མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་མོ་བདེ་ཆེན་དགོན་དུ་གསུམ་དུས་སྲུང་གཙི།༼པར༽

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་གཅན་ཚ་ལ་མོ་བདེ་ཆེན་དགོན་དུ་གསུམ་བཅུའི་དུས་དྲན་སྲུང་གཙི་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག

 

དེ་རིང་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཏེ་བོད་ལུགས་ཀྱི་ཆོ་འཕྲུལ་དུས་ཆེན་ཉིན། མདོ་སྨད་གཅན་ཚ་རྫོང་ནང་ཁོག་ཞང་ལ་མོ་བདེ་ཆེན་དགོན་པའི་དགེ་འདུན་པ་ཚོས་སྨོན་ལམ་གྱི་མཆོད་གཏོར་སྟེང་མར་རྒྱན་གྱིས་བོད་ཀྱི་རྒྱལ་དར་དང་། ༧གོང་ས་མཆོག་གི་སྐུ་བརྙན་བཞེངས་ཏེ་སྨོན་ལམ་གསུངས་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལ་མོ་བདེ་ཆེན་དགོན་གྱི་དགེ་འདུན་པ་ ༧༠ ནས་ ༨༠ ཙམ་གྱིས་དགོན་པའི་ཉེ་འཁྲིས་ཀྱི་རི་སྒང་ཞིག་ཏུ་བསང་གསོལ་ཆེན་པོ་ཞིག་གནང་སྟེ། མི་ལོ་ང་གསུམ་གོང་གི་ཉིན་མོ་འདིར་བོད་མིས་རང་དབང་སྒེར་ལངས་ལ་རྒྱ་དམག་གིས་དྲག་གནོན་བྱས་པར་དྲན་གསོའི་ཆེད་ཤོག་སྦག་སྦར་སྒྲོན་ཞིང་། བྱང་ཆུབ་སེམས་མཆོག་སྐྱོར་བཞིན་རྫོང་ཐོག་ཏུ་ཁ་ཕྱོགས་ཏེ་བསྐྱོད་ཡོད་འདུག

དགེ་འདུན་པ་རྣམས་ཀྱི་སྐད་གསེང་རིམ་བཞིན་ཇེ་མཐོར་སོང་སྟེ་“བོད་ལ་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས” སོགས་ཀྱི་སྐད་འབོད་རྒྱག་བཞིན་དགོན་པ་དང་སྤྱི་ལེ་ ༡ དང་ཕྱེད་ཙམ་གྱི་སར་ཡོད་པའི་མ་ཎི་རྡོ་ལུང་གྲོང་ཚོར་འབྱོར་སྐབས། གྲོང་སྡེའི་མི་མང་བསླེབས་ཏེ་དགེ་འདུན་པ་རྣམས་རྫོང་ཐོག་ཏུ་མི་ཕེབས་རྒྱུར་བཀག་འགོག་བྱས་ཡོད་ཅིང་། བུད་མེད་དང་བྱིས་པ་ཚོས་ངུ་འབོད་བྱེད་བཞིན་ཞུ་བ་འཐེན་ཏེ་དགེ་འདུན་པ་རྣམས་ཀྱི་མདུན་བཀག་ཡོད་འདུག

ཕྱི་དྲོའི་ཆུ་ཚོད་ ༢ པ་ཡོལ་ཙམ་ལ་གར་ཡོང་མི་ཤེས་པའི་དམག་མིའི་རླངས་འཁོར་ ༥ ཙམ་དགོན་གཤམ་གྱི་གཞུང་ལམ་དུ་འབྱོར་ཡོད་ཅིང་། དེའི་རྗེས་ཁ་པར་གྱི་བརྒྱུད་ལམ་བཀག་འདུག་སྟབས། གནས་ཚུལ་ཅི་བྱུང་དང་གྲྭ་མང་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ།

 

གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། “ ཕྱི་ཟླ་ ༢ པའི་ཕྱི་ཚེས་ ༨ ཉིན་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། ཉིན་བརྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སྐབས། གཅན་ཚ་རྫོང་གི་རྨ་མགུར་རྣམ་རྒྱལ་གླིང་དགོན་པའི་དགེ་འདུན་པ་དང་ཉེ་འཁོར་གྱི་མང་ཚོགས་དགོན་པར་འཛོམས་ཏེ་སྨོན་ལམ་གསུངས་ཡོད” ཅེས་དང་།

 

“ སྤྱིར་ན་རྒྱ་ནག་ཁོངས་ཀྱི་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་ཕྱི་ཟླ་ ༣ ཚེས་ ༡ ནས་རྫོགས་ཡོད་ཀྱང་། རྫོང་འདིའི་འོག་ཏུ་ད་ལོ་དགུན་གནང་གི་དུས་ཡུན་ཉིན་ ༡༥ འཕར་འགྱངས་བྱས་ཏེ། དགེ་རྒན་དང་ལས་བྱེད་རྣམས་ས་གནས་ཆ་བགོས་ཀྱིས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ལ་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་བཏང་འདུག

 
གཅན་ཚ་ནི་ ༢༠༠༨ ལོ་ནས་རྒྱ་ལུགས་ཀྱི་ལོ་གསར་སྲུང་བརྩི་མི་བྱེད་པའི་ས་གནས་ཤིག་ཡིན་པ་དང་། སྐབས་དེར་ལས་འགུལ་སྐུལ་སློང་བྱེད་མཁན་གཙོ་བོ་ལ་མོ་བདེ་ཆེན་སོགས་དགོན་སྡེ་ཁག་ཡིན་འདུག” ཅེས་སོགས་བཀོད་འདུག

 

ཕྱི་ཚེས་ ༨ ཉིན་གྱི་ཆོ་འཕྲུལ་སྨོན་ལམ་སྟེང་རྒྱན་མར་གྱིས་བཞེངས་པའི་༧གོང་ས་མཆོག་དང་བོད་ཀྱི་རྒྱལ་དར།

 

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་དགེ་འདུན་པ་ ༧༠ ནས་ ༨༠ ཙམ་གྱིས་དགོན་པའི་འཁྲིས་ཀྱི་རི་སྒང་ཞིག་ཏུ་བསང་གསོལ་བཏང་སྟེ་གསུམ་དུས་སྲུང་གཙི།

 

དགེ་འདུན་པ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོད་སྐད་འབོད་གནང་བཞིན་རྫོང་གི་ཕྱོགས་སུ་སྐྱོད་བཞིན་པ།

 

དགེ་འདུན་པ་རྣམས་ཀྱིས་སྐད་འབོད་གནང་བཞིན་མ་ཎི་རྡོ་ལུང་གྲོང་ཚོར་འབྱོར་བ།

 

མ་ཎི་རྡོ་ལུང་གྲོང་ཚོའི་མི་མང་ཚོས་ངུ་འབོད་བྱེད་བཞིན་དགེ་འདུན་པ་རྣམས་ཀྱི་མདུན་འགོག་བཞིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 13

  1. ནད་པ says:
    ལོ་ 14 སྔོན།

    བོད་རིགས་མི་དམངས་ཀྱི་ལག་རྩལ་དང་སྒྱུ་རྩལ་ཐོག་ནས་༸ གོང་ས་མཆོག་དང་། བོད་ཀྱི་རྒྱལ་དར། ཆོས་ཀྱི་འཁོར་ལོ། པད་དཀར་གྱི་གདན་སོགས་མཆོད་གཤམས་བྱས་ཏེ་སུམ་ཅུའི་དུས་དྲན་སྲུང་བརྩི་གནང་ཐུབ་པར་བསྔགས་བརྗོད་གྲངས་མེད་ཡོད།

    གང་དུ་དྲག་གོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པའི་མའོ་ཡིས་བཀའ་སློབ་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་དགོས།

    དེ་ནི་གུང་ཁྲན་ཏང་གིས་ང་ཚོར་བཞག་པའི་བསླབ་བྱ་ཡག་ཤོས་ཤིག་རེད།

    Reply
  2. གྲྭ་རྒོད says:
    ལོ་ 14 སྔོན།

    འདི་དངོས་་མ་ཡིན་པས་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུ། རང་དོན་རང་གི་བསྒྲུབ་ཟེར་བའི་དཔེར་ལྟར་རེད། བོད་དོན་བོད་ཀྱི་རྩོད། དོན་དངོས་ཕྱི་ལ་བསྒྲགས་བྱེད། ཁྲབ་སྟོན་མིན་པའི་བོད་ནང་གི་ལས་འགུལ་འདི་ལྟ་བུ་དགོས། བོད་པ་ཚོ་ལྷག་དོན་ཕྱི་སྡོད་བོད་པ་ཚོ་ལོངས་ཤོག་ཡར་ལ་ལོངས་ཤོག་རང་གི་ཆེད་དུ་ལོངས་ཤོག་དོན་དངོས་ལ་ཞུགས་ནས་ལོངས་ཤོག

    Reply
  3. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    མདོ་སྨད་གཅན་ཚའི་བདེ་ཆེན་དགོན་གྱི་གྲྭ་མང་གིས་གོང་ས་མཆོག་དང་བོད་ཀྱི་རྒྱལ་དར་གཉིས་སྒྲིག་གཤོམ་གནང་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་མཛད་པ་ལ་བསྔག་བརྗོད་དང་རྗེས་སུ་ཡི་རང་ཡོད།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    འཇིག་རྟེན་འདིར་དངོས་གནས་རང་དབང་དང་། འདྲ་མཉམ། བདེ་སྐྱིད་སོགས་མེད་དུས་འཚོ་བ་ལ་སྙིང་བོ་མེད་པ་རེད།

    Reply
  5. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    ༸གོང་མ་མཆོག་དང་བོད་ཀྱི་རྒྱལ་དར་མར་རྒྱན་དུ་བཟོས་འདུག་པ་འདི་ནི་དངོས་གནས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ཞིག་རེད།གཞིས་ལུས་མི་མང་ཚོར་དངོས་གནས་དཔའ་པོའི་སྙིང་སྟོབས་མ་ཟད།འཇིག་རུང་བའི་རྒྱ་དམར་པོའི་མནར་གཅོད་འོག་ཏུའང་གསར་གཏོད་དང་རིག་གནས་སྲུང་སྐྱོབ་ཀྱི་ནུས་པས་ཁེངས་ཡོད་པ་ཞིག་རེད།

    Reply
  6. མང་ཐོས། says:
    ལོ་ 14 སྔོན།

    གཟུ་གནས་ལགས། སྐྱོན་བརྗོད་མ་བྱས་གོང་ལ་ཡར་བལྟ་མར་བལྟ་བྱོས་དང། སྐྱོན་བརྗོད་དགོས་ས་མི་དགོས་ས་ཧ་གོ་ནི་རེད།

    Reply
  7. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 14 སྔོན།

    ལ་མོ་བདེ་ཆེན་དགོན་པའི་དགེ་འདུན་ཚོའི་རྒྱལ་གཅེས་ཀྱི་སྙིང་སྟོབས་ལ་གུས་འདུད་ཞུ།
    གཟུ་གནས་བློ་ལྡན་ལགས་ཀྱིས་བོད་ནང་གི་རྒྱ་གཅེས་པ་ཚོའི་བདེ་འཇག་ལ་བསམ་བློ་བཏང་ནས་དུས་བབ་ཀྱི་རྩོམ་སྒྲིག་པར་བསམ་ཚུལ་བཏོན་པར་ཁག་མི་འདུག འོན་ཀྱང་རྒྱ་ཡི་རྒྱུགས་ཁྱི་ཡིན་འདོགས་བརྗོད་པ་ནི་དོན་ལ་གནས་བའི་གཏམ་ཞིག་ཏུ་མ་མཐོང་།
    དེ་ལ་དུས་བབ་རྩོམ་སྒྲིག་པས་གསལ་བཤད་ཡག་ཐག་ཆོད་གནང་འདུག་པ་དེའི་རྒྱུད་རིམ་ནས་བལྟས་ན་གསར་འགྱུར་རག་ཚད་འགོད་རྐྱང་བྱེད་ཀྱིན་མེད་པར་དབྱེ་ཞིབ་ནན་ཏན་གནང་གི་ཡོད་པ་ཤེས་རྟོགས་བྱུང་བས་དགའ་གུས་ཡི་རང་ཞུ་འདོད་བྱུང་།

    Reply
  8. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ད་ངོ་མ་ངར་གི་ཡ། བོད་ཕྱི་ནང་གི་དཔའ་རྒོད་ཚོ་མཐོང་ཡོང་དུས་ང་ཚོ་བོད་མིའིི་སྒེར་ངོས་རེ་རེས་ནས་ལས་འགུལ་ཆེ་ཆུང་ལ་མ་ལྟོས་པར་མཐའ་ན་ལས་འགུལ་སྣ་རེ་སྤེལ་དགོས་ཀྱི་འདུག གཞུང་དང་ཚོགས་བདེ་ཁག་གཅིག་པུར་རེ་དགུག་བྱེད་ན་འགྲིག་གི་མི་འདུག ལ་མོ་བདེ་ཆེན་དགོན་གྱི་དགེ་འདུན་པ་རྣམས་རྒྱལ་གྱུར་ཅིག། ཁྱེད་རྣམས་ཀྱིས་ཐུགས་ཀྱི་བཞེད་དོན་མཐའ་དག་མྱུར་དུ་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུའོ།།

    Reply
  9. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་ལགས། གང་འདོད་དུ་ཚིག་སྡུག་ཅག་བེད་སྤྱོད་གཏོང་རྒྱུ་མ་སྔ། ང་ཚོས་ཀྱང་སེམས་འཚབ་དེའི་འོག་ནས་གསར་འགྱུར་མཁོ་སྤྲོད་པར་བཀའ་འདྲི་ཞུས་ཡིན། སྙིང་སྟོབས་དང་ཆོད་སེམས་རི་ལྟར་བརྟན་པའི་དགེ་འདུན་པ་དེ་དག་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས་ཕྱི་ལོགས་སུ་ཁྱབ་བསྒྱུར་ཡོང་བའི་འབོད་སྐུལ་ཞུས་འདུག་པ་མ་ཟད། པར་དེ་དག་རྒྱ་ནག་གི་བརྒྱུད་ལམ་(51)ཟེར་བའི་ནང་སྔ་མོན་ནས་འགྲེམས་སྤེལ་བྱས་འདུག་པ་ཞིག་རེད།

    Reply
  10. སྲིན་པོ། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་གྱིས་བཤད་པ་ངོ་མ་ཡིན་པས་གསར་འགོད་པས་ངོ་རྒོད་བྱེད་མཁན་གྱི་ཡུལ་མའི་ངོ་གདོང་མི་གསལ་བར་གཏོང་རོགས་ཞུ།

    Reply
  11. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དུས་བབ་ཤོག་ཚགས་ཁང་གིས་ཅི་བྱེད་ཀྱིན་ཡོད། ཁྱེད་ཚོས་བོད་ཀྱི་ཤི་རོགས་བྱེད་ན་བསམ་གྱིན་ཨེ་འདུག ངོ་རྒོལ་གནང་མཁན་གྱི་ངོ་གདོང་ཆེས་གསལ་སྐུ་པར་དྲ་རྒྱར་བཀོད་དོན་གང་ཡིན། ཤོད་ཅིག ་དངོས་གནས་རྒྱ་ཡི་རྒྱུག་ཁྱི་ཞིག་མིན་འགྲོ།

    Reply
  12. སྒེའུ་ཁུང་། says:
    ལོ་ 14 སྔོན།

    ཡུལ་འདིའི་དུས་དྲན་སྲུང་བརྩི་མཁན་དང་གསར་འགོད་པ་བཅས་ལ་སྙིང་ཐེག་པ་ནས་བཀའ་དྲིན་ཆེ་ཞུ། ཆོལ་གསུམ་ཆ་མཐུན་མཉམ་བསྐྱོད་ཀྱི་ལས་འགུལ་ལོ་རེར་ཆེ་རུ་ཕྱིན་བཞིན་འདུག
    ཅི་འདྲའི་དགའ་བ་ལ། འདི་ནས་གསལ་བཤད་བྱེད་རྒྱུ་ཞིག་ལ་ཁ་ཉིན་ངས་དུས་བབ་དྲ་བར་ཨ་མདོ་རེབ་གོང་བདེ་ཆེན་དགོན་པས་སུམ་བཅུ་དུས་དྲན་སྲུང་བརྩི་བྱས་པའི་གནས་ཚུལ་བཀོད་ཡོད། དེའི་ཞབས་འཆན་དུ་མདའ་དཔོན་ཟེར་བ་ཞིག་གིས་དེ་ནི་ལོ་བདེ་ཆེན་དགོན་པ་རེད་ཁྱེད་རང་ནོར་འདུག་ཟེར་ནས་དགག་པ་རྒྱག་གིན་འདུག ད་ལོར་རྨ་ལྷོ་ཁུལ་ནས་རེབ་གོང་བདེ་ཆེན་དགོན་པ་དང་ལ་མོ་བདེ་ཆེན་དགོན་པ་གཉིས་ནས་སུམ་བཅུ་དུས་དྲན་སྲུང་བརྩི་བྱས་འདུག་པས་གོང་གི་དགག་པ་རྒྱག་མཁན་དེ་དང་དེ་ལྟ་བུས་དགོན་པ་དེ་གཉིས་སོ་སོར་ཤེས་དགོས། རེབ་གོང་བདེ་ཆེན་དགོན་པ་ནི་རེབ་གོང་རྫོང་གི་མངའ་ཁོངས་དང་ལ་མོ་བདེ་ཆེན་དགོན་པ་ནི་གཅན་ཚ་རྫོང་གི་མངའ་ཁོངས་རེད།

    Reply
  13. ཤག་སྒང་པ། says:
    ལོ་ 14 སྔོན།

    བདེན་པ་ཉིད་རྒྱལ་གྱུར་ཅིག

    མར་རྒྱན་གྱི་༸རྒྱལ་བའི་སྐུ་བརྙན་འདི་ངོ་མ་མཚར་ལ་ཨང་། སྒྱུ་རྩལ་གསོན་པོ་ཞིག་འགུལ་ཞིང་མཇལ་བཞིན་འདུག་པས་ཡིད་སྤྲོ་བཞིན་ཐུགས་རྗེ་ཆེ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese