལྟའི་བོད་ནང་གོས་ཆེན་སྣུམ་བསྲེས་ཀྱི་མི་སེར་སྤེལ་བའི་སྲིད་བྱུས་དང་དེའི་མཇུག་འབྲས་བཅས་ལ་གཞོན་ནུ་ལྷན་ཚོགས་ལ་འཕྲལ་ཕུགས་གཉིས་ཀྱི་འགོག་ཐབས་ཐབས་ཤེས་གང་དག་ཡོད་དམ།
༤ བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུའི་ཐད་གཞོན་ནུ་ལྷན་ཚོགས་ལ་ལས་འཆར་དང་ཐབས་ལམ་དམིགས་བསལ་བ་གང་དག་ཡོད་དམ།
༥ ཁྱེད་ཚོས་དོན་དངོས་རང་བཙན་རྩོད་ཀྱི་ཡོད་དམ། བོད་གཞུང་དང་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་དེ་ཉིད་ལ་ཞིབ་འཇུག་མ་བྱས་པར་མཐའ་གཅིག་ཏུ་དགག་པ་དང་དེའི་མདུན་བསྐྱོད་ལ་གཏོར་བརླག་གཏོང་གི་ཡོད་དམ།
༦ རྒྱ་ནག་གཞུང་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཁ་ཕྲལ་དང་དྲག་སྐུལ་བྱ་བའི་རྣམ་འགྱུར་ཐོན་བཞིན་པ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་བསྒྲགས་བྱེད་བཞིན་པར་ཁ་གཏད་ཀྱི་བདེན་དོན་གང་དག་ཡོད་དམ།
༧ གཞོན་ལྷན་གྱིས་ཐབས་ལམ་དང་དངོས་ཡོད་གནས་ཚུལ་དང་མི་བསྟུན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་ལས་འཆར་མང་པོ་རྩོམ་བཞིན་པས། བོད་ནང་གི་ད་ལྟའི་གནས་བབ་ཡག་ཏུ་འགྲོ་རྒྱུར་འགན་ག་ཚོད་ཁྱེར་ཡོད་དམ། གནོད་འཚབ་ཚད་ལས་འདས་པ་བསྐྱལ་བཞིན་པར་ངོས་ལེན་བྱེད་ཕོད་དམ།
༨ བོད་མི་མང་བརྒྱ་ཆའི ༩༠་གོ་གྲངས་ཀྱིས་དབུ་མའི་ལམ་ཡིད་ཆེས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་འགན་ག་ཚོད་ཁྱེར་ཡོད་དམ། ད་བར་དེ་ལ་གཏོར་བརླག་ཚད་ལས་བརྒལ་བ་བཏང་བར་ངོས་ལེན་བྱེད་ཕོད་དམ།
༩ ༧གོང་ས་མཆོག་གི་རྒྱལ་སྤྱིའི་དངོས་ཡོད་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་རང་སྐྱོང་གི་ལམ་ཁ་ནས་བོད་གཞིས་བྱེས་མཉམ་འཛོམས་འབྱུང་འཆར་དང་། ལྷག་པར་བོད་མི་མང་གིས་ཁོང་གི་སྐུ་ཚེ་འདིར་གཞིས་བྱེས་མཉམ་འཛོམས་བྱུང་བར་འབད་བརྩོན་བྱེད་བཞིན་པར་མཐའ་གཅིག་ཏུ་མི་མཐུན་པའི་ལས་ཀ་བྱེད་དགོས་དོན་ག་རེ་ཡིན་ནམ།
༡༠ དོན་དམ་༧གོང་ས་མཆོག་བོད་དུ་ཕེབས་ཏེ་བོད་མི་མང་དང་ལྷན་འཛོམས། རང་གི་ས་ཐོག་ནས་རང་གི་ཆོས་རིག་སྲུང་སྐྱོབ་ཀྱི་རང་སྐྱོང་ངོ་མའི་གནས་བབ་མི་ཐོབ་རྒྱུའམ། དེ་མི་སྤྲོད་རྒྱུའི་རྒྱ་ནག་གཞུང་ལ་ག་དུས་ཡིན་ནའང་ལག་ཆ་མང་པོ་བེད་སྤྱོད་དུ་འཇུག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
འདི་དག་ལ་ལན་འདེབས་ཁ་གསལ་མེད་ཚེ་ང་ཚོས་མི་མང་ནང་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་ཧོལ་རྒྱུགས་ཆེ་བའི་ལས་འཆར་ལ་ཁ་གཏད་གཅོག་གི་ཡིན།
་་་་་་
འོ་ན་ཁྱེད་ཚོ་འཐབ་རྩོད་བྱེད་མི་དགོས་པར་སྐྱིད་ཉལ་བརྒྱབ་ཏེ་ལོ་གསར་སྤྲོ་སྐྱིད་བཏང་སྟེ་གཞས་དང་ཞབས་བྲོ་བརྒྱབ་ཏེ་བོད་རང་སྲིད་རང་སྐྱོང་ཞིག་རག་འདོད་དམ། ་་ཟེར།
་་་་་ ངས་ཁྱེད་ལ་དྲི་བ་ཞིག་བཏང་། དེ་སྔོན་དེ་ལྟར་བར་དུ་ཁྱེད་ཀྱིས་བོད་རིགས་ལ་ཕན་པའི་ལས་དཀའ་ག་ཚོད་བྱས་ཡོད། བསམ་བློ་ཐོངས་དང་། ཁྱེད་རང་དབུ་མའི་ལམ་དུ་འགྲོ་མཁན་ཞིག་ཡིན་ན། དེ་སྔོན་དེ་ལྟར་བར་དུ་ཅི་ཞིག་འཇོན་སོང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས། བོད་རང་བཙན་ཡིན་ཟེར་བ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ནང་དུ་གདན་འདྲེན་ཞུ་དགོས་ཟེར་བ་ལས། ང་ཚོའི་ལམ་དབུ་མ་ཡིན། ང་ཚོ་ལ་རང་བཙན་མི་དགོས་ཟེར་གྱི་འདུག་གམ། ་་་་ཟེར།
བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ཀྱི་ལྟ་བ་མངོན་གསལ་དམར་རྗེན་དུ་བཏོན་མཁན་གཞོན་ནུ་ཚོགས་པས་རྒྱ་ནག་གིས་རྒྱལ་དར་མེར་བསྲེགས་གཏོང་རྒྱུའི་ལས་འགུལ་སྤེལ་བའི་གནས་དོན་དེ་ག་རེ་ཡན་ནམ།
ངས་བསམས་ན་རྒྱ་ནག་དམར་ཤོག་ཚོགས་པ་འདིས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ས་ཡ་གཅིག་དམར་གསོད་བཏང་ཡོད་པ་དང་། མི་དམངས་ཁྲི་ཁྲག་མང་པོ་བཙོན་འཇུག་བྱས་པ། དྲི་རྩད་བྱས་པ། གནར་གཅོད་བཏང་བ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཕོག་པ་རེད།
དེར་བརྟེན་ང་ཚོས་དམར་ཤོག་འདིའི་དར་དམར་མེ་བསྲེགས་གཏོང་རྒྱུ་དེ་བོད་རིགས་ཐོག་དྲག་གནོན་དང་། མནར་གཅོད། དམར་གསོད་བྱས་དང་བྱེད་བཞིན་དག་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་གཅིག་མཙོན་གྱི་ཡོད་པ་རེད།
ད་དུང་དར་དམར་མེར་བསྲེགས་དེས་དམར་ཤོག་ཚོགས་པ་དེར་ཁྱེད་ཤི་ང་གསོན་གྱི་འཐབ་རྩོད་འོག་ཐ་གཅིག་ཏུ་རྩ་མེད་གཏོང་དགོས་པའི་དམིགས་འབེན་གཅིག་མཚོན་གྱི་ཡོད་པ་རེད།
འོ་ན་རྒྱ་མིས་བོད་རིགས་ཐོག་དམར་གསོད་གཏོང་བ་དང་། བཙོན་འཇུག་བྱས་པ། མནར་གཅོད་གཏོང་བ། དྲི་གཅོད་བྱེད་པ། བཀའག་ཉར་བྱེད་པ། དྲག་གནོན་བྱེད་པ། མི་དམངས་ཁྲོད་མེ་མདའ་རྒྱག་པ། བརྡུང་འདེགས་བྱེད་པ། མི་རིགས་དབྱེན་འབྱེད་པ་སོགས་སྡུག་བསྔལ་མུ་མཐའ་མེད་མྱོང་བཞིན་དུ་ད་དུང་རྒྱ་ནག་གཞུང་གི་དར་དམར་ཁང་པའི་སྟེང་དུ་ཡར་བསྒྲེང་འཛུགས་བྱེད་འདོད་ཡོད་དམ།
དར་དམར་འོག་ཤི་བའི་བོད་རིགས་ས་ཡ་གཅིག་ལྷག་དང་བཙོན་པ་རྣམས་མནར་གཅོད་འདི་འདྲ་གཏོང་བཞིན་ཡོད་པ་དེར་ཡག་པོ་རེད་ཅེས་ཁྱེད་ཚོས་དར་དམར་རྒྱ་ནག་ཁ་ལ་འཁྱེར་ཏེ་ཁྱེད་ཚོས་ལག་ཏུ་དར་དམར་གཏེགས་ཏེ་དགའ་བསུ་བྱེད་འདོད་དམ།
ཁྱེད་ཚོའི་ཤ་ཁྲག་རུས་པའི་ནང་ཀྱ་རིགས་རྫས་ DNA ཟེར་བ་དེ་བོད་རིགས་མ་ཡིན་ནམ། ཁྱེད་ཚོའི་མེས་པོ་རྣམས་རྒྱ་མི་ཡིན་ནམ། ཁྱེད་ཚོའི་ཟུངས་ཁྲག་ཚ་པོ་དེ་རྒྱ་ཁྲག་ཡིན་ནམ། ཁྱེད་ཚོའི་ཁ་དབུགས་ཀྱི་སྲོག་རླུང་དངྭས་མ་དེ་རྒྱ་རླུང་ཡིན་ནམ།
ཁྱེད་ཚོའི་ཁོག་ནང་གི་སྙིང་དམར་དེ་དར་དམར་ཡིན་ནམ། ཁྱེད་ཚོས་རང་ལུས་མེར་བསྲེགས་བྱས་པའི་བོད་རིགས་༢༠ ལྷག་གཅིག་གནས་སྟངས་ཐབས་སྡུག་ཧ་གོ་བཞིན་དུ་ཁྱད་གསོད་་བྱེད་ནུས་ནམ།
འོ་ན་ཁྱེད་ཚོས་ཡང་སྙིང་བོད་རིགས་མི་དམངས་ཀྱི་ཆེད་དུ་ལས་ཀ་གང་ཞིག་བསྒྲུབ་རྩིས་ཡོད་དམ། འཐབ་རྩོད་གང་འདྲ་ཞིག་བྱ་རྩིས་ཡོད་དམ། ངོ་རྒོལ་གང་འདྲ་ཞིག་བྱ་རྩིས་ཡོད་དམ།
འོ་ན་ཁྱེད་ཚོ་འཐབ་རྩོད་བྱེད་མི་དགོས་པར་སྐྱིད་ཉལ་བརྒྱབ་ཏེ་ལོ་གསར་སྤྲོ་སྐྱིད་བཏང་སྟེ་གཞས་དང་ཞབས་བྲོ་བརྒྱབ་ཏེ་བོད་རང་སྲིད་རང་སྐྱོང་ཞིག་རག་འདོད་དམ།
དབུ་མ་ཡིན་ཀྱང་རུང་། རང་བཙན་ཡིན་ཀྱང་རུང་། ཕྱེད་རང་བཙན་ཡིན་ཀྱང་རུང་། བརྒྱ་བཤད་སྟོང་ལ་བྱས་ཀྱང་ཡོས་པ་བབ་པ་དེ་བོད་མི་རིགས་ཀྱི་འཚོ་བའི་གཞི་རྟེན་བོད་ཟས་རྩམ་པ་ཟེར་དེ་རང་ཡིན་པ་མ་གཏོགས་ཡོས་ལ་བབ་པ་དེ་རྒྱ་ཟས་མ་རེད།
སྤུན་ཟླ་ཚོ་ངས་བལྟས་ན་ང་ཚོ་མཆན་འདོན་མཁན་དག་གིས། བསམ་བློ་ཞིབ་ཏུ་བཏང་དགོས། རྒྱུ་མཚན་ནི། ད་ལྟའི་ང་ཚོ་བོད་ཀྱི་གནས་སྟངས་དང་། སྔོན་མ་བོད་ས་ཤོར་བའི་རྒྱུ་མཚན། གང་ཡིན་ཚང་མས་མཁྱེན་གསལ་ལྟར་རེད། ཁྱེད་ཚོ་བསམ་བློ་ཐོང་དང་། གཞོན་ལྷན་ཀྱིས་ཞབས་འདེབས་སློང་ལུས་དགོས། ཁོ་ཚོས་མི་ཚེ་གཅིག་ལ་བོད་སྤྱི་བའི་ཆེད་དུ་ལས་དཀའ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་ཡང་ཁ་ལག་ཟ་དགོས་པ་རེད་ལ། གོས་ཡང་ང་ཚོ་དང་གཅིག་མཚུངས་ལྟར་གོན་དགོས་པ་རེད། རྒྱུ་མཚན་དེའི་ཕྱིར་ན། ཁ་ལག་དང་གོས་སོགས་ཉོ་བྱེད་དངུལ་ལོས་དགོས། ཁོང་ཚོའི་ང་ཚོ་ལ་དངུལ་ཞབས་འདེགས་སློང་དང་སློང་། ཁག་ཅི་ཡོད། ད་དུང་ཁོ་ཚོས་ལས་འགུལ་སྤེལ་པ་དེ་དག་ལ་ཡང་དངུལ་གྱིས་འགྲོ་སོང་དགོས་པ་རེད། དེ་འདྲ་ཡིན་པ་སོང་ཙམ། ཁྱེད་རྣམས་ཚོའི་བསམ་བློ་ཡག་པོ་བཏང་རོགས།
ད་དུང་ཁ་ཤས་ཞིག་གིས་བཤད་ན། རྒྱ་ནག་གིས་རྒྱ་དར་མེ་བསྲེགས་པ་དེ་ཡག་པོ་མ་རེད་གསུང་འདུག་རྒྱ་ནག་མི་དམངས་ཁོང་ཁྲོ་སློང་གི་རེད་གསུང་འདུག། མི་དམངས་ཁོང་ཁྲོ་ག་རེ་བྱས་ནས་ལང་དགོས་པ་རེད། རྒྱ་དར་དེ་རྒྱ་ནག་དམར་གཞུང་གི་དར་ཆ་ཡིན་པ་ལས རྒྱ་ནག་མི་དམངས་ཀྱི་དར་ཆ་མིན།
ཐོ་རངས་སྐར་ཆེན་ལགས། ངས་བསམ་བློ་གང་འདྲ་ཞིག་བཏང་ཀྱང་། ཁྱེད་རང་རྒྱ་དམར་ཀྱི་གསང་ཉུལ་བ་ཞིག་ཡིན་པའི་དོག་པ་ཞིག་མི་ཟ་ཐབས་མེད་དུ་གྱུར་སོང་། གཞོན་ནུ་ལྷན་ཚོགས་ཀྱིས་ད་ལྟར་མ་རེད་བར་དུ་བོད་རྒྱ་འབྲེལ་མོ་ལ་གཏོར་སྐྱོན་ག་རེ་བཏང་སོང་། རྒྱ་དམར་ཀྱིས་བོད་མི་དམར་གསོད་བྱེད་པ་ཚབ་མ་ཆེ་བ། གཞོན་ལྷན་ཀྱིས་རྒྱ་དར་མེ་བསྲེགས་བཏང་བ་ཅི་སྐྱོན། ཁྱེད་ཀྱིས་རི་བོང་ཅལ་འབྲོགས་མ་བྱེད། གཞོན་ནུ་ལྷན་ཚོགས་ཀྱིས་དམིགས་ཡུལ་གང་དང་གང་ཡིན་པ་བྱེད་ལས་གང་དང་གང་ཡིན་པ་ཁྱེད་ཀྱིས་ཤེས་སམ། ངས་ལྟས་ན་ཁྱེད་ཀྱིས་གཞོན་ལྷན་ཀྱིས་མིང་གོ་བ་མ་གཏོགས། རྒྱུས་མངའ་ཁྱོན་ནས་མི་འདུག་སྙམ། ཡང་ན་ཁྱེད་ཀྱིས་ཡུལ་གྱར་བ་འདི་ཚོ་ཕྱོགས་ཁག་གཉིས་ལ་བཟོ་བསམ་པ་སྐུལ་སློང་ཞིག་ཡོད་པ་ཐག་གིས་ཆོད། གལ་སྲིད་གཞོན་ལྷན་ཀྱིས་ཚོགས་མི་རྣམས་ཀྱིས་མི་ཚེ་ཚང་མ་ལ་བོད་དོན་ལས་ཀ་བྱས་ནས་ཤི་རུང་། འདི་དག་ནི་གཞོན་ལྷན་ཀྱིས་གཟི་བརྗིད་ཞིག་ཡིན་པ་ལས། གྱོང་རག་པ་ཞིག་ཆུང་ནས་མིན། གཞོན་ལྷན་ལ་གྱོང་ཇི་ལྟར་རག་དགོས་པ་རེད། གལ་སྲིད་གཞོན་ལྷན་ལ་གྱོང་ཞིག་རག་ཚེ། དེ་ཉིན་མོ་ཁྱེད་རང་ཡང་ཇི་ལྟར་གནས་ཐུབ་བམ།
ངས་ཁྱེད་ལ་དྲི་བ་ཞིག་བཏང་། དེ་སྔོན་དེ་ལྟར་བར་དུ་ཁྱེད་ཀྱིས་བོད་རིགས་ལ་ཕན་པའི་ལས་དཀའ་ག་ཚོད་བྱས་ཡོད། བསམ་བློ་ཐོངས་དང་། ཁྱེད་རང་དབུ་མའི་ལམ་དུ་འགྲོ་མཁན་ཞིག་ཡིན་ན། དེ་སྔོན་དེ་ལྟར་བར་དུ་ཅི་ཞིག་འཇོན་སོང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས། བོད་རང་བཙན་ཡིན་ཟེར་བ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ནང་དུ་གདན་འདྲེན་ཞུ་དགོས་ཟེར་བ་ལས། ང་ཚོའི་ལམ་དབུ་མ་ཡིན། ང་ཚོ་ལ་རང་བཙན་མི་དགོས་ཟེར་གྱི་འདུག་གམ།
ངས་བལྟས་ན་ཁྱེད་ཀྱིས་བསམ་བློ་ཡག་པོ་བཏང་རོགས། ཁྱེད་དང་ཁྱེད་ལྟ་བུ་དག་གིས་མཆན་འདི་འདྲ་ཞིག་བྲིས་ནས། མཐར་ཐུག་ཀྱི་དམིགས་ཡུལ་ག་རེ་ཡོད།
གལ་སྲིད་ཁྱེད་རང་རྒྱ་ནག་གི་གསང་ཉུལ་བ་ཞིག་ཡིན་ཚེ། ངས་ཁྱེད་ལ་བཤད་ཡང་། རྒྱལ་བ་རིན་པོ་ཆེ་ཞབས་བཞུགས་པའི་གནས་སྐབས་རྒྱ་ནག་ཁོ་ཚོས་བོད་དོན་ཐག་ཆོད་མ་བྱས་ཚེ། མཐའ་མའི་མཇུག་འབྲས་ཅི་ཡོངས་བསམ་བློ་ཐོངས། སྟབས་མ་ལེགས་པ་ཞིག་བྱུང་ཚེ། བོད་མི་དག་དྲག་སྤྱོད་པ་ཞིག་རེད་འགྲོ་བ་གདོན་མ་ཟ། ང་ཚོའི་རང་སྲོག་བློས་བཏང་པ་དག་གིས། ལུས་ལ་འབར་རྫས་ཁྱེར་ནས། གྲོང་ཁྱེར་ཁག་དང་། དངུལ་ཁང་། དམག་སྒར། གློག་ཁང་། ཟམ་ཆེན། མེ་འཁོར་འབབ་ཚུགས། རླུང་འཁོར་ས་ཚུགས། གཞུང་ལས་ཁང་སོགས་སུ་འབར་རྫས་ཁྱེར་ནས་སོང་ཚེ། དེའི་མཇུག་འབྲས་དེ། ཅི་འདྲ་ཞིག་ཡོད་པ་ལུས་ཤེས། དེ་ལྟར་ན་རྒྱ་ནག་གིས་ད་ལྟར་བསམ་བློ་ཡག་པོ་བཏང་རོགས་གྱིས་གསུང་། ཤེས་སོང་ངམ། ང་ཚོ་ལ་རང་བཙན་མ་ཐོབ་བར་དུ་ང་ཚོའི་དཔའ་རྩལ་ཞུམ་མི་སྲིད། ཤེས་སོང་ངམ།
མཐར་ཐུག་ བོད་ནི་ནམ་ཡང་རང་བཙན་ཀྱི་རྒྱལ་ཁག་ཞིག་ཡིན་པ་ལས། རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་འཇོག་མི་ཐུབ་པ་དེ་ཡིན།
བོད་རྒྱལ་ལོ།།།།།།།
ཐུགས་རྗེས་གཟིགས། རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱལ་དར་མེར་བསྲེགས་མ་བཏང་བར། ཧྰུ་སོགས་ཀྱི་འདྲ་གཟུགས་མེར་་སྲེགས་བཏང་ན་མི་འོས་དེ་ཙམ་མེད་སྙམ་ལགས། དེ་ཚོ་རང་གི་སེམས་ཀྱིས་མ་བཟོད་པའི་བསམ་འཆར་ཙམ་རེད།
གཞོནན་ནུ་ལྷན་ཚོགས་ནི་གོ་རྟོགས་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་ཡིན་འདོད་ཡོད། འོན་ཀྱང་ཚོགས་པའི་ངོས་ནས་རྒྱ་དར་མེར་སྲེག་སོགས་རྒྱལ་རིགས་ལ་གནོད་པའི་ལས་འགུལ་ལ་བསམ་བློ་གཏོང་དགོས། དངོས་གནས་བྱས་ན་རས་དམར་ཞིག་བསྲེགས་ནའང་དེ་ཙམ་རེད། ཡིག་ཆ་འགྲེམས་སྤེལ་དང་། གསར་འགོད་གསལ་བསྒྲགས། བོད་དོན་བགྲོ་གླེང་སོགས་བྱས་ན་བཟང་སྙམ།
སྤྱིར་བཏང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་དག་ལ་རྒྱབ་སྐྱོར་ཡོད།ཡིན་ནའང་ད་རེས་ཀྱི་ལས་འགུལ་དེ་ཚོ་ཅུང་ཟད་མགོ་ཉོག་འདྲ་བོ་མཐོང་སོང་།
རྒྱའི་དར་དམར་མེ་སྲེག་གཏོང་བའི་ལས་འགུལ་དེས་བོད་དོན་ལ་ཅི་ཞིག་ཕན་གི་རེད། བོད་པ་རང་ངོས་ནས་ཕན་ཐོགས་ག་རེ་འདུག།རྒྱ་ཕྱོགས་ནས་ཕན་ཐོགས་ག་རེ་འདུག།རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕན་ཐོགས་ག་རེ་འདུག་འདི་ལྟར་བསམ་བློ་ཞིག་བཏང་ན།ཕུགས་ལ་ཕན་ཐོགས་ཅན་ཞིག་མ་རེད་སྙམ།
དེ་ལས་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ནས་ཕྱོགས་སྒྲིག་བྱེད་བཞིན་པའི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་དེ་ཚོ་ཁྱབ་བསྒྲགས་བྱེད་རྒྱུ་ན།རྒྱ་རིགས་མང་པོ་ཞིག་ལ་བོད་ཀྱི་ལོ་རྒྱུས་དོན་དངོས་ཤེས་རྟོག་འབྱུང་བར་ཕན་པ་མ་ཟད།པར་དང་ཡིག་ཆའི་དཔང་རྟགས་ལྡན་པའི་བོད་ཀྱི་ལོ་རྒྱུས་ངོ་མ་ཞིག་གིས་འཛམ་གླིང་གི་མི་མང་པོའི་སེམས་པ་གཡོ་འགུལ་ཐེབས་ངེས་རེད།གལ་སྲིད་རང་བཙན་བརྩོད་རྒྱུ་ཡིན་ནའང་དཔུང་རོགས་རྒྱ་རིགས་འབྱུང་ཐབས་ལ་འབད་དགོས་པ་ལས།རྒྱ་མི་དུང་ཕྱུར་བཅོ་ལྷག་གིས་བོད་ལ་ཞེ་སྡང་དང་འཁོན་འཛིན་བཅངས་དུ་འཇུག་པ་ནི་ཐབས་ཇུས་ཤིག་མིན་པར་སེམས།
ལས་ཞོེར་དུ་གཏག་པས་ཆད་ལྷག་བྱུང་ཡོད་ངེས་ན་མཆན་འདེབས་པ་རྣམས་ཀྱིས་ཁ་སྐོང་གནང་རོགས།
རས་དམར་པོ་ཅིག་མེར་བསྲེགས་ཐུབ་པ་འདི་འཇོན་པ་གང་ཡང་མ་རེད། བསྲེགས་ཐུབ་ན་བོད་ནང་གི་རྒྱ་རིགས་ཚང་མ་ཉིན་གཅིག་དུས་གཅིག་ལ་ཚང་མ་སྡེབས་གསོད་གཏོང་དགོས་རེད། ཧ་ཧ། ཧུ་ཧུ། ཕྱེད་ཀུ་རེ་ཡིནད་ཀྱང་་་་་་
སྲོང་བཙན་སྒམ་པོས་དོན་དངོས་དང་མཐུན་པ་ཞིག་བཤད་འདུག་པས་རྗེས་སུ་ཡི་རངས་ཞུ། མིག་མདུན་ཙམ་ཡང་མཐོང་ཐུབ་མེད་པའི་གཞོན་ལྷན་གྱི་འུར་སྒྲོགས་དང་ལས་འཆར་དེ་ནི་དེང་གི་རྒྱལ་སྤྱིའི་གནས་བབ་དང་། མ་འོངས་ང་ཚོའི་འཐོབ་ལ་རེ་བའི་རྨི་ལམ་སོགས་དང་ཕྱོགས་འགལ་ཡིན་པས་ན། འདིས་བོད་ཀྱི་རྩ་དོན་ལ་ཕན་གནོད་གང་འབྱུང་བརྟགས་དཔྱད་གནང་གལ་ཆེ་པར་སེམས།
མདོར་ན། མི་མང་གི་ངོས་ནས་མགོ་སྐོར་དང་འུར་གཏམ་གྱི་རྗེས་སུ་གཡོ་འོག་ཏུ་མི་འགྲོ་པར་ཕུགས་རྒྱང་རིང་པའི་བོད་ཀྱི་རྩ་དོན་ལ་གང་དགའ་ཅི་ཕན་གྱི་རྒྱབ་སྐྱོར་གནང་རོགས་ཞུ།།
རྒྱལ་དར་མེར་བསྲེགས་ནི་རྒྱ་བོད་མི་རིགས་གཉིས་ཞེ་འཁོན་ཡོང་ཐབས་ལས་རྩ་དོན་ལ་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་དོན་དངོས་རེད། དེ་སྔ་༧གོང་ས་མཆོག་གིས་དགག་བྱ་གནང་ཡོད་ལ། རང་རེའི་གཞུང་གིས་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། དངོས་གནས་རང་བཙན་རྩོད་ཀྱི་ཡོད་ན། དེ་འདྲའི་འུ་ཐུག་པའི་ལས་ཀ་ག་རེ་བྱས་ནས་བྱ་འདོད་ཤར་བ་རེད། གཞོན་ལྷན་གྱིས་ག་དུས་ཡིན་ནའང་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གི་བསམ་ཚུལ་ལ་ཁྱད་གསོད་བྱེད་པ་འདི་དངོས་གནས་རང་འགར་འཇོག་ཐབས་མེད་པ་ཞིག་རེད།་དབུ་མའི་ལམ་ལ་ཡིད་ཆེས་ཡོད་མཁན་དང་དེ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་བསམ་མཁན་ཚོས་མ་གོ་མ་ཚོར་ལྟ་བུའི་ཕྱིན་པ་ཡིན་ན་འགྲིག་གི་མ་རེད། དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བ་ཞིག་མེད་དམ། ཁྱེད་ཚོས་ལས་ཀ་བྱ་ན་འདི་ཚོ་རང་དགར་བཞག་ནས་ག་རེ་བྱེད་ཀ།
གོང་གི་སྲོང་བཙན་སྒམ་པོའི་དྲི་བ་དེ་དངོས་གནས་རང་ཆོས་རྒྱལ་སྲོང་བཙན་རང་གི་ཞལ་ནས་ཐོན་པ་མིན་འགྲོ་བསམ་གྱིན་འདུག དེ་ལ་གཞོན་ལྷན་གྱིས་ལན་འདེབས་གནང་མ་ཐུབ་ཚེ། གཞོན་ལྷན་འདི་ཉིད་རྒུད་པའི་འགོ་བཙུགས་པར་བཤད་ཆོག གཞོན་ནུ་ལྷན་ཚོགས་འདིས་རང་བཙན་རྩོད་ཀྱི་འདུག་གམ། ག་རེ་བྱེད་འདུག་མིན་ཞིབ་འཇུག་བྱ་དགོས་ཀྱི་འདུག རང་བཙན་རྩོད་ཀྱི་ཡོད་ན་ཅི་ལྟར་རྩོད་ཀྱི་ཡོད་པ་རེད་དམ། དེ་དྲི་བ་ཞིག་མ་རེད་དམ། ཁོང་ཚོས་དོན་དངོས་ད་བར་ག་རེ་བྱེད་ཀྱི་ཡོད་པ་རེད་དམ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་བསྐྱངས་པར་དགའ་བསུ་ཡོད། རེ་བ་ཅན་གྱི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་བར་དུ་ལས་འགུལ་མང་པོ་ཞིག་སྤེལ་བ་རེད། ད་རེས་ལོ་གསར་ལ་ལས་ཁུངས་སྒོ་ཕྱེས་གནང་ནས་ལས་དོན་སྒྲུབ་རྒྱུའི་སྐོར་འདི་ད་ལྟ་བར་གྱི་ལས་འགུལ་ཚང་མའི་ནང་གི་ཡག་ཤོས་སུ་མཐོས་སོང་། ཐུགས་རྗེ་ཆེ།
རྒྱ་ནག་གི་བོད་མི་མང་ལ་གཉའ་གནོན་དང་སུན་བཙུར་རང་ལུས་མེ་སྲེག་བཏང་བ་རྒྱ་ཡན་དུ་བཏང་ཆོག་ནའང་།རྒྱ་ནག་གཞུང་གི་རྒྱ་དར་ཟླ་རེ་རེ་ལ་མེ་བསྲེགས་གཏོང་དགོས།
གཞོན་ནུ་ལྷན་ཚོགས་ཀྱིས་བྱིས་པ་བསམ་མེད་ཀྱི་ལས་ཀ་མ་བྱེད་རོགས་སྐུ་མཁྱེན། ད་དུང་འདི་མུར་མུ་མཐུད་གནང་བ་ཡིན་ན། ང་ཚོསབཀའ་སྤྱི་གཉིས་ལ་སྙན་ཞུ་གཏོང་གི་ཡིན།
༡ རྒྱ་ནག་གི་རྒྱལ་དར་མེར་བསྲེགས་ཏེ་རྒྱ་རིགས་ས་ཡ་མང་པོར་ཕོག་ཐུག་བཏང་བས་འགན་གཞོན་ལྷན་གྱིས་ཁྱེར་ཐུབ་ཀྱི་ཡོད་དམ།
༢ བོད་རང་བཙན་རྩོད་སྟངས་ཐད་དེ་སྔའི་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་ཆོད་སྔ་ཕྱི་ཁག རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་བོད་ཀྱི་ལོ་རྒྱུས་བཞེད་ཕྱོགས་བཅས་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱི་ཆ་ནས་རྒྱུ་ཆ་འདང་ངེས་ཀྱི་སྤོབས་པ་ག་རེ་ཡོད་དམ།
༣ ད་ལྟའི་བོད་ནང་གོས་ཆེན་སྣུམ་བསྲེས་ཀྱི་མི་སེར་སྤེལ་བའི་སྲིད་བྱུས་དང་དེའི་མཇུག་འབྲས་བཅས་ལ་གཞོན་ནུ་ལྷན་ཚོགས་ལ་འཕྲལ་ཕུགས་གཉིས་ཀྱི་འགོག་ཐབས་ཐབས་ཤེས་གང་དག་ཡོད་དམ།
༤ བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུའི་ཐད་གཞོན་ནུ་ལྷན་ཚོགས་ལ་ལས་འཆར་དང་ཐབས་ལམ་དམིགས་བསལ་བ་གང་དག་ཡོད་དམ།
༥ ཁྱེད་ཚོས་དོན་དངོས་རང་བཙན་རྩོད་ཀྱི་ཡོད་དམ། བོད་གཞུང་དང་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་དེ་ཉིད་ལ་ཞིབ་འཇུག་མ་བྱས་པར་མཐའ་གཅིག་ཏུ་དགག་པ་དང་དེའི་མདུན་བསྐྱོད་ལ་གཏོར་བརླག་གཏོང་གི་ཡོད་དམ།
༦ རྒྱ་ནག་གཞུང་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཁ་ཕྲལ་དང་དྲག་སྐུལ་བྱ་བའི་རྣམ་འགྱུར་ཐོན་བཞིན་པ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་བསྒྲགས་བྱེད་བཞིན་པར་ཁ་གཏད་ཀྱི་བདེན་དོན་གང་དག་ཡོད་དམ།
༧ གཞོན་ལྷན་གྱིས་ཐབས་ལམ་དང་དངོས་ཡོད་གནས་ཚུལ་དང་མི་བསྟུན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་ལས་འཆར་མང་པོ་རྩོམ་བཞིན་པས། བོད་ནང་གི་ད་ལྟའི་གནས་བབ་ཡག་ཏུ་འགྲོ་རྒྱུར་འགན་ག་ཚོད་ཁྱེར་ཡོད་དམ། གནོད་འཚབ་ཚད་ལས་འདས་པ་བསྐྱལ་བཞིན་པར་ངོས་ལེན་བྱེད་ཕོད་དམ།
༨ བོད་མི་མང་བརྒྱ་ཆའི ༩༠་གོ་གྲངས་ཀྱིས་དབུ་མའི་ལམ་ཡིད་ཆེས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་འགན་ག་ཚོད་ཁྱེར་ཡོད་དམ། ད་བར་དེ་ལ་གཏོར་བརླག་ཚད་ལས་བརྒལ་བ་བཏང་བར་ངོས་ལེན་བྱེད་ཕོད་དམ།
༩ ༧གོང་ས་མཆོག་གི་རྒྱལ་སྤྱིའི་དངོས་ཡོད་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་རང་སྐྱོང་གི་ལམ་ཁ་ནས་བོད་གཞིས་བྱེས་མཉམ་འཛོམས་འབྱུང་འཆར་དང་། ལྷག་པར་བོད་མི་མང་གིས་ཁོང་གི་སྐུ་ཚེ་འདིར་གཞིས་བྱེས་མཉམ་འཛོམས་བྱུང་བར་འབད་བརྩོན་བྱེད་བཞིན་པར་མཐའ་གཅིག་ཏུ་མི་མཐུན་པའི་ལས་ཀ་བྱེད་དགོས་དོན་ག་རེ་ཡིན་ནམ།
༡༠ དོན་དམ་༧གོང་ས་མཆོག་བོད་དུ་ཕེབས་ཏེ་བོད་མི་མང་དང་ལྷན་འཛོམས། རང་གི་ས་ཐོག་ནས་རང་གི་ཆོས་རིག་སྲུང་སྐྱོབ་ཀྱི་རང་སྐྱོང་ངོ་མའི་གནས་བབ་མི་ཐོབ་རྒྱུའམ། དེ་མི་སྤྲོད་རྒྱུའི་རྒྱ་ནག་གཞུང་ལ་ག་དུས་ཡིན་ནའང་ལག་ཆ་མང་པོ་བེད་སྤྱོད་དུ་འཇུག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
འདི་དག་ལ་ལན་འདེབས་ཁ་གསལ་མེད་ཚེ་ང་ཚོས་མི་མང་ནང་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་ཧོལ་རྒྱུགས་ཆེ་བའི་ལས་འཆར་ལ་ཁ་གཏད་གཅོག་གི་ཡིན།
བོད་རྒྱལ་ཁབ་དང་བོད་མི་རིགས་ཟེར་བའི་སུམ་གཉིས་ས་ལ་མངའ་དབང་བསྒྱུར་མཁན་གྱི་དགོངས་པའི་གཏིང་དཔོག་པར་དཀའབའི་རླབས་ཆེན་གདོང་དམར་བོད་ཆེན་པོའི་བཙན་སྲོང་བཙན་སྒམ་པོའི་ཆབ་སྲིད་ཀྱི་དགོངས་དོན་ཡོངས་རྫོགས་ཐུགས་སུ་ཆུད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདིས་སྣེ་འཁྲིད་དེ་གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོད་པའི་རྣམ་འགྱུར་བསྟན་ཐུག་པ་དེ་ང་ཚོའི་རླབས་ཆེན་བོད་ཀྱི་བཙན་རྣམས་ཀྱི་བུ་རབ་ཚ་བརྒྱུད་ཀྱི་མི་བུ་སྒལ་ཚིགས་ཅན་རྣམས་ཀྱི་གཟི་བརྗིད་གཅིག་ཆགས་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་མ་འོངས་བོད་ཀྱི་བདག་པོ་ཡིན་ལ་མ་འོངས་བོད་རྒྱལ་ཁབ་ཀྱི་བདག་པོ་ཀྱང་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་དེ་རིང་བོད་ཀྱི་རང་དབང་རྩོད་ལེན་མཁན་ཞིག་ཡིན་ལ་སང་ཉིན་ང་ཚོའི་རྒྱལ་ཁབ་སླར་གསོ་བྱེད་མཁན་དེ་ཁོ་ན་ཡིན་ཞིང་གནང་ཉིན་ང་ཚོའི་མཐོ་སྒང་བོད་རྒྱལ་ཁབ་ཀྱི་བདག་པོ་ཡིན།
ཤ་དང་རུས་པའི་འབྲེལ་ཐག་དམ་པོས་བཅིངས་པའི་བོད་རིགས་སྤུན་ཟླ་ས་ཡ་གཅིག་ལྷག་གི་གཅེས་པའི་ཚེ་སྲོག་བཅད་མཁན་གྱི་དགྲ་བོ་དར་དམར་དེར་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་མྱ་ངན་གུས་འདུ་ཞུ་བཞིན་པ།
རང་དབང་སླར་གསོའི་འཐབ་རྩོད་ཀྱི་གོམ་བུའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་རང་སའི་བཙན་སའི་བཟུང་ནུས་པའི་སྙིང་སྟོབས་ཕུལ་དུ་ཕྱིན་པའི་རླབས་ཆེན་བོད་ཀྱི་གཞོན་ལྷན་རྟག་ཏུ་རྒྱས་གྱུར་ཅིག
བོད་ཆུ་འབྲུག་ལོར་དར་དམར་འོག་གིས་ལོ་གསར་དེ། བཀྲིས་བདེ་ལེགས་ཕུན་སུམ་ཚོགས། ཡིན་ནའང་བོད་འབྲུག་ལོར་ལོ་གསར་གཏོང་བའི་བོད་མི་རིགས་འདིར་མཚོན་ན། ཨེ་མ་བག་བྲོ་སྐུ་ཁམས་བཟང་ངམ། ཞེས་དྲི་བ་ཞིག་ཆགས་འདུག
ད་དུང་གཏན་དུ་བདེ་སྐྱིད་འདོད་པའི་གངས་ཅན་སྐྱིད་འདིར་མཚོན་ན། གཏན་དུ་བདེ་བ་འཐོབ་པར་ཤོག ཅེས་བདེ་བ་འཐོབ་འདོད་ཀྱི་འདོད་པ་ལས་དཀའ་བ་ཁྱད་དུ་བསད་པའི་ངལ་རྩོལ་མེད་པ་ཞིག་རྒྱག་འདོད་མེད་པ་འདྲ།
གང་ལྟར་་བོད་ནི་ནམ་ཡང་བོད་ཡིན་ལ། རྒྱ་ནི་ནམ་ཡང་རྒྱ་ཡིན། བོད་ཀྱི་གཞོན་ནུ་ཡང་བོད་ཀྱི་གཞོན་ནུ་ཡིན་ལ། བོད་ཀྱི་བདག་པོ་ཡང་ཡིན་སྟབས་བོད་ཀྱི་མི་རབས་གསར་པའི་གཞོན་ནུ་དག་རྒྱས་རྒྱུར་ཅིག།
ད་ཡང་བོད་ནང་གི་ཡ་ང་བའི་གནས་སྟངས་དང་། རྒྱལ་ཁབ་འཛུགས་བསྐྲུན་ཁ་རུ་ཉར་ནས། གཞོན་ལྷན་ལ་ཞལ་འདེབས་བསྡུ་རྒྱུའི་གོ་སྐབས་ལེགས་པོ་ཞིག་ཐོབ་འདུག་ཨང་།
ལོ་སྔོན་མ་ཡང་ཤུགས་ཆེ་བའི་རྒྱལ་ཁབ་འཛུགས་བསྐྲུན་གྱི་ཞལ་འདེབས་བསྡུས་སོང་ཡ། ཞལ་འདེབས་འདི་ཚོ་དུས་ནམ་ཞིག་གཏོང་གི་ཡོད་དམ། ཡང་ན་གཞོན་ལྷན་གྱི་ལས་བྱེད་པ་ཚོའི་གླ་ཆ་རེད།
ད་གཟོད་བྱུང་ན་གཞི་རྒྱ་ཆེ་བའི་ཚོགས་པ་འདིས་རླབས་ཆེ་བའི་ལས་འགུལ་འགའ་སྤེལ་རྒྱུའི་དུས་ལ་བབ་ཡོད། དེ་སྐབས་ཁྱེད་ཚོར་ཞལ་འདེབས་ཀྱི་སེམས་ཁྲལ་ཅི་ཡང་མེད། དེའི་སྐོར་ཁྱེད་ཚོའི་སེམས་ནང་ཁྲིག་ཁྲིག་ཡོད་ཀྱང་། ལས་འགུལ་རླབས་ཆེན་ཞིག་འགོ་བརྩམས་མ་ཐུབ་པ་འདི་ཅི་ཡིས་ཉེས་སམ།
གཞོན་ནུ་ལྷན་ཚོགས་ཀྱི་རྐུབ་སྟེགས་སྟེང་ནས་ཁ་སྟོང་བསྒྲགས་པ་ཙམ་ལས། རང་ཉིད་ཀྱི་ལས་འགན་སྒྲུབ་མི་ཐུབ་པ་འདི་ཅི་རེད།
གཞོན་ནུ་ལྷན་ཚོགས་ཀྱིས་ད་བར་༧གོང་ས་མཆོག་དང་གཞུང་གི་ལངས་ཕྱོགས་ལ་བསམ་ཤེས་གང་ཡང་མེད་པར། རང་བཙན་ལྟ་བ་ཁོ་ནས་གང་དྲན་ཚང་མ་བྱེད་རྐྱང་བྱས་པ་རེད། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ལངས་ཕྱོགས་མ་འདྲ་བར་བརྩི་བཀུར་བྱེད་དགོས་ཀྱང་། རང་གཞུང་གིས་ད་བར་བོད་མི་རིགས་ལ་འགན་ཁུར་བའི་རྒྱ་བོད་འབྲེལ་མོལ་གཙོས་རང་སྐྱོང་ཐོབ་ཐབས་ལ་དེ་ནས་དངོས་ཤུགས་བརྒྱུད་གསུམ་ནས་བར་ཆད། གཏོར་བརླག་བཏང་བའང་ཞིབ་ཚགས་པོས་མཁྱེན་རྟོགས་གནང་དགོས་པ་རེད། རྒྱལ་དར་བསྲེགས་པས་མི་རིགས་གཉིས་ཀྱི་ཞེ་འཁོན་བསླངས་ཀྱི་ཡོད། ཞེ་འཁོན་གྱི་འགན་དེ་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཁྱོག་མིན་བསམ་བློ་གཏོང་དགོས། རླུང་ལངས་ནས་གནས་སྐབས་སུ་སུ་ཡིན་ནའང་། ལས་ཀ་འདྲ་མི་འདྲ་བྱེད་ཐུབ་ཀྱང་། དེས་ཕུགས་ལ་མ་ཕན་ན་འགན་སུས་ཁྱེར་དགོས་ཀྱི་རེད།
གང་ལྟར་གཞོན་ནུའི་འདི་ལྟར་དམིགས་ཡུལ་གང་ཡང་མེད་པའི་ལས་འགུལ་སྤེལ་ན། ལམ་དབུ་མར་ཞུགས་པའི་གཞུང་དང་མི་མང་གིས་ཡིན་གཅིག་མིན་གཅིག གྲི་ཁ་ཁ་དང་ཤ་སོ་སོར་འབྱེད་དགོས་ཀྱི་རེད། དེ་མིན་ཡོང་ཐབས་མེད་པ་རེད། གཞིས་ཆགས་ཁག་ནས་ཀྱང་རང་གཞུང་གིས་ལངས་ཕྱོགས་དང་ལམ་སྟོན་གཞིར་བཟུང་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད། དཔལ་ལྡན་བཀའ་ཤག་གསར་པས་རྒྱལ་དར་མེ་བསྲེགས་ལ་༧གོང་ས་མཆོག་དང་བཀའ་ཤག་སྔོན་མ་ལྟར་མཐའ་གཅིག་ཏུ་ངོ་རྒོལ་གནང་བཞིན་པས། མི་མང་གིས་དེ་ཐུགས་ལ་ཉར་དགོས་པ་རེད། ནམ་ཞིག་གཞོན་ནུ་ཟུར་དུ་འདུག་དགོས་བྱུང་ན། དེ་དུས་ཐབས་སྐྱོ་བོ་རེད། དེ་བས་ད་ནས་བསམ་བློ་ཐོངས།
གཤམ་ཏུ་བོན་རྒྱས་གསུངས་བ་ལྟར། མི་ཤི་གསོན་གྱི་གྲངས་ཀྱང་མི་ངེས་ན་གཞན་རྣམས་ལྟ་ཅི། དེ་བས་གཞོན་ལྷན་གྱིས་བསམ་བློ་ཡག་པོ་མ་བཏང་ན་གྱོང་རེག་གི་རེད།
བཀུར་འོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ལྷན་རྒྱས་ཡིན་ནའང་འདྲ། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཡིན་ནའང་འདྲ། གང་ལྟར་སུ་ཞིག་གིས་སྔ་ལོ་ནས་ད་བར་བོད་བཞུགས་སྤུན་ཟླ་དུ་ཡིས་རང་ལུས་མཆོད་མེར་ཕུལ་བའི་ཁ་གྲངས་ཏག་ཏག་མ་བྱུང་བར་སྤྱི་ཚོགས་ནང་གླེང་རྙོག་ཐོལ་བ་ཞིག་སྐྲུན་བཞིན་འདུག་ལགས་ན། ལྷན་རྒྱས་ཚོས་བསམ་གཞིག་ནན་ནན་ཏིག་ཏིག་བྱས་ནས། སྐད་ཆ་ཤོད་གལ་ཆེ་བར་མཐོང་། དེ་ལྟར་ཐུགས་བསམ་མ་བཞེས་ན། རང་རེའི་སྤྱི་ཚོགས་ནང་གླེང་རྙོག་དང་། རྒྱ་དམར་སྲིད་གཞུང་གི་དོན་མེད་ལག་ཆ་ཞིག་ཏུ་མི་བཟུང་བའི་ངེས་པ་མེད་པས། ཐུགས་བསམ་སྔོན་ཚུད་ནས་བྱ་གནང་ཡོད་པ་ཞུས།
བོད་ལ་རང་བཙན་ཞིག་ཐོབ་རྒྱུ་ཡོད་ན་འཛུགས་སྐྲུན་མ་དངུལ་ལ་སེམས་ཁྲེལ་མེད་ཁོ་ཐག་རེད། ཧཧ
གཞོན་ནུའི་ལས་འགུལ་ལ་སྡོམ་ཞིག་བརྒྱབ་ན།
1 ཞལ་འདེབས་སློང་རྒྱུ་ཡིན།
2 མར་མེ་ཁྲོམ་སྐོར་ཞིག་བྱ་རྒྱུ་ཡིན།
3 མཆོད་མེ་ཞིག་བསྒྲོན་རྒྱུ་ཡིན།
གནས་སྐབས་རང་གཞན་གང་ཡང་མེད། འདི་རེད།
༼ ད་དུང་གཞི་རྒྱ་ཆེ་ལ་རྒྱུན་རིང་བོའི་ལས་འགུལ་ཞིག་བང་བསྒྲིགས་ཡོད།༽ཅེས་པ་འདི་རྫུན་མིན་ནམ་སྤྱིར་དོན་འགྲུབ་ལྷ་དར་ཁ་ཕོ་བཤད་རྒྱུར་ཧ་ཅང་དགའ་བ་ལས་དོན་ལ་ཞེ་དྲག་ཡོད་མ་རེད། དེ་བཞིན་ད་རེས་ཀྱི་ལས་འགུལ་འདི་ཡང་མཆོད་འབུལ་སྨོན་ཙམ་ལས་ཆེར་མི་འདུག དེ་ཙམ་ལ་ནང་གི་བོད་མི་རང་ཉིད་དང་། ཕྱི་ཡི་རྒྱ་རིགས་སོགས་བོད་དོན་རྒྱབ་སྐྱོར་བ་མང་ཆེ་བ་སུན་བསྡད་ཡོད་ངེས་པས་དེ་ལ་མཉམ་གཞུགས་བྱ་མཁན་ཡང་ཉུང་ཉུང་ལས་ཡོད་རྒྱུ་མ་རེད། ད་དུང་དྲན་སྐུལ་བྱ་རྒྱུ་ཞིག་ལ་མི་མང་མདུན་སྐྱོད་ལས་འགུལ་ཆེན་མོའི་སྐབས་སུ་གཞོན་ནུ་རང་ལ་ཞལ་འདེབས་མང་ཙམ་བྱུང་རབ་ལས་གཞན་ཕན་ཐོགས་ཅན་ཞིག་མ་བྱུང་བ་དེའི་རྗེས་སུ་མི་འགྲོ་བ་མཁྱེན་མཁྱེན་ཞུ།
{ གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་འདས་པའི་ཟླ་ངོ་ ༡༢ རིང་། བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༣ ཙམ་གྱིས་རང་ལུས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་ཟིན་ཞིང་། དེའི་ཁྲོད་མི་ ༡༣ འདས་གྲོངས་དང་གཞན་མང་ཆེ་བ་རྒྱ་ལག་ཏུ་ཤོར་ཏེ་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་སྐོར་ངོ་སྤྲོད་སོང་། }
གོང་གི་གཞོན་ནུའི་ཚོགས་གཞོན་གྱི་སྐད་ཆར་ལྟོས་ར། འདི་གསར་འགོད་པ་ནོར་བ་རེད་དམ། ཚོགས་གཞོན་གྱིས་ནོར་བ་རེད། བོད་ནང་ནས་མི་ག་ཚོད་ཀྱིས་མེར་བསྲེག་བཏང་མིན་གྱི་གྲངས་ཀ་ཙམ་ལ་ཡང་དོ་སྣང་མ་བྱས་པར་ས་རྒྱུག་གནམ་རྒྱུག་བྱེད་ཟོལ་ལ་ལྟོས་ར། དེ་རིང་ནས་ཁ་སང་སྤྱི་ཚེས་༡༥་ནས་ཡར་ཟླ་བ་བཅུ་གཉིས་བརྩིས་ན་ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་གསུམ་པའི་བར་ཡིན་ཡིན་ལ། དེ་ནས་ད་བར་དུ་བོད་ནང་གི་བོད་མི་༢༠ ལས་མེར་བསྲེག་བཏང་མེད་པས་ཉེར་གསུམ་ཇི་ལྟར་ཆགས་པ་རེད། མི་༡༤ འདས་ཚར་བ་རེད་དེ་གཅིག་ཇེ་ཉུང་ལ་འགྲོ་དགོས་དོན་ག་རེ་ཡིན་།
ད་སྔ་གསར་ལམ་ཁག་ལ་ཐོན་པ་ལྟར་ན་དངོས་ཡོད་གནས་ཚུལ་འདི་འདྲ་རེད།
༢༥༽ ༢༠༡༢།༠༢།༡༣། གྲྭ་བློ་བཟང་རྒྱ་མཚོ། ལོ།༡༩། འཆི་གསོན་མ་ངེས། བོད་རྔ་བ།
༢༤༽ ༢༠༡༢།༠༢།༡༡། ཨ་ནེ་བསྟན་འཛིན་ཆོས་སྒྲོན། ལོ།༡༨། འདས། བོད་རྔ་བ།
༢༣༽ ༢༠༡༢།༠༢།༠༨། བསོད་ནམས་རབ་ཡངས། ལོ།༣༧། (༣༦)འཆི་གསོན་མ་ངེས། བོད་ཁྲི་འདུ།
༢༢༽༢༠༡༢།༠༢།༠༨། རིག་འཛིན་རྡོ་རྗེ། ལོ།༡༩། འདས། བོད་རྔ་བ།
༢༡༽ ༢༠༡༢།༠༡།༡༤། གྲྭ་ཟུར་བློ་བཟང་འཇམ་དབྱངས། ལོ།༢༡།(༢༢) འདས། བོད་རྔ་བ།
༢༠༽ ༢༠༡༢།༠༡།༠༨། སྤྲུལ་སྐུ་བསོད་ནམས་དབང་རྒྱལ། ལོ།༤༢། འདས། བོད་མགོ་ལོག
༡༩༽ ༢༠༡༢།༠༡།༠༦། གྲྭ་ཟུར་བསྟན་ཉི། ལོ།༢༠། འདས། བོད་རྔ་བ།
༡༨༽ ༢༠༡༢།༠༡།༠༦། གྲྭ་བློ་བཟང་ཚུལ་ཁྲིམས། ལོ།༢༠། འདས། བོད་རྔ་བ།
༡༧༽ ༢༠༡༡།༡༢།༠༡། གྲྭ་ཟུར་བསྟན་འཛིན་ཕུན་ཚོགས། ལོ།༤༦། འདས། བོད་ཆབ་མདོ།
༡༦༽ ༢༠༡༡།༡༡།༡༠། གྲྭ་བོད་ཕྲུག ལོ།༤༥། གསོན། བལ་ཡུལ་མཆོད་རྟེན།
༡༥༽ ༢༠༡༡།༡༡།༠༤། ཤེས་རབ་བམ་མིག་དམར། ལོ།༢༦། གསོན། རྒྱ་གར་ལྡི་ལི།
༡༤༽ ༢༠༡༡།༡༡།༠༣། ཨ་ནེ་དཔལ་ལྡན་ཆོས་འཚོ། ལོ།༣༥། འདས། བོད་རྟའུ།
༡༣༽ ༢༠༡༡།༡༠།༢༥། གྲྭ་ཟླ་བ་ཚེ་རིང༌། ལོ།༣༨། གསོན། བོད་དཀར་མཛེས།
༡༢༽ ༢༠༡༡།༡༠།༡༧། ཨ་ནེ་བསྟན་འཛིན་དབང་མོ། ལོ།༢༠། འདས། བོད་རྔ་བ།
༡༡༽ ༢༠༡༡།༡༠།༡༥། གྲྭ་ཟུར་ནོར་བུ་དགྲ་འདུལ། ལོ།༡༩། འདས། བོད་རྔ་བ།
༡༠༽ ༢༠༡༡།༡༠།༠༧། གྲྭ་ཟུར་མཁའ་དབྱིངས། ལོ།༡༨། འདས། བོད་རྔ་བ།
༩༽ ༢༠༡༡།༡༠།༠༧། གྲྭ་ཟུར་ཆོས་འཕེལ། ལོ།༡༩། འདས། བོད་རྔ་བ།
༨༽ ༢༠༡༡།༡༠།༠༣། གྲྭ་སྐལ་བཟང་དབང་ཕྱུག ལོ།༡༨། (17)གསོན།ཤི བོད་རྔ་བ།
༧༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་སྐལ་བཟང་། ལོ།༡༩། (18)གསོན། བོད་རྔ་བ།
༦༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་དཀོན་མཆོག ལོ།༡༨། གསོན། བོད་རྔ་བ།
༥༽ ༢༠༡༡།༠༨།༡༥། གྲྭ་ཚེ་དབང་ནོར་བུ། ལོ།༢༩། འདས། བོད་རྟའུ།
༤༽ ༢༠༡༡།༠༣།༡༦། གྲྭ་ཕུན་ཚོགས། ལོ།༢༡། འདས། བོད་རྔ་བ།
༣༽ ༢༠༠༩།༠༢།༢༧། གྲྭ་བཀྲ་བྷེ། ལོ།༢༠། གསོན། བོད་རྔ་བ།
༢༽ ༢༠༠༦།༡༡།༠༣། ལྷག་པ་ཚེ་རིང༌། ལོ།༢༣། གསོན། རྒྱ་གར་བྷིང་ལོ།
༡༽ ༡༩༩༨།༠༤།༢༧། ཐུབ་བསྟན་དངོས་གྲུབ། ལོ།༦༠། འདས། རྒྱ་གར་ལྡི་ལི།
རྒྱབ་བསྐྱོར་ཡོད། ལས་འགུལ་སྣེ་ཁྲིད་མཁན་ཚོས་གང་དམིགས་ཡུལ་དུ་བཟུང་བ་དེ་བཞིན་དུ་ལམ་ལྷོངས་ཡོང་བའི་སྨོན་ལམ་ཙམ་མ་ཟད། རང་ཉིད་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུའི་འདུན་པ་ཡང་ཡོད།
ལྷག་པར་དུ་དྲན་སྐུལ་བྱ་དགོས་པ་ཞིག་ལ། ཁྱེད་ཚོས་ལས་འགུལ་གང་ཞིག་སྤེལ་ནའང་། རྒྱ་ནག་པེ་ཅིང་སྲིད་གཞུང་ལ་བརྡ་ལན་གསལ་བོ་ཞིག་དང་། དེ་མཐུན་རྒྱ་རིགས་མི་སེར་ཚོར་དེ་ལྟར་གནང་དགོས་པ་རྒྱུ་མཚན་གང་ལ་ཐུག་མིན་གྱི་བརྡ་ལན་ཁ གསལ་མ་འདྲེས་པ་ཞིག་བྱ་དགོས་པ་གནས་ཀྱི་དོན་པོ་རུ་མཐོང་།
རང་བཙན་སླར་གསོའི་ཆེད་དུ་ཐེབས་རྩ་མི་དགོས་པར་རང་བཙན་ཐོབ་ཚར་རྗེས་སུ་ཐེབས་རྩ་དགོས་པ་ནི་དགོད་བྲོ་བ་ཞིག་མ་རེད་དམ།
རྒྱའི་ལས་བྱེད་པའི་ངན་སེམས་དང་། བོད་རིགས་རང་གི་ཞེན་ཆ་མེད་པར་བཟོ་དགོས་པ་ལས། རས་དམར་ཅིག་བསྲེགས་པས་སུ་ལ་ཕན་དང་སུ་ལ་གནོད་པ་ཆ་འཚལ་བ་མིན་ནམ།