མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ ༦ གིས་བོད་དོན་གླེང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp


ཉིན་འདི་དག་རིང་སུད་སི་གྲོང་ཁྱེར་འཇི་ནི་ཝར་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་
༡༩ པ་དེ་འཚོགས་བཞིན་ཡོད་པ་ལྟར། ཚོགས་ཆེན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྐུ་ཚབ་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ཕྱི་ཚེས་ ༡༣ ཉིན་ཚོགས་ཐོག་ཏུ་ཨ་རི་དང་ཡུ་རོབ་མནའ་འབྲེལ། དབྱིན་ཇི། ཧྥ་རན་སི། འཇར་མན། ཅེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་སྐུ་ཚབ་ཀྱིས། བོད་ནང་བསྟུད་མར་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེར་སེམས་འཚབ་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་སྲིད་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་དང་། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དགོས་པ། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཁག་བོད་ནང་གཏོང་རྒྱུ། ད་ལྟའི་བོིད་ཀྱི་དྲག་གནོན་སྲིད་བྱུས་མཚམས་འཇོག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་དགོས་པའི་ནན་སྐུལ་བཅས་གནང་འདུག  

གཞན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་མཆོག་གི་མགྲིན་ཚབ་པ་མཱར་ཊིན་ནེ་སིར་ཀི (Martin Nesirky) མཆོག་གིས་ཨ་རིའི་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་མི་གསུམ་གྱི་གཟུགས་པོའི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག་ལ། སྐབས་དེར་ཁོང་གིས “ བདུན་ཕྲག་བཞི་ཙམ་འགྲོ་ལ་ཉེ་བའི་བོད་མི་ཟས་བཅད་ངོ་རྒོལ་བ་གསུམ་གྱི་གཟུགས་པོའི་གནས་སྟངས་ཐོག་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་བྷེན་ཀེ་མོན་མཆོག་གིས་ཐུགས་འཚབ་ཆེན་པོ་གནང་གི་འདུག ཕྱི་ཚེས་ ༡༢ ཉིན་སྤྱི་ཁྱབ་དྲུང་ཆེ་གཞོན་པ་སྐུ་ཞབས་ཨེ་ཝན་སེ་མོ་མོ་ཝེ་ཆི་ (Ivan Simon vic) མཆོག་གིས་ཟས་བཅད་ངོ་རྒོལ་བ་གསུམ་ལ་ཐུགས་གསོའི་འཚམས་འདྲི་གནང་ཡོད་ལ། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་དང་ཐུག་འཕྲད་དང་། ཁོང་གིས་ཉིན་དེ་རང་ལ་རྒྱ་ནག་གཞུང་ཚབ་གཞོན་པ་དང་ཐུག་འཕྲད་ཀྱིས་གནད་དོན་དེའི་ཐོག་བཀའ་བསྡུར་བྱས་ཡོད་ཅེས་ ” བརྗོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. ཤིང་ལོ། says:
    ལོ་ 13 སྔོན།

    དངོས་གནས་བྱས་ན་འདི་འདྲ་ཞིག་མེད་ན། མ་འོངས་པར་དཀའ་ཁག་འབྱུང་རྒྱུ་ཡིན་པ་རེད། དམག་དོན་དང་དཔལ་འབྱོར་རྐྱང་བས་དཔུང་ཤུགས་སྐྱེད་དགོས་ན་ད་འཛམ་གླིང་ཚར་སོང་ནི་རེད།

    Reply
  2. མིག says:
    ལོ་ 13 སྔོན།

    ཁེ་མེད་ན་གཞན་གྱི་བདེ་སྡུག་ཚོར་དཀའ་མོ་རེད། གང་ལྟར་ད་ནི་ཅི་ཡིན་ན་ཡང་གཙོ་བོར་བོད་ནང་གི་གནས་སྟངས་ཅི་སྡུག་ཏུ་མི་འགྲོ་བ་ཞིག

    Reply
  3. ཤག་སྒང་པ། says:
    ལོ་ 13 སྔོན།

    ད་ལྟ་ང་བོད་གཞུང་དྲ་རྒྱ་བརྒྱུད་དེ་འདིར་སླེབས། དེ་རུ་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཟེར་བ་དང་། འདིར་རྒྱལ་ཁབ་དྲུག་གིས་རྒྱབ་སྐྱོར་བྱས་པའི་གནས་ཚུལ་བཀོད་འདུག

    ཇི་ལྟར་ཡིན་ན་མ་འདྲ་བ་ཞིག་རེད་འདུག མིག་བཤེར་ལས་ཞིབ་ཕྲ་རང་ཀློག་རྒྱུ་མ་བྱུང་མོད། ཚོགས་ཡུལ་ཚོགས་ཚེས་གཅིག་རང་ཡིན་ལགས།

    གང་ལྟར་ལེགས་ཚོད་རེད།

    Reply
  4. ནད་པ says:
    ལོ་ 13 སྔོན།

    བཀའ་ཁྲིས་ཀྱང་རྒྱལ་ཚོགས་ཀྱི་སྐུ་ཞབས་བན་ཀྱི་མུན་མཆོག་ལ་ཕྱག་བྲིས་ཤིག་གནང་དོན་ལྟར། དམིགས་བསལ་སྐུ་ཚབ་ཞིག་བོད་ནང་དུ་གཏོང་དགོས་པ་དང་། ལྷག་པར་རང་ལུས་མེར་བསྲེགས་བྱེད་བཞིན་པའི་ཁུལ་དུ་དངོས་ཡོད་རྟོགས་ཞིབ་ཡག་པོ་གནང་དགོས།

    བཙན་བྱོལ་སྒྲིགས་འཛུགས་ཀྱི་ངོས་ནས་རྒྱ་ནག་ཁ་བྲལ་དུ་གཏོང་གིན་མེད་པ་དང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་རྩོད་བཞིན་ཡོད་པ་དང་།

    བོད་མི་ཚོས་༸གོང་ས་མཆོག་བོད་དུ་སོ་སོའི་རང་ཡུལ་དུ་ཕེབས་དགོས་པའི་དགོས་འདུན་བཅས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རེ་འདུན་དེར་ངོས་བཞེས་གནང་རྒྱུའི་རེ་བསྐུལ་བཞུས་འདུག།
    DHARAMSHALA, 16 March: Kalon Tripa of the Central Tibetan Administration today appealed to the United Nations Secretary-General to send a Special Envoy to investigate the on-the-ground reality in Tibet, particularly in areas where series of tragic self-immolations took place.

    In his letter to UN secretary-general Ban Ki-Moon dated 16 March, Kalon Tripa Dr. Lobsang Sangay apprised him that “a tragic and explosive situation continues to prevail in Tibet. Since 2009, 28 incidents of self-immolation have occurred with 15 in 2012 alone. These individuals chose to self-immolate to emphatically protest the Chinese government’s repressive policies in Tibet and demand the return of His Holiness the Dalai Lama to his homeland. In response to these incidents, the Chinese government recently issued a statement declaring ‘war against secessionist sabotage’ in Tibet.”

    “We, Tibetans inside and outside Tibet, appeal to the United Nations to send a Special Envoy to Tibet, particularly areas where these self-immolations took place, to investigate the on-the-ground reality. The Kashag joins its voice to that of the Tibetan people, parliament, international NGOs, and the three Tibetan hunger strikers before the UN headquarters in New York to reiterate this request,” he said.

    Kalon Tripa said the Central Tibetan Administration is not seeking separation from China or independence for Tibet. “We will continue to strive for genuine autonomy for the Tibetan people within the framework of the People’s Republic of China (PRC) through dialogue and negotiations. Thus, the Tibetan freedom struggle is not only an exemplary non-violent movement but is also a model for political moderation, democracy and the spirit of dialogue and reconciliation,” he said.

    “We hope that the United Nations in keeping with its mandate in relation to human rights and freedom will respond positively to the appeal of the Tibetan people in this difficult moment,” Kalon Tripa wrote to Mr Ban Ki-Moon

    Reply
  5. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    ཧ་ཅང་དགའ་སོང་། འདི་མོ་རེ་གོ་རྒྱུ་ཡོད་ནི་བོ། དགའ་སྐྱེད་ངོ་མ་ཞིག་རེད། ངོ་མ་ཁོང་ཅག་གིས་ཁ་ཞིག་གྲག་དགོས་ཀི།

    Reply
  6. འཆི་མེད་སེང་གེ། says:
    ལོ་ 13 སྔོན།

    བཟང་གི་ཡ། ནུས་པ་ཡོད་མེད་མི་ཤེས་ཏེ། གང་ལྟར་རེ་བ་ཞིག་བརྒྱབ་ནས་བསྡད་ཡོད་པ་རེད། ཁ་ཞིག་གྲག་ནོ་བཟང་གི། དེ་མིན་ངོ་མ་ཐང་ཆད་་ཟིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese