མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཀཱོ་ཊི་ལན་ཌིས་དབྱིན་ཇིའི་འོག་ནས་རང་བཙན་ལ་རེ་ལྟོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ལོ་སྔོན་མའི་ནང་དབྱིན་ཇིའི་དབང་སྒྱུར་འོག་ཡོད་པའི་སི་ཀཱོ་ཊི་ལན་ཌི་ས་གནས་གྲོས་ཚོགས་ནང་། སི་ཀཱོ་ཊི་ལན་ཌི་ (Scotland) རྒྱལ་ཡོངས་ཆབ་སྲིད་ཚོགས་པས་གྲོས་གཞི་བཏོན་པ་ལྟར། རང་བཙན་བསམ་ཤོག་ལ་རྒྱལ་ཁ་ཐོབ་པ་དང་། ད་ལོར་མང་ཚོགས་ནང་བསམ་ཤོག་བསྡུ་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པའི་ཐད་དཀའ་ངལ་འཕྲད་བཞིན་ཡོད།  

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དབྱིན་ཇིའི་སྲིད་བློན་ཌཱ་ཝེ་ཌི་ (David Cameron)ལགས་སི་ཀཱོ་ཊི་ལན་ཌིའི་ཨེ་ཌེན་བྷུར་(Edinburgh) ས་གནས་སུ་བསྐྱོད་དེ། སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་གི་བློན་ཆེན་ཨ་ལེག་ཛི་ (Alez Salmond) དང་ཐུག་འཕྲད་ཀྱིས། སི་ཀཱོ་ཊི་ལན་ཌི་མུ་མཐུད་དབྱིན་ཇིའི་འོག་མཉམ་གནས་བྱ་འདོད་ཡོད་ན། ས་གནས་རང་སྐྱོང་གི་ཐོབ་ཐང་དང་དབང་ཆ་སྔར་ལས་ཆེ་གཏོང་རྒྱུ་ཡིན་སྐོར་བརྗོད་ཅིང་། ད་སྔ་དབྱིན་གཞུང་གིས་སོ་སོའི་མངའ་འོག་ཏུ་ཡོད་པའི་རྒྱལ་ཁབ་དག་སྟོབས་ལྡན་དང་བརྟན་བརླིང་། འབྱོར་ལྡན་ཅན་དུ་འཕེལ་རྒྱས་བཏང་ཡོད་ཚུལ་བརྗོད་འདུག དེ་བཞིན་ཁོང་གིས་སི་ཀཱོ་ཊི་ལན་ཌིའི་མང་ཚོགས་ལ་གཏམ་བཤད་ཅིག་སྤེལ་སྐབས “ ང་ཚོ་མཉམ་གནས་བྱས་ཚེ་རྒྱལ་ཁབ་འདི་སྟོབས་ཆེན་དང་འབྱོར་ལྡན་ཅན་གྱི་རྒྱལ་ཁབ་ཡག་ཤོས་ཤིག་བསྐྲུན་ཐུབ། འོན་ཀྱང་། ངས་སི་ཀཱོ་ཊི་ལན་ཌིའི་མི་མང་གིས་སོ་སོའི་འདོད་མོས་བྱ་ཆོག་གི་མ་རེད་ཅེས་འཇིགས་སྐུལ་གཏོང་གི་མེད། ངས་ང་ཚོ་ཐུན་མོང་ལ་དབང་བའི་རྒྱལ་ཁབ་འདི་ལ་དགའ་ཞེན་དང་བརྩེ་དུང་ཡོད་མཁན་ཚོར་འབོད་སྐུལ་དང་རེ་འདུན་ཞུ་བཞིན་ཡོད། ” ཅེས་བརྗོད་འདུག དཔྱད་བརྗོད་པ་ཁག་ཅིག་གིས་ཐེངས་འདིར་སི་ཀཱོ་ཊི་ལན་ཌིར་སྔར་ལས་རང་སྐྱོང་གི་གནས་བབ་ཚད་མཐོ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་པ་དེས་དབྱིན་ཇིའི་འོག་གི་ས་གནས་མང་པོའི་ནང་འཐབ་རྩོད་བྱ་ངེས་ཡིན་ཚུལ་བརྗོད་འདུག  

སྲིད་བློན་ཌཱ་ཝེ་ཌི་ཁོང་ཨེ་ཌེན་བྷུར་ལ་ལྟ་སྐོར་དང་བློན་ཆེན་ཨ་ལེག་ཛི་དང་ཐུག་འཕྲད་བྱས་པ་དེ་ནི། ཕྱི་ཚེས་ ༡༣ ཉིན་སི་ཀཱོ་ཊི་ལན་ཌི་ས་གནས་སྲིད་གཞུང་གི་བློན་ཆེན་ཨ་ལེག་ཛི་སཱལ་མོན་ཌི་(Alex Samond) དང་། དབྱིན་གཞུང་སི་ཀཱོ་ཊི་ལན་ཌིའི་དྲུང་ཆེ་སྐུ་ཞབས་མོའོ་རེ་ (Michael Moore) གཉིས་ཨེ་ཌེན་བྷུར་ནང་ལྷན་འཛོམ་ཐོག བསམ་ཤོག་བསྡུ་ཕྱོགས་ཀྱི་འཆར་གཞི་དང་ལས་དོན་སྒྲུབ་སྟངས་ཐོག་གྲོས་བསྡུར་བྱས་ཡོད་པ་མ་ཟད། སྐབས་དེར། ཨ་ལེག་ཛི་ཡིས་རང་ཉིད་དབྱིན་ཇི་སྲིད་བློན་དང་ཐུག་འཕྲད་ཀྱིས་གནད་དོན་དེའི་སྐོར་གྲོས་བསྡུར་བྱ་འདོད་ཡོད་པའི་རེ་བ་བཏོན་པ་ལྟར་ཐུག་འཕྲད་བྱས་པ་ཞིག་ཡིན་འདུག ཐེངས་འདིའི་ཐུག་འཕྲད་སྐབས་དབྱིན་ཇིའི་སྲིད་བློན་གྱིས་སི་ཀཱོ་ཊི་ལན་ཌི་དབྱིན་ཇི་དང་མཉམ་གནས་བྱས་ན་འབྱོར་ལྡན་ཅན་དུ་འགྱུར་ཐུབ་ཚུལ་བརྗོད་ཡོད་པ་དེར། སི་ཀཱོ་ཊི་ལན་ཌིའི་བློན་ཆེན་ཨ་ལེག་ཛིའི་མགྲིན་ཚབ་པས། ད་ལྟའི་དབྱིན་ཡུལ་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་བབ་ (GDP) ལ་གཞི་བཅོལ་ན། དབྱིན་ཇི་ནི་འཛམ་གླིང་ནང་གི་འབྱོར་ལྡན་རྒྱལ་ཁབ་ཨང་ ༡༦ རེད། གལ་སྲིད། སི་ཀཱོ་ཊི་ལན་ཌི་རང་བཙན་བྱས་ཚེ་དེའི་ད་ལྟའི་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་བབ་ལྟར་ན་འཛམ་གླིང་ནང་གི་འབྱོར་ལྡན་རྒྱལ་ཁབ་ཨང་ ༦ པར་སླེབས་ཀྱི་ཡོད་སྐོར་བརྗོད་འདུག  

སི་ཀཱོ་ཊི་ལན་ཌི་མང་ཚོགས་ནང་བསམ་ཤོག་བསྡུ་བའི་སྒྲིག་གཞི་དང་ལས་དོན་བྱ་ཕྱོགས་ཐད། དབྱིན་གཞུང་དང་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་བར་དཀའ་ངལ་ཞིག་ལྷག་ཡོད་པ་ནི། ཨ་ལེག་ཛི་ཡིས་བསམ་ཤོག་བསྡུ་བའི་སྒྲིག་གཞི་ཁག་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་གིས་བཟོ་དགོས་པ་དང་། བསམ་ཤོག་བསྡུ་སྐབས་སི་ཀཱོ་ཊི་ལན་ཌིའི་མི་རང་ལོ་ ༡༦ ཡན་ལ་ཐོབ་ཐང་སྤྲོད་དགོས་པ། བསམ་ཤོག་དེ་ ༢༠༡༤ ནང་བསྡུ་རྒྱུ་ཡིན་སྐོར་སོགས་རྗོད་ཀྱི་ཡོད་ཀྱང་། དབྱིན་གཞུང་གིས་བསམ་ཤོག་བསྡུ་བའི་སྒྲིག་གཞི་དབུས་ནས་གཏན་འབེབས་བྱ་རྒྱུ་དང་། བསམ་ཤོག་གང་མགྱོགས་བསྡུ་ཐུབ་པ་བྱ་རྒྱུ། བསམ་ཤོག་གི་འོས་ཆོས་ལོ་ ༡༨ ཡན་ལ་མ་གཏོགས་མེད་སྐོར་བརྗོད་ཡོད་འདུག དེ་བཞིན། སི་ཀཱོ་ཊི་ལན་ཌི་རང་བཙན་བྱ་རྒྱུར་དམག་དོན་དང་དཔལ་འབྱོར། ཕྱི་འབྲེལ་སྲིད་ཇུས། དངུལ་ལོར་སོགས་གནད་དོན་མང་པོ་ཞིག་ཐག་གཅོད་དཀའ་བའི་གནས་ཚུལ་ལྷག་ཡོད་པའི་ཐད། ཆབ་སྲིད་དཔྱད་བརྗོད་པ་ཚོས་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་འདི་ད་ལྟའི་ཆར་དབྱིན་གཞུང་གི་རང་སྐྱོང་ས་ཁུལ་ཅིག་ཡིན་སྟབས། ས་གནས་གྲོས་ཚོགས་ནང་རང་བཙན་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་བསམ་ཤོག་བསྡུ་དབང་ཙམ་ལས། སི་ཀཱོ་ཊི་ལན་ཌི་རང་བཙན་ཡིན་པར་ཁྱབ་བསྒྲགས་བྱ་རྒྱུའི་དབང་ཚད་མེད་པས། མང་ཚོགས་ལ་བསམ་ཤོག་བསྡུས་ཏེ་རང་བཙན་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ད་གཟོད་དབྱིན་གཞུང་དང་ལྷན་དུ་སྐད་ཆ་བཤད་མགོ་རྩོམ་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་དབྱིན་གཞུང་གིས་སི་ཀཱོ་ཊི་ལན་ཌིའི་མང་ཚོགས་ལ་ས་གནས་རང་སྐྱོང་གི་བདག་དབང་ཐོག་དབྱིན་ཇི་དང་མཉམ་གནས་བྱ་རྒྱུར་སྐུལ་འདེད་དང་། རང་བཙན་བྱས་ཚེ་དཀའ་ངལ་ཇི་ལྟར་འཕྲད་ཉེན་ཡོད་སྐོར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ལ། ཨ་ལེག་ཛིས་སྣེ་ཁྲིད་པའི་སི་ཀཱོ་ཊི་ལན་ཌི་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་(SNP) དང་། ས་གནས་གཞུང་གིས་སི་ཀཱོ་ཊི་ལན་ཌི་རང་བཙན་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། གནད་དོན་དེའི་ཐད་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་གི་བློན་ཆེན་ཨ་ལེག་ཛི་ཡིས། ཕྱོགས་གཉིས་ཀྱི་མི་མཐུན་པའི་འགན་རྐྱེན་དག་མི་མང་གི་བསམ་ཚུལ་ལ་བལྟས་ཏེ་ཐག་གཅོད་ཡོང་ཐབས་བྱས་ན་ལེགས་ཚུལ་དང་། གནད་དོན་འདི་སི་ཀཱོ་ཊི་ལན་ཌིའི་མ་འོངས་པའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་སྟབས་ཁོང་ཚོས་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་རྒྱུ་ཡིན་པར་བརྗོད་ཡོད། ཡུ་རོབ་མཐུན་ཚོགས་ཀྱིས་སི་ཀཱོ་ཊི་ལན་ཌི་རང་བཙན་ཆགས་ཚེ་དངུལ་སྒོར་ག་རེ་བེད་སྤྱོད་གཏོང་མིན་དང་། ད་སྔ་དབྱིན་གཞུང་གིས་ཡུ་རོབ་མཐུན་ཚོགས་ནང་གཏོང་བཞིན་པའི་མ་དངུལ་འབོར་ཆེན་ཉུང་དུ་གཏོང་ངེས་ཡིན་པ་བཅས་ཀྱི་ཐད་བློ་འཚབ་འབྱུང་བཞིན་ཡོད་པ་རེད།

སི་ཀཱོ་ཊི་ལན་ཌའི་རང་བཙན་བསམ་ཤོག་ལ་སྔ་ལོའི་སུའུ་ཌན་ལྷོ་མའི་རང་བཙན་བསམ་ཤོག་བསྡུས་ཏེ། རང་བཙན་ཆགས་པ་དེས་ཤུགས་རྐྱེན་དང་བློ་སྟོབས་སྤྲད་ཡོད་པ་མ་ཟད། སི་ཀཱོ་ཊི་ལན་ཌིའི་བསམ་ཤོག་བསྡུ་བའི་སྒྲིག་གཞི་དང་ལས་དོན་སྒྲུབ་ཕྱོགས་ཐད་ནས་ཀྱང་སུའུ་ཌན་ལྷོ་མའི་རང་བཙན་བསམ་ཤོག་ལྟར་འགྲོ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། དབྱིན་གཞུང་གིས་སྔོན་མ་ཁཱེ་ཎ་ཌའི་ཁཱུ་བྷེག་ (Quebec) མངའ་སྡེའི་བསམ་ཤོག་བསྡུ་སྟངས་ལྟར་སྒྲིག་གཞི་ཁག་གཏན་འབེབས་བྱ་འཆར་ཡིན་སྟབས། བསམ་ཤོག་དེ་ནི་བསམ་ཤོག་བསྡུ་ཡུལ་གྱི་མངའ་སྡེའམ་ས་ཁུལ་གང་དེ་བྷད་དེ་ཁ་བྲལ་དུ་མ་སོང་བར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སམ་ས་གནས་རང་སྐྱོང་གི་བདག་དབང་སྤྲད་དེ། རང་བཙན་ནམ་རྒྱལ་ཁབ་ཁ་བྲལ་དུ་འགྲོ་རྒྱུའི་ལམ་ཁ་འགོག་ཐབས་བྱ་རྒྱུ་དེ་ཡིན་སྟབས། སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་གིས་ས་གནས་མང་ཚོགས་ཀྱི་གནས་བབ་ལ་བསྟུན་ཏེ་བསམ་ཤིག་སྒྲིག་གཞི་གཏན་འབེབས་བྱ་དགོས་ཚུལ་རྗོད་ཀྱི་ཡོད།

སི་ཀཱོ་ཊི་ལན་ཌིའི་རང་བཙན་ནི་ ༡༧༠༧ ལོར་དབྱིན་ཇིའི་དབང་བསྒྱུར་འོག་ཤོར་བ་ནས་མགོ་ཚུགས་ཡོད་པ་དང་། སྐབས་དེའི་སི་ཀཱོ་ཊི་ལན་ཌིའི་རྩོམ་པ་པོ་རོ་བྷར་ཊི་བྷན་སི་(Robert Burns) ཡིས་ཐེར་འདོན་རྩོམ་ཡིག་སྐད་གྲགས་ཆེ་བ་ཞིག་ཏུ་ “ང་ཚོ་ཉོས་ཏེ་དབྱིན་ཇིའི་གསེར་ལ་རྔམ་མཁན་ཚོས་བཙོང་པ་རེད། མི་རིགས་འདི་ལ་དེ་འདྲ་བའི་རྒྱལ་ཚོང་པའི་ཁྱུ་ཚོགས་ཤིག་བྱུང་ཡོད ” ཅེས་བྲིས་ཡོད་པ་ལྟར། སྐབས་དེའི་སི་ཀཱོ་ཊི་ལན་ཌིའི་མགོ་ཁྲིད་དཔོན་རིགས་ཚོར་དབྱིན་གཞུང་གིས་ལྐོག་དངུལ་བསླུ་བྲིད་འོག་དབང་སྒྱུར་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༢༠ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 3

  1. སངྒེ ། says:
    ལོ་ 14 སྔོན།

    རང་དབང་དེ་འདྲ་སྤྲད་ཀྱང་ད་དུང་རང་ཉིད་ལ་མགོ་ལུས་ཡོངས་རྫོགས་དབང་བའི་རང་བཙན་གཙང་མ་ཞིག་རྩོད་ལེན་བྱ་བཞིན་པ་འདི་རེད། དེས་ན་ང་ཚོར་ཡང་རྒྱ་གཞུང་གིས་རང་དབང་འདི་འདྲ་ཞིག་སྤྲད་དེ་རྒྱ་ནག་དང་མཉམ་གནས་བྱས་ན། མ་འོངས་པའི་བུ་རབས་ཚ་རྒྱུད་ཚོའི་འདོད་བློ་ཚུམ་ཐུབ་ཀྱི་རེད་དམ། འདིའི་ཕྱོགས་སུ་ད་ལྟ་ནས་བསམ་གཞིགསུ་བྱ་དགོས་པ་འདྲ།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    རང་ཉིད་མི་ཞིག་ཡིན་པའི་ཆ་ནས། རེ་བ་དང་ཡིད་ཆེས། ལ་རྒྱ་དང་འདུན་པ། བསམ་ཚུལ་དང་སྙིང་སྟོབས་ལོས་ཡོད། ང་ཚོས་ཆིག་སྒྲིལ་དང་ཤེས་ཡོན། བྱམས་པ་དང་བརྩེ་བ། འབྲེལ་ལམ་སོགས་གཅིག་ཏུ་སྤུངས་ནས་འགྲོ་དང་། ལྷན་འཛོམས་ཀྱི་ཉིན་མོ་ལོས་ཡོད།

    Reply
  3. མང་ཐོས། says:
    ལོ་ 14 སྔོན།

    ཡིད་སྨོན་ཤོར་སོང་། རྒྱལ་ཁབ་འདི་ཚོ་ན་ཁ་གཡང་ཙམ་མིན་པའི་མང་གཙོ་དང་རང་དབང་ཡོད་ས་རེད། རྒྱལ་ཁབ་དེ་ཚོའི་མི་སེར་ཡིན་ན་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese