མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲོད་བསྟེན་ལས་ཁུངས་ཀྱིས་ཛ་དྲག་སྨན་བཅོས་མཐུན་འགྱུར་སྤྲོད་མཚམས་བཞག་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་འཕྲོད་བསྟེན་བཀའ་བློན་མཆོག་གིས་གཙོས་འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར་བཅས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་དང་། འཕྲོད་བསྟེན་ལས་ཁུངས་ཀྱིས་ཛ་དྲག་སྨན་བཅོས་མཐུན་འགྱུར་སྤྲོད་མཚམས་བཞག་ཡོད་པ་བསྒྲགས་སོང་།

དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གཙོས་པའི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང་། དྲུང་འཕར་སྦྲ་གཉིས་ཚེ་རྒྱལ་བཅས་ཐུན་མོང་ཐོག བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་མགོ་འཛུགས་བྱས་ཡོད་སྐོར་གྱི་གསལ་བསྒྲགས་ཤིག་བསྐྱངས་ཏེ། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་ཐོ་འགོད་བྱེད་མཁན་གཞིས་ཆཊ་ཁག་ ༣༣ ནས་ཁྱོན་མི་ ༥༢༠༠ དང་། ཐོ་འགོད་བྱེད་མཁན་ཚོས་རྒྱ་གར་ས་གནས་ཁག་ ༤༦ གི་སྒེར་གྱི་སྨན་ཁང་ཁག་ཏུ་སྨན་བཅོས་བྱ་ཆོག་གི་ཡོད་སྐོར་དང་། དེ་བཞིན། ལས་གཞི་འདིའི་ནང་ཞུགས་མིན་ལ་མ་ལྟོས་པར་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ཆར་གནང་བཞིན་པའི་ཛ་དྲག་སྨན་བཅོས་མཐུན་འགྱུར་དེ། ད་ལོའི་ཕྱི་ཟླ་ ༣ ཚེས ༣༡ ཉིན་ནས་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་བསྒྲགས་སོང་།

སྨན་བཅོས་བལྟ་སྐྱོང་ལས་གཞིའི་གསལ་བསྒྲགས་ནང་འཁོད་དོན། “ འཛམ་གླིང་ཡུལ་གྲུ་མང་ཆེ་བའི་ནང་མི་མང་ལ་འཕྲོད་བསྟེན་སྲུང་སྐྱོབ་ཐོག་མཐུན་རྐྱེན་འདང་ངེས་མེད་པ་དེར། རྒྱལ་སྤྱིའི་སྟེང་དོ་སྣང་དང་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་། ཁྱིམ་ཚང་རེའི་ཡོང་འབབ་ཀྱི་བརྒྱ་ཆ་ ༡༤ ཙམ་སྨན་བཅོས་ཁོ་ནའི་ཆེད་གཏོང་དགོས་ཀྱི་ཡོད་སྟབས། གལ་སྲིད་རང་ཉིད་ལ་ནད་གཞི་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་སྡོད་དགོས་བྱུང་ན་འགྲོ་སོང་གཏོང་རྒྱུའི་སེམས་ཁྲལ་ཆེན་པོ་ཡོད། བོད་མིའི་འཕྲོད་བསྟེན་དང་བླངས་ཚོགས་པའི་འགན་ལེན་འོག་བོད་མི་ཡོངས་ལ་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་མཐུན་འགྱུར་སྤྲོད་ཆེད། བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་འདི་གསར་འཛུགས་བྱས་པ་ཡིན། ལས་གཞི་འདིས་བོད་མིའི་སྤྱི་ཚོགས་ནང་ཆེས་ཉམ་ཐག་རིགས་ལ་སྨན་བཅོས་འགྲོ་གྲོན་ཆ་ཚང་མཁོ་སྤྲོད་ཐུབ་པ་མ་ཟད། ཉམ་ཐག་མིན་པ་ཚོར་ཡང་ཚད་མཐོའི་མཐུན་འགྱུར་ཞུ་ཐུབ་ཀྱི་ཡོད། ལས་གཞི་འདི་ད་ལོའི་ཕྱི་ཟླ་ ༡ དངོས་སུ་འགོ་འཛུགས་བྱས་ཡོད་ལ། ལས་གཞི་འདི་སྨན་བཅོས་ཉེན་སྲུང་མཐུན་རྐྱེན་བསྐྲུན་རྒྱུའི་ངོ་བོའི་ཐོག་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྲུང་སྐྱོབ་དང་། སྔར་ལས་གོང་མཐོར་གཏོང་ཐབས་ཀྱི་ལས་གཞི་གལ་ཆེན་ཡིན། ལས་གཞི་འདིའི་ནང་ཞུགས་མིན་ལ་མ་ལྟོས་པར་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ཆར་གནང་བཞིན་པའི་ཛ་དྲག་སྨན་བཅོས་མཐུན་འགྱུར་དེ། ད་ལོའི་ཕྱི་ཟླ་ ༣ ཚེས ༣༡ ཉིན་ནས་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད། རྒྱ་གར་ནང་གནས་སྡོིད་ལས་བྱེད་དང་དགོན་སྡེ་ཁག སློབ་གྲྭ་དང་ཚོགས་པ་སྐྱིད་སྡུག་ཁག་གི་བོད་རིགས་མང་ཚོགས་ཀྱིས། སྤྱི་ཚོཊ་དང་སོ་སོའི་འཕྲོད་བསྟེན་གལ་ཆེར་བརྩིས་ཏེ་ལས་གཞིའི་འདིའི་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ” ཅེས་འཁོད་འདུག  

ལས་གཞི་འདི་ནི་བཙན་བྱོལ་བོད་མི་ཚོར་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་བལྟ་སྐྱོང་ལས་གཞི་ཞིག་ཡིན་པ་དང་། ལས་གཞི་འདིའི་ནང་ཞུགས་མཁན་ཚོས་འཕྲོད་བསྟེན་ལས་ཁུངས་ལ་འགན་ལེན་དོད་སྒོར་སྔ་འདོན་ཞུ་དགོས་ལ། ཁྱིམ་ཚང་གཅིག་ལ་མི་ ༢ ནས་ ༥ བར་ཡོད་ཚེ། ལོ་རེར་འགན་ལེན་ཧིན་སྒོར་ ༣༥༦༥ སྤྲོད་དགོས་ཤིང་། ཁྱིམ་ཚང་རེར་མི་ ༥ ལས་མང་བ་ཡོད་ན། མི་རེས་ལོ་རེར་འགན་ལེན་སྒོར་ཧིན་ ༧༡༣ ཁ་སྣོན་རྒྱག་དགོས་ཀྱི་ཡོད། དེ་ལྟར་གནང་ན། ཁོང་ཚོར་ལོ་རེར་འགན་ལེན་ཧིན་སྒོར་ ༡༠༠༠༠༠ ཙམ་འཐོབ་ཀྱི་ཡོད། གྲྭ་བཙུན་དང་མི་ཧྲང་ཡིན་ན། མི་རེས་ལོ་རེར་ཧིན་སྒོར་ ༩༥༠ སྤྲོད་དགོས་ཀྱི་ཡོད་ལ། དེ་ཚོར་ལོ་རེར་འགན་ལེན་ཧིན་སྒོར་ ༥༠༠༠༠ ཙམ་འཐོབ་ཀྱི་ཡོད། སྨན་བཅོས་བལྟ་སྐྱོང་ལས་གཞི་འདིའི་ཁོངས་སུ་ཞུགས་མཁན་དག་གིས་གཞིས་ཆགས་དང་ས་གནས་ཁག་གི་འཕྲོད་བསྟེན་ལས་ཁུངས་དང་། འཕྲོད་བསྟེན་བལྟ་སྐྱོང་ཁང་། ས་གནས་མགོ་འཛིན་ལས་ཁུངས་བཅས་སུ་ཐོ་འགོད་གནང་དགོས་པ་དང་། ཐོ་འགོད་གནང་མཁན་ཚོར་ཕྱི་ཟླ་ ༤ ཚེས་ ༡ ཉིན་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག་གློག་པར་བརྒྱབ་སྟེ། མི་རེར་ (Smart Card) སྟབས་བདེའི་བྱང་བུ་རེ་བཟོ་རྒྱུ་དང་། བྱང་བུ་དེ་བཟོས་རྗེས་བོད་མི་སུ་ཞིག་ལ་གློ་བུར་དུ་ན་ཚ་སོགས་བྱུང་སྐབས། དངུལ་དངོས་གཅིག་ཀྱང་འཁྱེར་མ་དགོས་པར་བྱང་བུ་དེ་བསྣམས་ཆོག་གི་ཡོད་འདུག དེ་བཞིན། འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་ཞུགས་ཐབས་མེད་པའི་ཉམ་ཐག་རིགས་ལ་སྐབས་བསྟུན་གྱིས་ཞིབ་འཇུག་གང་ལེཊ་གནང་སྟེ། མི་རེར་སྨན་དོད་བརྒྱ་ཆ་ ༥༥ ཙམ་ཚོགས་ཁོངས་ནས་ནར་གཏོང་གནང་རྒྱུ་ཡིན་འདུག

སྨན་བཅོས་བལྟ་སྐྱོང་ལས་གཞི་འདིར་སྨན་བཅོས་དང་ལེན་མི་ཆོག་པ་འགའ་ཡོད་པ་ནི། དགོས་མེད་སྨན་གྲོན་འཕར་མ་གཏོང་བ་དང་། མྱོས་རྫས་དང་ཆང་རག་གིས་རྐྱེན་པས་ནད་གཞི་ཕོག་པ། སྐྱེ་སྒོ་འགོག་པའི་སྨན་བཅོས། ནད་འགོག་སྨན་ཁབ་རིམ་པ་དང་པོའི་སྨན་བཅོས་ཁོངས་ཡིན་པ། རང་སྲོག་གཅོད་པ་དང་འཁྲུག་འཛིང་ཤོར་བའི་རྨས་སྐྱོན། གདོང་དང་ལུས་པོ་མཛེས་བཟོ་སྨན་བཅོས། སྨན་བཅོས་ལས་གཞིའི་རྩ་འཛིན་ནང་མ་གསལ་བའི་སྨན་བཅོས་རིགས་བཅས་ཡིན་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས་དོན་ལྟར་ན། ད་ཆར་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་ཞུགས་མཁན། རྒྱ་གར་གཞིས་ཆགས་ཁག་ ༣༣ ཙམ་ནས་ཁྱོན་མི་ ༥༢༠༠ མཉམ་ཞུགས་བྱས་ཡོད་པ་དང་། དེའི་ནང་མི་སྒེར་བ་ ༡༤༨༢ དང་། ནང་མི་ ༨༡༧ ཙམ་མཉམ་ཞུགས་གནང་ཡོད་འདུག སྨན་བཅོས་བལྟ་སྐྱོང་ལས་གཞི་འདིར་རྒྱ་གར་ས་གནས་མི་འདྲ་བ་ ༤༦ ཙམ་གྱི་སྒེར་གྱི་སྨན་ཁང་ཁག་ཏུ་སྨན་བཅོས་བྱ་ཆོག་གི་ཡོད་འདུག་ལ། ཧི་ལ་ཅལ་མངའ་སྡེ་ལ་མཚོན་ན། ངྷ་ས་བདེ་ལེགས་སྨན་ཁང་དང་དབུས་སྨན་རྩིས་ཁང་། པཱ་ལིན་པུར། མན་ཌེ། བྷིར། མཱ་ཎ་ལི། སིམ་ལཱ་བཅས་ཀྱི་སྨན་ཁང་ཆེ་ཁག་ཏུ་སྨན་བཅོས་གནང་ཆོག་གི་ཡོད་འདུག

གསར་འགོད་པས་རྒྱ་གར་དང་བོད་མིའི་སྨན་བཅོས་བལྟ་སྐྱོང་བར་ཁྱད་པར་གང་འདྲ་ཡོད་མེད་སྐོར་དྲིས་པར་དྲུང་འཕར་ཚེ་རྒྱལ་ལགས་ཀྱིས་ལན་འདེབས་བྱས་དོན། “ རྒྱ་གར་སྨན་བཅོས་བལྟ་སྐྱོང་དང་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་གཉིས་བར་གནམ་སའི་ཁྱད་པར་ཡོད། རྒྱ་གར་གྱི་ (Insurance Company) འགན་ལེན་ཚོགས་པ་ནི་ཚོང་དང་ཁེ་བཟང་ཁོ་ནའི་ཆེད་དུ་རེད། ང་ཚོའི་ལས་གཞི་འདི་སྤྱི་ཚོགས་ཀྱི་བདེ་རྩ་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་ཡིན་སྟབས། ང་ཚོར་ག་རེ་རག་པ་དེ་ཕྱིར་མང་ཚོགས་ནང་གཏོང་དགོས་པ་རེད་མ་གཏོགས་ཁེ་བཟང་ལ་བསམ་བློ་བཏང་ཡོད་པ་མ་རེད། རྒྱ་གར་གྱི་འགན་ལེན་ཚོགས་པ་ཁག་ལ་ཆ་མཚོན་ན། ལོ་ ༦༠ བརྒལ་ཡོད་ན་སྨན་བཅོས་འགན་ལེན་ལས་གཞི་ནང་ཚུད་ཀྱི་མེད་ལ། དེ་བཞིན་སྔོན་ཆད་གློ་ནད་ཊེ་བྷེ་དང་། ནད་གཞི་འདྲ་མིན་བྱུང་མཁན་ཡིན་ནའང་ལས་གཞིའི་དེའི་ནང་ཚུད་ཀྱི་མ་རེད། ཁོང་ཚོར་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པ་རེད། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་འདི་བོད་མིའི་བདེ་རྩ་ཁོ་ནར་གཟིགས་པ་ཞིག་ཡིན་སྟབས། ང་ཚོས་དབྱེ་བ་འབྱེད་ཀྱི་ཡོད་པ་མ་རེད། ལས་གཞི་འདིར་བགྲེས་སོང་ལོ་ ༩༠ ཅན་ཞིག་བསླེབ་པ་ཡིན་ནའང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། སྔོན་མ་ན་ཚ་བྱུང་མྱོང་མཁན་ཞིག་ཡིན་ཡང་ཕེབས་རོགས་ཟེར་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་འཕྲོད་བསྟེན་ལས་ཁུངས་ཀྱིས་ངྷ་སའི་ཌེན་ཌ་སྨན་ཁང་དང་ཅན་ངྷི་གྷར་སྨན་ཁང་ལ་མཉམ་འབྲེལ་མ་བྱས་པའི་སྐོར་ལ་ལན་འདེབས་བྱས་དོན།  “ ང་ཚོས་འབྲེལ་བ་བྱེད་ས་ཚང་མ་སྒེར་གྱི་སྨན་ཁང་ཆགས་ཡོད། གཞུང་གི་སྨན་ཁང་ཁག་དང་འབྲེལ་མ་བྱས་པའི་རྒྱུ་མཚན། ཉེ་ཆར་ང་ཚོས་ཌེན་ཌ་དང་ཅན་ངྷི་སྒར་སོགས་གཞུང་གི་སྨན་ཁང་ཆེ་ཁག་ལ་འབྲེལ་བ་བྱས་ཡོད་ཀྱང་། ཕར་འབྲེལ་བ་ག་ཚོད་བྱས་ཀྱང་ཚུར་ལན་ཡག་པོ་ཞིག་གནང་གི་མི་འདུག མ་གཞི་ཁོང་ཚོ་གཞུང་གི་སྨན་ཁང་གི་སྨན་པ་ཡིན་སྟབས། གསོལ་ཕོགས་ཏག་ཏག་རག་འགྲོ་ཡི་ཡོད་པ་རེད། ནད་པ་ཡོང་མིན་ལ་ལས་བྱེད་ཚོར་ཁྱད་པར་ཡོད་པ་མ་རེད། ཡིན་ནའང་། ང་ཚོས་སྒེར་གྱི་སྨན་ཁང་ཁག་ལ་འབྲེལ་བྱས་སྐབས། ག་དུས་འབྲེལ་བ་བྱས་ན་ལན་ཏག་ཏག་གནང་གི་འདུག འབྲེལ་བའང་གནང་བདེ་བོ་ཞིག་ཡོད་པ་རེད། དེའི་ཐོག་ནས་ང་ཚོས་སྒེར་གྱི་སྨན་ཁང་ཁག་བདམས་པ་ཡིན། ” ཞེས་བརྗོད་སོང་།  

སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་རྒྱ་གར་ནང་གནས་སྡོད་བོད་མི་མ་གཏོགས་འབྲུག་དང་བལ་ཡུལ་གྱི་བོད་མི་རྣམས་མཉམ་ཞུགས་གནང་ཆོག་གི་མི་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 3

  1. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    ལས་གཞི་འདི་ཧ་ཅང་ཡག་པོ་འདུག ཡིན་ནའང་མི་མང་བོས་བཤད་དོན། ང་མ་ན་ག་རེ་བྱེད་དགོས་པ་རེད་ཟེར་མཁན་མང་བོ་འདུག སྤྱིར་ན་ང་རང་ལ་མཚོན་ནའང་སྨན་ཁང་ཞིག་གི་སྒོ་ལ་གོམ་ཁ་སྤོ་མ་མྱོང་ཟེར་ཆོག་ཚད་ཡིན།
    ཡིན་ནའང་ང་ཚོས་མཐོང་ཐོས་མྱོང་གསུམ་གང་བྱས་ནའང་མི་ཞིག་ཡིན་ན་ཚ་ཟེར་བ་འདི་མི་ཚེའི་
    འཚོ་བའི་ཆ་ཤས་སུ་མཐོང་གི་འདུག འབོད་སྐུལ་ཞུ་ལ་གོང་གི་དྲི་བ་དེ་ལན་མང་བོ་འདེབས་རྒྱུ་མཁྱེན།

    Reply
  2. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་འགོ་འཛུགས་གནང་བ་ལ་ཐུགས་རྗེ་བླ་མེད་ཞུ་བཞིན་ཡོད།
    མ་ཟད་ཆབ་འབངས་བོད་མི་རྣམས་ཀྱིས་ལས་གཞི་འདི་ལ་ཞུགས་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་རེད།
    བོད་མི་ཚང་མ་གོང་གི་རིག་འདོན་པ་ལྟ་བུ་མ་ཡིན་པ་ང་ཚོས་ཡིད་ཆེས་བྱེད་དགོས། རྣམ་དཔྱོད་དང་། བོད་ལ་བརྩེ་སེམས་ཡོད་ན་འདི་ཡང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལམ་བུ་གཅིག་རེད།
    གཞན་རྟེན་བསམ་བློ་ཏོར་ནས་གཞན་གཅེས་བརྩེ་སེམས་འཛིན་མི་ཐུབ་མོད། གཞུང་མདངས་གཉིས་ཕན་ནམ་རང་གཞན་གཉིས་ཕན་འདི་ལྟ་བུ་ལའང་མཉམ་ཞུགས་བྱེད་མི་འདོད་ཚེ།
    སྙིང་རྗེ་དང་། བྱམས་སེམས་ལྡན་པའི་བོད་མི་རིགས་ཟེར་བའི་འདོགས་གཞི་ནི་སྲིད་ན་མི་དམིགས་སོ།།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཧ་ཧ། འདི་ན་བགད་གཏམ་ཞིག་འདུག ཁེ་བཟང་ལ་མི་བལྟ་བ་ཟེར་བ་དེ་ཡིད་ཆེས་དཀའ་བ་ཞིག་བྱུང་། ཉེ་སྔོན་ང་རང་བདེ་ལེགས་སྨན་ཁང་དང་། ཊན་དྷ་སྨན་ཁང་གཉིས་ཀ་འགྲོ་དགོས་བྱུང་། སྨན་རིན་གྱི་ཆ་ནས་ཧེ་བག་ཆེན་པོ་འདུག ཊན་དྷ་སྨན་ཁང་ལ་Ultra Soundགློག་པར་གཅིག་བརྒྱབ་ན་ཧིན་སྒོར་བརྒྱ་ལས་དགོས་ཀྱི་མིན་འདུག འོན་ཀྱང་བདེ་ལེགས་སྨན་ཁང་དུ་Ultra soundགློག་པར་བརྒྱབ་ན་ཧིན་སྒོར་༣༥༠སུམ་བརྒྱ་ལྔ་བཅུ་ཏགཏག་དགོས་ཀྱི་འདུག  ཧིན་སྐད་རྩ་བ་ནས་མ་ཤེས་ན་མ་གཏོགས། བདེ་ལེགས་སྨན་ཁང་ལ་དངུལ་སྤྲད་ནས་ན་ཚ་ཉོ་བར་རམ་ཡང་ན་ཤི་བར་འགྲོ་མཁན་རང་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese