མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོགས་ནང་བོད་ཀྱི་གནད་དོན་བགྲོ་གླེང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཡུ་རོབ་གྲོས་ཚོགས་ནང་མེ་ལྕེ་ཁྲོད་ཀྱི་བོད་ཅེས་པའི་བགྲོ་གླེང་ཞིག་ཚོགས་ཏེ། ཡུ་རོབ་གྲོས་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་མཆོག་གིས། ཡུ་རོབ་རྒྱལ་ཁབ་ཁག་གིས་གཞུང་དམངས་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གཞོན་པ་སྐུ་ཞབས་མེ་ཁུ་མེལ་ལན་སི་ཀོ་ཊི་ (Edward McMillan-Scott) ལགས་དང་། ལྕམ་ཁི་རེ་སི་ཊི་ནེཨོ་ཇོ་ལེན་ཌེ་ (Kristiina Ojuland) ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག  ཡུ་རོབ་གྲོས་ཚོགས་ནང་༼མེ་ལྕེ་ཁྲོད་ཀྱི་བོད་༽ཅེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག་ལ། བགྲོ་གླེང་ཚོགས་འདུ་དེར་སྐུ་ཞབས་མེ་ཁུ་མེལ་ལན་སི་ཀོ་ཊི་དང་ལྕམ་ཨོ་ཇོ་ལེན་ཌེ།བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ།དེ་བཞིན།རང་དབང་རྩོམ་པ་པོ་དང་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་སྟེ།ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད་འདུག

བགྲོ་གླེང་ཚོགས་འདུ་མགོ་མ་བཙུགས་གོང་ཚོགས་ཞུགས་པ་ཚོས་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ།འདས་གྲོངས་སུ་ཕྱིན་པའི་དཔའ་པོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་སྐར་མ་གཅིག་གནང་ཡོད་འདུག་ལ།དེའི་རྗེས་སྐུ་ཞབས་མེ་ཁུ་མེལ་ལན་སི་ཀོ་ཊི་ལགས་ཀྱིས། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ལོ་ ༦༠ ཕྱིན་པའི་རིང་བོད་མི་ཚོས་གཉའ་གནོན་དང་ཞེད་སྣང་ཁོ་ནའི་འོག་མི་ཚེ་བསྐྱལ་ཡོད་ལུགས་དང་། འདས་བའི་ལོ་གཅིག་རིང་བོད་མི་ ༣༡ གིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད་མི་ ༢༢ འདས་གྲོངས་སུ་ཕྱིན་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་བར་རྒྱ་གཞུང་ལ་མངོན་གསལ་གྱི་སྐྱོན་བརྗོད་གང་ཡང་བྱས་མེད་ཚུལ། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་དམངས་གཉིས་ཀྱིས་བོད་མིར་རྒྱབ་སྐྱོར་བྱས་ཏེ་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ལ་སྐྱོན་བརྗོད་བྱ་རྒྱུའི་དུས་ལ་བབས་ཡོད་སྐོར་སོགས་བརྗོད་འདུག ལྕམ་ཨོ་ཇོ་ལེན་ཌེ་ལགས་ཀྱིས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་གཞུང་དང་ཐད་ཀར་གླེང་མོལ་གནང་དགོས་པ་ནན་སྐུལ་ཞུས་འདུག

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ ༢༠༠༩ ལོར་མདོ་སྨད་རྔ་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་ད་བར་བོད་མི་ ༣༠ ལྷག་གིས་མེར་བསྲེགས་བཏང་བའི་གནས་ཚུལ་རྣམས་ཞིབ་ཕྲ་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ཏེ། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་པ་དང་རང་དབང་རྟོག་ཞིབ་ཚོགས་པ་སོགས་བོད་ནང་ལ་གཏོང་དགོས་རྒྱུ་དང་། བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་ཡོང་བར་རམ་འདེགས་གནང་རྒྱུ། ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་དམིགས་བསལ་སྐུ་ཚབ་ཞིག་བསྐོ་བཞག་གནང་དགོས་པའི་འབོད་སྐུལ་བཅས་ཞུས་འདུག

བགྲོ་གླེང་ཚོགས་འདུའི་སྟེང་དབྱིན་ཡུལ་ཨོག་ཁུ་སི་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་བླ་མ་སྐྱབས་ལགས་དང་། ལོན་ཊོན་དུ་གནས་སྡོད་བོད་རིགས་བུད་མེད་རྩོམ་པ་པོ་བདེ་ཆེན་སྤེན་པ། ཧྥ་རན་སིའི་ཤར་ཕྱོཊ་སྐད་ཡིག་དང་རིག་གཞུང་སློབ་ཆེན་གྱི་སློབ་དཔོན་ཆོས་ཉིད་དབང་མོ། བོད་ཀྱི་གྲོགས་པོ་སྐུ་ཞབས་རོའོ་སི་ཊི་རེ་ཌིར་ (Roy Strider) ལགས་བཅས་ཀྱིས། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ལས་འགུལ་གྱི་ངོ་བོ་དང་། མེར་བསྲེགས་ལས་འགུལ་གྱི་རྐྱེན་པས་བོད་ནང་གི་དྲ་རྒྱ་ཁག་སྒོ་རྒྱག་པ་དང་། བོད་སྐད་ཡིག་བེད་སྤྱོད་ཐོག་དམ་དྲག  ལྷག་པར་དུ ༢༠༠༨ ལོ་ནས་རྒྱ་གཞུང་གིས་མངོན་ལྐོག་གཉིས་ཀྱི་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་རྩོམ་པ་པོ། གཞས་བ་སོགས་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་དང་། དུས་རབས་ཕྱེད་ཀའི་རིང་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་རྣམས་གསལ་བཤད་གནང་སྟེ། ཡུ་རོབ་གྲོས་ཚོགས་ཀྱིས་བོད་ནང་རྟོག་ཞིབ་ཚོགས་པ་གང་མགྱོགས་གཏོང་ཐུབ་རྒྱུའི་འབོད་སྐུལ་ཞུས་འདུག   

མཇུག་ཏུ་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་ཐོ་མཱ་སི་མེན་ལགས་གྱིས། ཚོགས་པ་དེའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཡུ་རོབ་གྲོས་ཚོགས་ནང་གདན་ཞུ་གནང་ཐུབ་རྒྱུར་འབོད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་ལ། དེ་བཞིན། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་དང་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོཊ་གཞོན་འབུམ་རམས་པ་སཱ་བྷ་ཐེལ་(Gerhard Sabathil) ལགས་ཀྱིས། བོད་ནང་གི་མེར་བསྲེགས་གནད་དོན་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་དང་། ཁོང་ཚོས་རྒྱ་ནག་དང་གྲོས་བསྡུར་གནང་སྐབས་བོད་ཀྱི་གནད་དོན་མདུན་ཅོག་ཐོག་བསླེབ་རྒྱུར་འབད་བརྩོན་གནང་རྒྱུ། ཡུ་རོབ་གྲོས་ཚོགས་ཀྱིས་བོད་ནང་རྟོག་ཞིབ་ཚོགས་པ་གཏོང་རྒྱུ་དང་། བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

མཆན། 7

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུ། ཡིན་ནའང་གསར་འགྱུར་འདིའི་ནང་ཞིབ་ཏུ་བལྟས་ན་བོད་མིའི་མངོན་འདོད་གཙོ་བོ་དེགང་ཡིན་ཁ་གསལ་དང་། དེ་རྒྱལ་སྤྱིའི་ལྡིང་ཆའི་སྟེང་སླེབས་ཐབས་དང་དེ་ལ་རྒྱལ་སྤྱི་དང་ལྷག་པར་ཡུ་རོབ་གྲོས་ཚོགས་ནས་རྒྱབ་སྐྱོབ་རག་ཐབས་དང་། དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་མཐུན་ལུགས་སོགས་ལ་བརྟེན་ནས་ལས་འགུལ་ཞིག་སྤེལ་ཐུབ་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་ངེས་ལས་འཕྲལ་སེལ་གྱི་དཀའ་ངལ་སེལ་ཐབས་ཙམ་ནི་དོན་ལྡན་ཞིག་མ་ཡིན།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    ད་ཡིན་ན་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་གཏོང་གནང་བའི་འབྲས་བུ་སྨིན་ཡོང་གི་འདུག བོད་པ་ཚོ་མེ་ཚ་པོའི་སྟེང་ལ་ཤིང་སྣོན་ཤོགས།

    Reply
  3. བློ་དགའ། says:
    ལོ་ 14 སྔོན།

    ཤ་ཚ་བའི་ཚིག་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། དུས་བབ་ཀྱི་འགོ་བྱེད་རྣམ་པ་ལྷན་རྒྱས་ལགས། ཁ་སང་དེ་རིང་ཞིག་ལ་དུས་བབ་དྲ་ངོས་སུ་ཡིག་ནོར་དང་དོན་ནོར་བླུག་ཡོང་གི་འདུག ཡིད་གཟབ་ཅིག་གནང་དགོས་ཀྱི་འདུག

    Reply
  4. ཆོས་བཟང་། says:
    ལོ་ 14 སྔོན།

    ཡོ་རོབ་པས་དངུལ་ལོ་ཁོ་ན་ལ་མ་བལྟས་བར་ཉམས་ཆུང་བའི་མི་རིགས་འདིར་གཟིགས་པར་སྙིང་ནས་བསྔགས་བརྗོད་ཡོད་

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    དེང་གི་དུས་འདིར་ང་ཚོས་རེ་བ་ཧ་ཅང་བྱས་ཡོད་པས་རྒྱབ་སྐྱོར་གནང་མཁན་ཚོར་དྲིན་ལན་མཇལ་གང་ཐུབ་བྱེད།

    Reply
  6. གངས་ཟླ། says:
    ལོ་ 14 སྔོན།

    དེང་སང་གི་འཛམ་གླིང་བོད་ཅེས་པའི་དཔའ་སྡེ་དེའི་སྟེང་ནས་སད་ཀི་ཡོད་ཀི་ངོ་མ་དགེ་མཚན་ཆེ་གི།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡོ་རོབ་གྲོས་ཚོགས་བཀའ་དྲིན་ཆེའོ། རྒྱ་གཞུང་གིས་རྫུན་སྒྲིག་བྱས་ཚད་རྐུབ་རྡོལ་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese