མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དོན་བློས་བཏང་སྟེ་སྤྱི་དོན་ལ་ལས་འགུལ་སྤེལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་གསུམ་གྱིས་ལོ་གསར་གུང་སེང་དང་བསྟུན་ཏེ། ལྡི་ལི་ནས་ངྷ་ས་བར་ལྕགས་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ད་ཆར་སློབ་གྲྭའི་འཛིན་སྐྱོང་གི་ཐག་གཅོད་འོག་ལས་འགུལ་བ་གསུམ་པོ་སློབ་གྲྭ་ནས་འཐོན་དགོས་བྱུང་ཡོད་འདུག

 ཕྱི་ཟླ་ ༢ ཚེས་ ༢༢ ཉིན་སྟེ། བོད་ཆུ་འབྲུག་ལོའི་ལོ་སར་ཚེས་གཅིག་ཉིན་འཛམ་གླིང་གང་སར་བོད་མི་ཚོས་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་དང་བོད་རང་དབང་འཐབ་རྩོད་སླད། ཟས་བཅད་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར། བསྔོ་སྨོན་མཆོད་འབུལ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་ལྟར། ཉིན་དེར་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་པ་དར་རྒྱས་དང་བཀྲ་ཤིས། གངས་རིའི་ཆོས་དགའ་བཅས་གསུམ་གྱིས་སློབ་གྲྭའི་གུང་སེང་དང་བསྟུན་ཏེ། རྒྱ་གར་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་བར་ལྕགས་རྟ་བསྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ། གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ་ལས་འགུལ་མཇུག་སྒྲིལ་ཡོད།

ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་ཆེད་དང་། རྒྱ་གར་མི་མང་ཁྲོད་བོད་དོན་ཁྱབ་བསྒྲགས་ཤིག་ཡིན་ཞིང་། ལྡི་ལི་ནས་ལྕགས་རྟར་ཞོན་ཏེ་རྒྱ་གར་གྲོང་ཁྱེར་ཁག་ནང་གསར་འགོད་ལྷན་ཚོགས་བསྐངས་པ་དང་། ཡིག་ཆ་འགྲེམས་སྤེལ། བོད་དོན་ངོ་སྤྲོད་སོགས་བྱས་ཡོད་འདུག་ལ། ཡིག་ཆའི་ནང་། ༡༩༤༩ ལོར་རྒྱ་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་དམར་པོའི་དབང་སྒྱུར་འོག་བོད་མི་དམར་གསོད་རྐྱེན་འདས་དང་། རིག་གཞུང་རྩ་མེད། མི་རིགས་གྲངས་ཉུང་ཅན་དུ་བསྒྱུར་བ། སྨྲ་བརྗོད་དང་ཆོས་དད་རང་དབང་མེད་པའི་གནས་ཚུལ། ལྷག་པར་ཉེ་བའི་དུས་ནས་རང་ལུས་མེར་བསྲེགས་དང་དྲག་གནོན་དམར་གསོད་འབྱུང་བཞིན་པའི་གནས་བབ་ཐད། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ། རྒྱ་གཞུང་གིས་བོད་ཁུལ་གྱི་དྲག་ཆས་དམག་མི་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པ། བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་སྡེ་ཚན་དང་གསར་འགོད་པ་གཏོང་དགོས་པ་སོགས་བཀོད་འདུག

ཐེངས་འདིའི་ལས་འགུལ་དེ་ཁོང་གསུམ་གྱིས་རང་འགན་རང་ཁུར་ཐོག་སྤེལ་བ་ཞིག་ཡིན་འདུག་ལ། ལས་འགུལ་དེས་རྐྱེན་པས་ད་ལྟ་ཁོང་གསུམ་སློབ་གྲྭ་ནས་ཐོན་དགོས་བྱུང་ཡོད་འདུག ཐོག་མའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་གང་མང་ཞིག་གིས་སློབ་གྲྭའི་གུང་སེང་དང་བསྟུན་ཏེ་བོད་དོན་གོམ་བགྲོད་ལས་འགུལ་ཅིག་སྤེལ་འཆར་ཀྱིས་སློབ་གྲྭའི་འགན་འཛིན་ལ་སྙན་ཞུ་ཕུལ་སྐབས། གུང་སེང་སྐབས་སུ་ལས་འགུལ་གང་སྤེལ་ཡང་སོ་སོའོ་འདོད་མོས་ཡིན་པ་དང་། གུང་སེང་རྫོགས་རྗེས་ཕྱིར་སློབ་གྲྭར་མ་འབྱོར་བ་ཡིན་ན་སློབ་གྲྭའི་སྒྲིག་གཞི་དང་འགལ་ཡོད་སྐོར་བརྗོད་ཡོད་སྟབས་སློབ་མ་ཕལ་ཆེ་བ་ཕྱིར་འཐེན་བྱས་ཡོད་འདུག་ལ། གོང་གི་སློབ་མ་གསུམ་ཀྱིས་སློབ་གྲྭའི་འགན་འཛིན་ལ་ལས་འགུལ་དེ་སྤེལ་རྒྱུའི་སེམས་ཐག་བཅད་ཡོད་པ་དང་། ལས་འགུལ་གྱི་ངོ་བོའི་ཆ་གུང་གསེང་དུས་བཅད་ལྟར་སློབ་གྲྭར་འབྱོར་ཐུབ་མིན་གྱི་གནས་ཚུལ་འབྱུང་ངེས་སྟབས། སློབ་གྲྭའི་འཛིན་སྐྱོང་གིས་དགོངས་བཞེས་ཡོང་རྒྱུ་དང་། གལ་སྲིད་དེ་ལྟར་གནང་བདེ་མ་བྱུང་ཡང་སློབ་གྲྭའི་འགན་འཛིན་ལ་གླེང་རྙོག་གང་ཡང་མེད་པར། ལས་འགུལ་འདི་ཁོང་གསུམ་གྱིས་མ་སྐལ་དང་བླངས་དང་། རང་འགན་རང་འཁུར་ཞུ་རྒྱུ་ཡིན་པའི་འགན་ལེན་གནང་ཡོད་འདུག

ལས་འགུལ་བ་བསྟན་པ་དར་རྒྱས་ལགས་ཀྱིས་བརྗོད་དོན། “ང་རང་ཉིད་ཆབ་སྲིད་བཙོན་ཟུར་ཞིག་ཡིན། སྔོན་མ་བཙོན་ཁང་ནས་ཆབ་སྲིད་བཙོན་པ་དག་གི་ལག་པ་དྲོན་མོར་འཇུས་ཏེ་མུ་མཐུད་བོད་དོན་འཐབ་རྩོད་བྱ་རྒྱུའི་དམ་བཅའ་བཞག་ཡོད། ཉེ་ཆར་བོད་ནང་ཛ་དྲག་གི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྐབས། ང་ཚོ་རང་དབང་ལུང་པར་ཁུ་སིམ་མེར་བསྡད་ན་ལས་རྒྱུ་འབྲས་ལའང་འགྲོ་བ་མ་རེད་བསམ་ཏེ། ཉལ་ན་གཉིད་ཁུག་གི་མི་འདུག་ལ། འཛིན་གྲྭར་སོང་ན་སེམས་ཁུག་གི་མི་འདུག དེ་ནས་ལས་འགུལ་ཆེ་ཆུང་ལ་མ་བལྟས་པར་སོ་སོས་གང་འཇོན་པ་དེ་སྤེལ་རྒྱུར་སེམས་ཐག་བཅད་པ་ཡིན ”ཞེས་བརྗོད་བྱུང་།

ཁོང་ཚོས་ལས་འགུལ་ལྡི་ལི་ནས་མགོ་བཙུགས་ཏེ་ངྷ་སར་མ་འབྱོར་སྔོན་ལ། ཤེས་རབ་དགའ་ཚལ་སློབ་གྲྭའི་འཛིན་སྐྱོང་གིས་ཁོང་གསུམ་སློབ་གྲྭ་ནས་ཕྱིར་འཕུད་བཏང་བ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སློབ་མའི་ཉལ་ཁང་གི་ཁོང་གསུམ་གྱི་ཉལ་ཆས་རིགས་ཀྱང་ཕྱིར་བསྡུ་བྱས་ཡོད་སྟབས། སློབ་གྲྭའི་དགེ་སློབ་ ༢༩༥ མིང་རྟགས་བཀོད་པའི་སྙན་ཞུ་ཞིག་སློབ་གྲྭའི་འགན་འཛིན་ལ་ཕུལ་ཏེ། ཁོང་ཚོ་གསུམ་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་པ་ཞིག་ཡིན་པས། ཐག་གཅོད་དེར་བསྐྱར་དུ་དགོངས་བཞེས་ཡོང་བའི་ཞུ་བ་འཐེན་ཡོད་ཀྱང་། སློབ་མ་དེ་གསུམ་ལ་ཐོག་མ་ནས་སྐད་ཆ་འཁེལ་ཡོད་པ་དང་། གལ་སྲིད་ཐག་གཅོད་དེར་འགྱུར་པ་གཏོང་དགོས་ཚེ་འགན་འཛིན་གྱིས་དགོངས་པ་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

གསར་འགོད་པས་བསྟན་པ་དར་རྒྱས་ལགས་སུ། སློབ་གྲྭ་ནས་ཕུར་འཕུད་བཏང་བར་བློ་ཕམ་ཡོད་མེད་དྲིས་པར། “ང་ཚོས་བོད་དོན་ཆེད་ལས་འགུལ་སྤེལ་པ་རེད། སློབ་གྲྭའི་འཛིན་སྐྱོང་གིས་དགོངས་བཞེད་གནང་ཚེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་མ་བྱུང་ཡང་རྩོད་རྙོག་མི་ལྷག་པ་ཞིག་བྱ་ངེས་རེད། དགེ་སློབ་ཚོའི་སྙན་ཞུ་དེར་གྲུབ་འབྲས་མ་བྱུང་སྟབས། འཛིན་སྐྱོང་དང་དགེ་སློབ་བར་མ་བདེ་བའི་གནས་སྟངས་མི་འབྱུང་ཆེད། ཁ་སང་ཚེས་ ༡༣ ཉིན་ང་ཚོ་སློབ་གྲྭར་ཕྱིན་ཏེ། འཛིན་སྐྱོང་དང་དགེ་ལས་སློབ་ཕྲུག་ཚང་མར་ཁ་བཏགས་རེ་འཐེན་ཏེ། ད་སྔ་ཚང་མས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཏེ། ཐེངས་འདིར་ཁོང་ཚོ་སློབ་གྲྭ་ནས་ཐོན་དགོས་བྱུང་པར་སློབ་གྲྭའི་འགན་འཛིན་སོགས་སུ་ལ་ཡང་ལན་པ་མེད་སྟབས། ཕྱིན་ཆད་དགེ་སློབ་འཛིན་སྐྱོང་བར་དོགས་པ་རྣམ་རྟོག་གང་ཡང་མེད་པར། མཛའ་བརྩེ་འཆམ་འཐུན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་”ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 18

  1. sangkye says:
    ལོ་ 13 སྔོན།

    ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་གསུམ་ལ་དགའ་བསུ་དང་བསྔགས་བརྗོད་ཡོད། ཡིན་ན་ཡང་སློབ་སྤྱིའི་འགན་འཛིན་ནས་གནས་བྱུང་གཏོང་བ་དེ་ཧ་ཅང་སེམས་སྐྱོ་བ་ཞིག་རེད། སྤྱིར་བཤད་ན་ང་ཚོ་བོད་བཙན་བྱོལ་ཏུ་ཡོངས་བ་ལ་ལས་འགན་བོད་བསྟན་སྲིད་གྱི་ཆེད་དུ་ལས་ལགུལ་སྤེལ་དགོས་པ་ཅིག་ཆགས་ཡོད་རེད། ད་ང་ཚོའི་ལས་འགུལ་སྤེལ་མི་ཆོག་ན་སློབ་སྤྱི་རྒྱ་དམར་ཚངས་གི་གསང་སྒོ་ཡིན་པ་ཐག་གི་ཆོད་ཚར་རེད། སློབ་གྲོགས་ཚོའི་ཐུགས་གནང་འཛད་དགོས། སློབ་སྤྱི་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། སློབ་སྤྱི་དེ་ལ་ཆོས་སྐྱོངས་ཀི་གཙོ་བོ་དཔལ་ལྡན་གུར་དང་གཟའ་རྒོད་ཁྱབ་འཇུགས་ཆེན་པོ་རྣམས་ཀྱིས་ཁོང་གི་སྙིང་ཁྲག་བཞེས་དགོས། བོད་དོན་ལ་རྒྱབ་སྐྱོར་མེད་ན་དེའི་བྱ་བ་ལམ་ལ་མི་འགྲོ་གི་ཅིག

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སློབ་གྲྭའི་དབུ་འཛིན་དེ་ཕྱོགས་ཞེན་ཅན་ཞིག་གམ་ཡང་ན་བོད་རང་དབང་ལ་མི་དགའ་མཁན། གང་ཡིན་རུང་སློབ་ཕྲུག་གསུམ་པོ་ལ་སྒྲིག་འཛིག་ཁ་ལ་ཁྱེར་ནས་དྲང་པོ་བཟོས་མི་འདུག། ད་དུང་མི་ཁ་ཤས་ཀྱི་ཁ་བཀགས་ཐབས་ཀྱི་སྐད་ཆ་བཤད་ཁུལ་མང་པོ་བྱས་འདུག།
    ངས་ཁྱོད་ཚོ་དང་དབུ་འཛིན་དེ་ལ་་དྲི་རྒྱུ། བོད་རང་དབང་གི་ཆད་དུ་ལས་འགུལ་སྤེལ་བར་ཅུང་ཙམ་རྗེས་ལུས་ཐེབས་པ་ཙམ་གྱི་སྒྲིག་འཛིག་འགལ་ལོ་ཟེར་ནས་གུ་ཡང་གཏོག་ཙམ་མེད་པར་ཕྱིར་འབུད་བྱས་པ་དང་ད་དུང་ཁོང་ཚོ་སྡོད་ན་ང་དགོང་པ་ཞུ་རྒྱུ་ཟེར་ནས་སློབ་མ་ལ་འཇིག་སྐུལ་བྱས་པ་དེ་སེམས་སྟིང་ནས་ཁོང་ཚོས་ལས་འགུལ་སྤེལ་བ་དེ་ལ་རྒྱ་གཞུང་འཛིན་པས་རྣམ་འགྱུར་སྟོན་པ་དང་གཅིག་འཚུངས་མ་རེད་པས།
    ༢༠༡༡།༨།པའི་ནང་འགོན་བདག་ཅིག་གི་ལག་འོག་སློབ་ཕྲུག་ཅིག་གི་སྲོག་ཤོག་བ་རེད། འོན་ཀྱང་ཕ་རོལ་པོས་ཁོང་ཡང་སློབ་ཕྲུག་ཅིག་ཡིན་པས་གུ་ཡང་བཏང་རོགས་ཟེར་དུས་བཞག་པ་དང་། དེ་རྗེས་སུ་སློབ་ཕྲུག་དེས་རྩ་དགོང་ཞུ་དུས་སློབ་སྤྱི་ཁྱོད་ཀྱི་དགོང་པ་མ་གནང་བར་མ་ཟད་ད་དུང་R.C.ང་ཚོའི་ལག་ཏུ་ཡོད་པས་ཁྱོད་ག་བར་འགྲོ་ས་མེད། དེ་ལས་སློབ་སྦྱོང་བྱོས་ཟེར་ནས་བཞག་བ་མ་རེད་དམ། དེ་ལྟར་བུའི་མི་བསད་མཁན་ཞིག་སློབ་གྲྭ་རུ་སྡོད་འདོད་མེད་ཀྱང་ཁྱོད་ཀྱིས་ཨུ་ཚུག་བྱས་ནས་བཞག་ཡོད་པ་དང་། ད་རིང་བོད་མི་རང་དབང་གི་དོན་དུ་ཉིན་ཤ་རྗེས་ལུས་ཐེབས་པ་ཙམ་གྱི་ཁྱོད་ཀྱིས་སློབ་གྲོགས་དང་དགེ་ལས་རྣམས་ཀྱི་ཞུ་བར་ཡང་མ་ཉན་པར་ཁྲིམས་དང་སྒྲིག་འཛུག་ཟེར་བ་དང་ང་དགོང་པ་ཞུ་རྒྱུ་ཟེར་དགོས་དོན་ཅི་ཡིན་ནམ།

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    མདོར་ན་སློབ་སྦྱོང་སྤྲོད་དོན་ནི། སྤྱི་སྒེར་གཉིས་ཕན་ཆེད་ཡིན་པས་སྤྱི་དོན་སྒྲུབ་མཁན་ཚོ་ལ་དེ་འདྲ་བྱས་ན་གང་འདྲ་ཡོང་ངམ།

    Reply
  4. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    འགན་འཛིན་གྱིས་གང་མང་ལ་གོ་བསྡུར་བྱས་ཡོད་དམམ།
    རང་ངར་གུང་སེང་ནས་དུས་ཐོག་མ་སླེབ་པ་དང་འདི་གཉིས་ལ ཉེས་པ་ལྕི་ཡང་མེདཔ་རེད་་དམ

    Reply
  5. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 13 སྔོན།

    ཤེས་རབ་དགའ་ཚལ་གླིང་གི་སློབ་མ་གསུམ་གྱིས་བོད་ཀྱི་བསྟན་དོན་ཆེད་དཀའ་ལས་འདི་འདྲ་བརྒྱབས་པ་སྙིང་ནས་གུས་འདུད་ཞུ་བཞིན་ཡོད། མ་ཟད་སྤྱི་དོན་ཆེད་འབད་བརྩོན་འདི་འདྲ་གནང་པ་ལ་སྤྱི་སྒེར་གཉིས་ནས་བསྔགས་བརྗོད་གནང་དགོས་པ་ཞིག་ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ་ཁྱེད་ཚོས་སེམས་ཤུགས་འདི་ལྟ་བུ་ཁུར་ནས་སོང་ནའང་མཐར་རང་ཉིད་ལ་དབང་བའི་སློབ་སྦྱོང་གི་གོ་སྐབས་ཀྱང་ཤོར་སོང་བ་བློ་ཕམ་བྱུང་སོང། ངས་གནད་དོན་འདི་མཐོང་སྐབས་ཧ་སང་སོང། རྒྱུ་མཚན་གང་ཡིན་ཟེར་ན། རང་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་དཀའ་ལས་བརྒྱབས་པ་ལ་བཀའ་དྲིན་མེད་པར་་་་་་རང་ཁྱིམ་ནས་ཕུད་པ་རེད། ་ཁོང་ཚོར་རྒྱ་མིས་གནོན་ཤུགས་ཡོད་པ་ནི་མི་སྲིད་། འགན་འཛིན་ཁོང་གི་སེམས་ལ་གདོན་ཅི་ཞིག་ཞུགས་ཡིན་ནམ་བསམ་པའི་ཚོར་སྣང་མ་བདེ་ཞིག་བྱུང་སོང། མ་ཟད་ང་ཚོའི་དགྲ་ཕྱོགས་ནས་གོ་ན་གང་འདྲ་ཞིག་བསམ་སྲིད་དམ། ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱི་མི་ཞིག་གིས་ཐོས་ན་ཅི་འདྲ་ཞིག་སེམས་ལ་དྲན་ཡོང་བསམ་སོང། དངོས་གནས་བློ་ཕམ་བྱུང་སོང།

    Reply
  6. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    སློབ་མ་གསུམ་གྱིས་བསམ་ཤེས་དང་གུ་ཡངས། གལ་ཆེ་གལ་ཆུང་གིས་དགོངས་བཞེས་ཐོག་ནས་སློབ་སྤྱིའི་ཐག་གཅོད་ལ་དང་ལེན་གནང་ཐུབ་པ་ནི་དངོས་གནས་རང་ཉིད་བློས་གཏོང་ཕོད་པའི་རྒྱལ་གཅེས་ལྷག་བསམ་ཅན་ཞིག་ཡིན་པར་ར་སྤྲོད་གསལ་པོ་ཞིག་བྱས་ཡོད། འཛིན་སྐྱོང་བ་ཞིག་གི་ངོས་ནས་དེ་ལྟར་ཐག་གཅོད་བཞིན་རྩ་དོན་མཐའ་སྐྱོང་མ་གནང་མཐུ་མེད་བྱུང་བ་ནི་དེ་སྔོན་སུ་ཇ་སློབ་གྲའི་དཀའ་ངལ་དང་མཚུངས་པའི་གནས་ཚུལ་འབྱུང་ཉེན་སོགས་མདོར་ན་ངེད་ཚོས་མཐོང་ཚུལ་ལྟར་མ་ཡིན་པར་དོན་དངོས་སློབ་གྲའི་ནང་གི་གནས་ཚུལ་མང་པོ་ཞིག་ལ་བརྟེན་ནས་དེ་ལྟར་མ་གནང་མཐེུད་བྱུང་ཡོད་ན་ངེད་བོད་དོན་སེམས་ཁུར་ཅན་ཚོས་བསམ་ཤེས་ཐུབ་ལ། ཅི་སྟེ་དེ་ལས་ལྡོག་སྟེ་གནས་ཚུལ་དང་སྣང་ཚུལ་གཞན་ཞིག་ཡིན་ཚེ་བློ་ཕམ་ཤིན་ཏུ་ཆེ།།

    Reply
  7. སངྒེ ། says:
    ལོ་ 13 སྔོན།

    དང་བོ་དགོངས་པ་ཞུ་དུས་དུས་ཚོད་འདང་ངེས་མི་སྤྲོད་དོན་ཅི་རེད།

    དེ་ནས་ཁྲིམས་དང་འགྲིག་གཞི་གང་ཡིན་རུང་དམིགས་བསལ་ཅུང་ཙམ་ཡང་མེད་ག་ལ་སྲིད།
    གལ་སྲིད་གཏོང་ས་རེ་ཡོད་ན་འདི་འདྲ་ལ་མི་གཏོང་ན་ག་རེ་ལ་གཏོང་དགོས་རེགལ་སྲིད་སློབ་མ་དེ་དག་སོག་སློབ་ཀྱི་གཞུང་དོན་ཆེད་དུ་གུང་གསེང་རྫོགས་ཀྱང་དུས་ཐོག་སློབ་གྲྭར་མ་འབྱོར་བ་ཡིན་ན་ཅི་བྱ་གྱི་རེད། འདི་ལ་ངེས་པར་དུ་སློབ་སྤྱིས་ལན་རྒྱག་ཐུབ་དགོས་པ་རེད།
    ཡང་མིན་ན་སློབ་སྤྱི་ལ་ཁེག་མི་འདུག་ཟེར་མཁན་དག་གིས་ལན་རྒྱོབ་དང་།

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    གལ་སྲིད་གནས་ཚུལ་འདི་ལ་ནོར་འཕྱུག་མེད་ན།
    སློབ་གྲྭའི་འགན་འཛིན་གྱིས་དགོངས་པ་ཞུ་རྒྱུ་ཡིན་གསུངས་པ་དེ་བཞིན་དགོངས་པ་སྤྲོད་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།

    སྤྱིར་བཏང་སློབ་གྲྭ་ལ་སྒྲིག་འཛུགས་ལོས་དགོས། ཡིན་ནའང་སློབ་མ་དེ་གསུམ་སློབ་གྲྭ་རུ་འཇོག་པར་དེ་འདྲའི་མི་འདོད་པ་ཡོད་པ་དེའི་ཐོག་ནས་ཁོ་རང་རྒྱལ་ཁབ་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་ཚོར་ཧ་ཅང་སྡང་པོ་ཡོད་པ་དེ་མཐོང་ཐུབ་ཀྱི་འདུག

    མ་ཟད་གནད་དོན་འདིའི་ཐོག་ནས་མི་འདིའི་རིགས་ཀྱིས་བོད་ཀྱི་གནད་དོན་དང་། དེ་ལས་འབྱུང་བཞིན་པའི་རང་དབང་འཐབ་རྩོད་ལ་སུན་སྣང་དང་བཅས་མ་དགའ་བ་བྱེད་ཀྱི་ཡོད་པ་དེ་རེད། མི་དེ་འདྲ་ཞིག་གིས་སློབ་སྤྱི་བྱས་ན་གང་ཡང་ཡོང་རྒྱུ་མེད་པ་གསལ་པོ་རེད།
    དེར་བརྟེན་ཁོ་ལས་བྱེད་ཅིག་གལ་ཆེ་གི་རེད་དམ། བོད་ཀྱི་མ་འོངས་སོན་རྩ་གསུམ་གལ་ཆེ་གི་རེད་ཅེས་པ་འདི་དྲི་བ་ཆགས་ཀྱི་ཡོད་སྟབས་ཁོ་རྩ་བ་ནས་གལ་མི་ཆེ་བ་དེ་ཕྱི་གསལ་ནང་གསལ་རེད་བསམ་གྱི་འདུག

    Reply
  9. ཤིང་ལོ། says:
    ལོ་ 13 སྔོན།

    སློབ་ཕྲུག་ཚོ་ཁམས་བཟང་། ཁྱེད་ཚོས་འདམས་པ་ནི་རང་གི་རྒྱལ་ཁབ་དང་མི་རིགས་རེད། རྒྱལ་ཁབ་དང་མི་རིགས་མེད་ན་ཆོས་དང་རིག་གཞུང་གང་ན་ཡོད་དམ། ད་དུང་རང་གི་ཆོད་སེམས་ཀྱི་ཐོག་ནས་ཕེབས་དང་སློབ་སྦྱོང་གང་ནའང་ཡོད། འདི་ལྟ་བུའི་བློ་སྤོབས་མེད་ན་སློབ་གྲྭ་ནས་བསྡད་ཀྱང་ཕལ་ཆེར་ཟས་ལྷག་ཡིན་རྒྱུ་རེད།

    Reply
  10. ཨ་མིའི་བུ། says:
    ལོ་ 13 སྔོན།

    རིག་པའི་རལ་གྲིས་གསུངས་པ་ལ་རྒྱབ་སྐྱོར་ཡོད། ངོ་མ་རེད་རང་་རེ་སྤྱི་ཚོགས་ཆུང་ཆུང་འདི་ལ་ནམ་རྒྱུན་ཞན་ཆ་ཞིག་ཡོད་པ་ནི་ལམ་སང་གནས་ལུགས་མི་འཚོལ་བར་ཁ་བཏོང་བྱེད་རྒྱུ་ལ་ཧ་ཅང་དགའ་ནི་རེད། དེ་ནི་དམང་གཙོ་ཁ་ལ་ཁྱེར་ནས་སྤྱི་ཚོག་དཀྲུག་ཤིང་རྒྱུག་གི་འདུག་དེ་ངོ་མ་ཡག་སྟག་ཞིག་མ་རེད། འཛིན་སྐྱོང་ལ་ངོ་མ་ཁག་ཡོད་རྒྱུ་མ་རེད་སློབ་གྲྭ་ལ་གང་ཡིན་ཀྱང་ཁྲིམ་ཡོད་རྒྱུ་རེད་ཡ།

    Reply
  11. སངྒེ ། says:
    ལོ་ 13 སྔོན།

    གལ་སྲིད་ཐག་གཅོད་དེར་འགྱུར་པ་གཏོང་དགོས་ཚེ་འགན་འཛིན་གྱིས་དགོངས་པ་ཞུ་རྒྱུ་ཡིན་ཚུལ་བརྗོད་པ་འདི་དམར་ཕྱོགས་སམ་སྲིད་དབང་སྒེར་གཅོད་པའི་སྐད་དང་ཐག་གཅོད་རང་རེད། ང་ཚོའི་སྤྱི་ཚོགས་ནང་དུ་ད་དུང་འདི་འདྲའི་ཐག་གཅོད་བྱེད་མཁན་དང་། སྐད་ཆ་བཤད་ཕོད་མཁན་ཡོད་པ་ངོ་ཡ་མཚན་རེད། སློབ་མ་ཚོས་མཐའ་གཅིག་ཏུ་སློབ་སྤྱི་ལ་ངོ་རྒོལ་བྱ་དགོས་པ་རེད། འདི་འདྲའི་སྐབས་སུ་ངོ་རྒོལ་དང་། སྐད་ཆ་མི་མཐུན་པ་བཤད་ས་མེད་ན་ང་ཚོས་རྒྱ་ནག་ལ་ངོམ་སོ་བྱ་རྒྱུའི་མང་གཙོ་རིན་པོ་ཆེ་གང་དུ་ཡོད་པ་རེད། ཤོག་སྟེང་གི་སྟག་ཡིན་ནམ།

    Reply
  12. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    དབྱུགས་པས་ལེབ་རྡུང་རང་རེད། ང་ཚོ་བཙན་བྱོལ་བ་ཡོངས་ལ་ལས་འགན་གཙོ་བོ་གཅིག་རང་ཡོད་པ་ནི་བོད་ཀྱི་རྩ་དོན་འཐབ་བརྩོད་བྱ་རྒྱུ་དེ་རེད། དེས་ན་ཁ་ཡོད་ལག་ཡོད་ཀྱི་བོད་དོན་འཐབ་རྩོད་ཀྱི་བྱ་བར་ཞུགས་ན་དེ་ལ་ཚོགས་སྡེ་དང་འགྲིགས་འཛུགས་གང་ཞིག་ཡིན་ཡང་དམིགས་བསལ་སྤྲོད་དགོས་ངེས་རེད། འགྲིགས་གཞི་ཁ་ལ་ཁུར་ནས་འདི་ལྟར་དབྱེ་འབྱེད་མེད་པར་ལས་རྒྱུ་འབྲས་མེད་པའི་ལས་དཀའ་བྱ་དགོས་ན་རྗེས་ཕྱོགས་སུ་ཞིག་གིས་འཐབ་རྩོད་ཀྱི་བྱ་འགུལ་སྤེལ་བསམ། མ་ཟད་སློབ་བུ་ཁོང་ཚོས་གསུངས་པ་ལྟར་རེད། ཉེ་ཆར་བོད་ནང་ཛ་དྲག་གི་གནས་སྟེང་འདི་འདྲ་ཞིག་ལ་ལས་འགུལ་སྤེལ་མཁན་ཤེས་རབ་དགའ་ཚལ་སློབ་གྲྭ་སོགས་འགྲིགས་འཛུགས་གང་ཞིག་ནས་མི་སུ་ཞིག་ཐོན་ན་དེ་ལ་དམིགས་བསལ་གཏང་དགོས་པ་དེ་ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་ཚོགས་སྡེ་དེའི་འགན་རེད། གལ་ཏེ་ཁྲིམས་ལ་དེ་ལྟར་གསལ་ཁ་མེད་ནའང་དེ་ནི་དམིགས་བསལ་གཏང་དགོས་པ་རེད་ལ། དམིགས་བསལ་གཏང་དགོས་པ་དེ་ད་ལྟའི་ང་ཚོའི་གནས་སྟངས་དང་འོས་དགན་གྱི་ཁྲིམས་ཡང་རེད།

    Reply
  13. བློ་བཟང་རྒྱལ་མཚན། says:
    ལོ་ 13 སྔོན།

    ཨོ་་་་་་་་་་་་་ད་རྟགས་ངན་རང་རེད་བོད་མི་ཞིག་གིས་བོད་དོན་ལས་འགོལ་དཔོལ་བ་ལ་ཉན་ཆད་ཕོག་ཏེ་བོད་པའི་སློབ་གྲ་ནས་ཕྱེར་ཕུལ་བཏང་ན་་་་་་་་་་་་་་་་་་་་་་རྒྱ་དམག་གིས་བོད་མི་སྲད་པར་ལ་ཧང་ཟ་རྒྱུ་ཅི་ཡོད།
    ཕྱི་མིས་ཤེས་ན་ངོ་ཚ་དགོས་ཡ་རང་རེད་

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    མིས་བཟོས་བའི་སྒྲིག་འཛུགས་ལ་མིས་བསམ་ཤེས་དང་གུ་ཡངས་བྱ་ནས་སློབ་མའི་མདུན་ལམ་ལ་ལྟ་དགོས་བ་རེད།
    ད་ཐེངས་སློབ་ཕྲུག་དེ་གསུམ་ལ་རང་བཞིན་དུ་གཞུང་འབྲེལ་དགོངས་པ་སྤྲད་དགོས་བ་རེད།
    དབུ་འཛིན་ཀླད་མེད་དེ་གསར་འབྱོར་ལ་མི་དགའ་མཁན་ཞིག་ཡིན་པ་ཐག་གིས་ཆོད།
    ཁོང་གསུམ་རྩ་དགོངས་བཏང་སོང་ན་དབུ་འཛིན་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

    Reply
  15. རྒྱང་མིག says:
    ལོ་ 13 སྔོན།

    བོད་དོན་ལས་འགུལ་སྤེལ་ནས་བོད་པའི་ཚོགས་སྡེ་ཁག་གིས་ཕྱིར་འབུད་བྱས་ན། ད་ས་སྟེང་འདི་ནས་ཁོང་ཚོ་འགྲོ་ས་རེག་ཁག་པོ་ཡིན་རྒྱུ་རེད། བཙན་བྱོལ་ནང་ལ་རྒྱ་མི
    འི་གནོད་ཤུགས་སླེབས་སོང་བ་ཡིན་ནམ། ཨ་ཁ་ཁ།

    Reply
  16. རྒྱང་མིག says:
    ལོ་ 13 སྔོན།

    གལ་སྲིད་བོད་ནང་ཡིན་ན་རྒྱ་མིའི་གནོད་ཤུགས་འོག་བོད་དོན་ལས་འགུལ་སྤེལ་མཁན་ཚོ་ལས་བྱེད་དང་ཚོགས་པ་སྡེ་ཚན་གྱི་ཁོངས་ནས་ཕྱིར་འབུད་བྱས་པ་རེད་ལབ་ཆོག་གི་རེད།
    བཙན་བྱོལ་སྤྱི་ཚོགས་ནང་ནས་བོད་དོན་ལས་འགུལ་སྤེལ་མཁན་ཚོ་ག་རེ་བྱས་ནས་ཕྱིར་འབུད་གཏོང་དགོས་པ་རེད་སུས་གནོད་ཤུགས་སླེབས་པ་རེད། ཡ་མཚན་སློབ་སྤྱི་དེའི་རྒྱབ་ལོགས་ལ་སུ་ཞིག་ཡོད་དམ???????????།

    Reply
  17. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ༈ སུམ་ཅུའི་དུས་དྲན་དང་དགེ་སློབ་སྨྱུང་གནས་སོགས་ཀྱི་བོད་དོན་ལ་སློབ་ཕྲུག་ཚོ་འཛིན་གྲྭ་བཞག་ནས་དེ་ནང་མ་འགྲོ་ན་ཆད་པ་ཡོད་སྐད་ལ། གུང་སེང་སྐབས་སུ་བོད་དོན་ཆབ་བསྒྲག་བྱེད་པར་རྐང་འཁོར་རྒྱང་བསྐྱོད་བྱེད་པ་ལ་འདི་འདྲའི་ལག་ལེན་བསྟར་བ་མཐོང་མ་ཐག་ཧང་སང་སོང་། རྒྱལ་ཞེན་ཆེ་བའི་བུ་འདི་གསུམ་སློབ་གྲྭ་ནས་ཕུད་པ་རེད་ཅེས་པ་འདི་ནི་ཁུང་ལུང་མེད་པའི་བྱ་བ་ཞིག་མ་རེད་པས། འགན་འཛིན་ཁོ་རང་དགོང་པ་ཞུ་ན་དེ་འོས་ཤིང་མཚམས་པ་རེད། གང་ཡིན་ལབ་ན་དེང་གི་དུས་འདིར་ཐག་ཆོད་དེ་རིགས་ཀྱིས་བོད་དོན་དང་རྒྱལ་ཞེན་ཉམས་དམས་སུ་བཏང་བའི་སྟ་རེ་ངོ་མ་རེད་མི་འདུག་གམ????? འགན་ཁྱོད་རང་ངོ་ཚ་གི་མི་འདུག་གམ། སྤྱིར་སློབ་གྲྭ་དང་དགེ་འདུན་པ་བཙུན་མ་ཡོང་ཀྱི་འདི་ལྟར་འབོད་སྐད་སྒྲོག་པ་དང་། ལས་དོན་འདྲ་མིན་སོགས་བརྩམས་ན་གང་ཅིའི་ཐད། མཐུས་ཤོར་དང་རྗེས་ལུས་ཀྱི་བྱ་བ་ཞིག་ཡིན་ནའང་། དེ་རིང་སང་ཉིན་གི་དུས་ཚོད་ནི་དེ་འདྲ་ཞིག་གཏན་ནས་མ་ཡིན་པར།
    རང་མི་རིགས་འདི་དུས་དེང་སྐབས་མི་གསོན་པོ་དང་ཤི་བར་གདམས་ཀ་བྱེད་ཚེ་སྲོག་མེ་ལ་སྒྲོན་དགོས་པའི་འཕོ་འགྱུར་ཛ་དྲག་ལ། ཡིད་སྐྱོ་བ་དང་། ཡ་ང་བ། སེམས་ཀྱིས་བཟོད་མ་ཐུབ་པ་འདི་འདྲ་ཞིག་གི་འོག་ཏུ་འགྲོ་བཞིན་པ་ལ་བསམ་གཞིག་གཏན་ནས་མེད་པའི་བཟོ་འདྲ་བོ་ཞིག་བསྟན་པ་མ་ཚད། དེ་ལ་བསྔགས་བརྗོད་མེད་ན་ཆད་པས་ཕྱིར་འབུད་གཏན་ནས་མི་རུང་བས། ད་དུང་དགེ་སློབ་འགན་འཛིན་རྣམས་ཀྱིས་དཀྱིལ་ཡང་རྒྱ་ཆེའི་ཐུགས་བསམ་ནན་མོ་ཞིག་བཞེས་ནས། རྟེན་འབྲེལ་མི་འགྲིག་ཁ་ལ། དྲིལ་བུའི་ཆག་སྐད་འདི་མི་རྒྱག་པ་དང་། སློབ་གླིང་དེ་ལ་མི་ཁ་མི་བཟོ་བ་དང་། རྒྱལ་ཞེན་དཔའ་བོ་གསུམ་གྱིས་མདུན་ལམ་ལ་རྡོག་དྲིལ་མི་བཏང་བར་སྙིང་ནས་ཡང་བསྐྱར་དགོང་པ་བསྐྱར་མ་ཞིག་བཞེས་རོག་ཞེས་འབོད་བསྐུལ་ནན་མོ་ཞུ་གི་ཡོད།།། རྒྱལ་ཞེན་ཅན་གྱི་ཕོ་སར་གསུམ་སེམས་ཤུག་མ་ཆག་པར་མུ་མཐུད་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་རོག་གནང་། ཁྱེད་གསུམ་གྱིས་དཀའ་ལས་འདི་འདྲ་བརྒྱབ་ནས་བོད་གཞིས་བྱེས་གཉིས་ཀྱི་དོན་དུ་བསམ་པ་གཏན་པོའི་ལས་འགུལ་ལ་གུས་པས་རྗེས་སུ་ཡི་རང་ཞུ་གི་ཡོད་མ་ཚད་ཁྱེད་གསུམ་ནི་བོད་གངས་ཅན་པ་ལ་ངེས་པར་དུ་དགོས་པའི་བུ་ངོ་མ་དེ་ཡིན་པ་ལས་གཡུག་དགོས་པའི་མི་བུ་དེ་འདྲ་གཏན་ནས་མིན། མིན་པ་ནང་བཞིན་ཁྱེད་ཚོའི་འགན་འཛིན་བར་ལ་ཐུགས་བཞད་དེས་རྦད་དེ་ཡིད་འཕྲོག་སོང་།།

    Reply
  18. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    ” ཐེངས་འདིར་ཁོང་ཚོ་སློབ་གྲྭ་ནས་ཐོན་དགོས་བྱུང་པར་སློབ་གྲྭའི་འགན་འཛིན་སོགས་སུ་ལ་ཡང་ལན་པ་མེད་སྟབས། ཕྱིན་ཆད་དགེ་སློབ་འཛིན་སྐྱོང་བར་དོགས་པ་རྣམ་རྟོག་གང་ཡང་མེད་པར། མཛའ་བརྩེ་འཆམ་འཐུན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་” སྐད་ཆ་ཡག་པོ་ཞིག་བཤད་འདུག
    འཛིན་སྐྱོང་འགན་འཛིན་ལ་ཐུགས་ཁག་མེད། སློབ་གྲྭའི་སྒྲིགས་ཁྲིམས་དེ་སྤྱི་ལ་བཞག་པ་ཡིན་པ་ནང་བཞིན་ལག་ལེན་བསྟར་དགོས་པ་རེད། གལ་སྲིད་དམིགས་གསལ་གྱི་དགོངས་པ་རེག་ཡོད་ན་སྐད་ཆ་གཞན་པ་རེད།
    དྲྭ་གྲོགས་རྣམས་ཀྱིས་སློབ་གྲྭ་ནང་ཁུལ་དུ་རྙོག་དྲྭ་མི་ཡོངས་པ་དང་། སློབ་མ་གསུམ་ལ་དཀའ་ངལ་མི་འཕྲད་པའི་ཐབས་ཤེས་དང་བློ་གྲོས་ཀྱི་སྒོ་མོ་ཕྱེས་ཤིག
    ང་ཚོའི་བཙན་བྱོལ་གྱི་དྲྭ་རྒྱ་འགྲིམ་མཁན་རྣམས་ཀྱིས་འགན་འཛིན་གྱིས་མ་འཇོན་པ་དང་མ་འགྲིགས་པ་ཞིག་བྱས་འདུག་ཟེར་ཁྱི་སྤྱང་ངུ་ངུས་དྲྭ་རྒྱ་འདིར་ཚང་ཁ་ཡོངས་ངེས་རེད།

    སློབ་གྲྭའི་ཚོགས་པ་གཅིག་ལ་སྒྲིགས་ཁྲིམས་ཤིག་ཡོད་ངེས་པ་དེ་ཁུར་མ་ཐུབ་ནས་འགྲོ་དགོས་ཐུག་ན་སློབ་ཕྲུག་གི་ཞན་ཆ་རེད། འགན་འཛིན་ལ་གང་ཡང་ཟེར་རྒྱུ་མེད། སྒྲིགས་ཁྲིམས་དེ་ལག་ལེན་བསྟར་མ་ཐུབ་ན་འགན་འཛིན་དང་འཛིན་སྐྱོངས་ཀྱི་ཞན་ཆ་རེད། འགན་འཛིན་གྱིས་ཁས་སྨྲས་ཟིན་ལག་ལེན་དུ་བསྟར་མ་ཐུབ་ན། རྗེས་སུ་སྒྲིགས་གཞི་ཚག་ཚུད་ཡོངས་རྒྱུའི་ཚབ་ཏུ་བཟློགས་ཕྱོགས་ཤིག་ཡོངས་བའི་ཉེས་ཁ་ཆེ་བས། གཞན་གྱིས་གང་སྨྲས་ཀྱང་ཐུགས་རྒྱུད་བརྟན་རླིང་དུ་གནས་པར་མཛོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese