ཉིན་འདི་འགར་སེ་རི་ཡའི་ནང་གྱེན་ལངས་པའི་སྟེང་གཞུང་གིས་མུ་མཐུད་དྲག་གནོན་བྱེད་བཞིན་པའི་ཐད། ཕྱོགས་གང་སར་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་ལྟར་དབྱིན་ཇིའི་གཞུང་ཚབ་ཀྱང་ཕྱིར་བསྡུ་འདུག
ད་ལྟའི་ཆར་སེ་རི་ཡའི་གཞུང་གིས་གྱེན་ལངས་པའི་སྟེང་མུ་མཐུད་དྲག་གནོན་བྱེད་བཞིན་པ་དེར། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སེ་རི་ཡའི་སྲིད་གཞུང་ལ་མང་ཚོགས་སྟེང་ “འཆར་གཞི་ལྡན་པའི་དྲག་གནོན” བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་པ་དང་བསྟུན། དབྱིན་ཇིའི་སྲིད་བློན་ཌཱ་ཝེ་ཌི་ཡིས་བྷ་ཤར་སྲིད་གཞུང་གིས་མང་ཚོགས་སྟེང་དྲག་གནོན་བྱེད་ཀྱི་ཡོད་པའི་བདེན་དཔང་ཁ་གསལ་བཟོས་ཏེ། སྲིད་འཛིན་བྷ་ཤར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྦྱོར་རྒྱུ་ཡིན་པར་བསྒྲགས་ཡོད་པ་མ་ཟད། ཕྱི་ཚེས་ ༢༩ ཉིན་སེ་རི་ཡའི་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཕྱིར་བསྡུ་བྱས་ཡོད་འདུག
དབྱིན་ཇིའི་གཞུང་ཚབ་ཕྱིར་བསྡུ་བྱས་རྗེས། དབྱིན་ཇིའི་ཕྱི་འབྲེལ་དྲུང་ཆེ་ཧཱ་གྷའེ་ (Hague) ཡིས་དབྱིན་གཞུང་གིས་སེ་རི་ཡའི་ནང་ཡོད་པའི་གཞུང་ཚབ་ཕྱིར་བསྡུ་བྱས་པ་དེ་ནི། གཞུང་ཚབ་ཁང་གི་ལས་བྱེད་ཚོའི་བདེ་འཇགས་ལ་འགན་ལེན་བྱས་པ་ཞིག་ཡིན་ཚུལ་དང་། དབྱིན་གཞུང་གིས་ཨ་རབ་མཐུན་ཚོགས་དང་རྒྱལ་ཚོགས་གཉིས་ཀྱི་དམིགས་བསམ་སྐུ་ཚབ་རྒྱལ་ཚོགས་དྲུང་ཆེ་ཟུར་པ་ཀོ་ཧྥེ་ཨན་ནཱ་དང་ཁོང་གི་ཞི་འགྲིག་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།
ཀོ་ཧྥེ་ཨན་ནཱ་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་དང་ཐུག་འཕྲད་ཐོག ཕྱི་ཚེས་ ༢༩ ཉིན་ཁོང་གིས་གང་མགྱོགས་སེ་རི་ཡར་འགྲོ་འཆར་ཡོད་པ་དང་། སྲིད་འཛིན་བྷ་ཤར་དང་གྲོས་མོལ་བརྒྱུད་སེ་རི་ཡའི་ཟིང་འཁྲུག་མཇུག་སྒྲིལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པར་བརྗོད་འདུག
གསར་འགོད་པ། བནྡེ་སྐྱབས།
ཟུང་ཟད་ཀྱི་བྷ་ཤར་ལྟ་བུར་ཐུག་དུས་མཉམ་འབྲེལ་ཟེར་བ་དང་མཐུན་ཚོགས་ཟེར་བ་མང་བོ་ཞིག་གིས་དྲང་བདེན་ཡིན་མདོག་དང་རོགས་སྐྱོར་བྱ་མདོག་སྟོན་གྱིན་འདུག་ཀྱང་། རྒྱ་དམར་གཞུང་ལ་ཐུག་དུས་སྐད་ཆ་ངར་བ་ཞིག་ཀྱང་བཤད་ཕོད་མཁན་སུ་ཞིག་ཡོད།
རྒྱ་ནག་སྲིད་གཞུང་གིས་བོད་མིའི་སྟེང་འཆར་གཞི་ལྡན་པའི་དྲག་གནོན་བྱེད་ཀྱི་ཡོད་པ་འདུ་ལ་དགོངས་ནས་དྲང་བདེན་ལ་ཁ་ཕྱོགས་པའི་རྒྱལ་ཁབ་རྣམས་ཀྱི་གཞུང་ཚབ་ཕྱིར་བསྡུ་བྱས་ན་ག་འདྲ་་་་་་་་་