མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༤ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མི་ཚོའི་ས་ཆ་བཙན་འཕྲོག་བྱེད་ཀྱིན་པ་མ་ཟད། གནད་དོན་དེར་རྐྱེན་བྱས་ཏེ་བོད་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་འདུག
 

རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་ཏྲེ་ཧོར་ཁམས་ཚན་གྱི་གྲྭ་པདྨ་ཚེ་དབང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་དཀར་མཛེས་རྫོང་སྲིད་གཞུང་གིས་བོད་མི་ཚོང་པ་བསོད་ནམས་མགོན་པོ་ལགས་ཀྱི་སྒེར་ལ་དབང་བའི་ས་ཐོག་ཏུ། བཙན་དབང་གིས་ཁང་པ་གསར་རྒྱག་བྱེད་མགོ་བརྩམས་ཡོད་འདུག སྐབས་དེར་བོད་མི་བསོད་ནམས་མགོན་པོ་ལགས་ཀྱིས་རྫོང་སྲིད་གཞུང་གི་དཔོན་རིགས་དང་འབྲེལ་ཡོད་ལས་བྱེད་ལ་ཞུ་བ་་དང་རེ་སྐུལ་བྱས་ཀྱང༌། ས་གནས་དཔོན་རིགས་ཚོས་བཟང་ཕྱོགས་ཀྱི་ཐག་གཅོད་བྱས་མེད་པར་མ་ཟད། ཉིན་དེར་དྲག་ཆས་ཉེན་རྟོག་པ་བཏང་སྟེ་ཁོང་དང་ཀ་བྲག་གྲོང་ཚོའི་མཁས་གྲུབ་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་ས་གནས་བོད་མི་མང་པོ་ཞིག་འཛོམས་ཡོད་པ་མ་ཟད། སྐབས་དེར་བསོད་ནམས་མགོན་པོའི་ནང་མི་ས་ཐོག་ཏུ་ཡོང་སྟེ་སྲིད་གཞུང་གི་ལས་བྱེད་ཚོར། “ ང་ཚོ་ནང་མི་རྣམས་ལ་འཚོ་རྟེན་གྱི་ས་ཞིང་འདི་ལས་ལྷག་མེད། ཁྱེད་ཚོས་ས་ཆ་འདི་ཡང་བཙན་འཕྲོག་བྱེད་པ་ཡིན་ན། ང་ཚོ་གསོན་པོར་བསྡད་མ་བསྡད་ཀྱི་ཁྱད་པར་གང་ཡང་མི་འདུག དེ་ལས་ང་ཚོ་ད་ལྟ་རང་གསོད་རོགས། ”ཞེས་ངུ་འབོད་བྱེད་བཞིན་རྫོང་སྲིད་གཞུང་གི་གོ་སྒྲིག་བྱས་པའི་ས་བསྔོག་བྱེད་ཀྱི་འཕྲུལ་ཆས་སོགས་ཀྱི་གམ་དུ་ཉལ་བསྡད་སྟབས། ཉེན་རྟོག་པ་དང་དམག་མིས་བསོད་ནམས་མགོན་པོའི་བཟའ་ཟླ་དང་ལྷོ་པ་གཤོང་གཉེར་གྲོང་ཚོའི་སངས་རྒྱས་སྐལ་བཟང་གཉིས་ཉིན་དེར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ས་གནས་མང་ཚོགས་ལ་འཇིགས་སྐུལ་བྱས་ཡོད་འདུག

 

རང་ལོ་ ༤༨ ཡས་མས་ཡིན་པ་བསོད་ནམས་མགོན་པོ་ནི། དཀར་མཛས་རྫོང་ལྷོ་པ་ཤང་ཕུག་ཡུལ་ནང་རྩག་ལེགས་གྲོང་སྡེའི་ཕ་རྡོ་རྗེ་བཀྲ་ཤིས་དང་མ་ཚེ་འདས་ཆོས་སྒྲོན་གཉིས་ཀྱིོ་བུ་ཡིན་པ་དང༌། ༢༠༠༩ ཟླ་ ༣ ཚེས་ ༡༩ ཉིན་དཀར་མཛེས་རྫོང་གི་ཇ་ཁང་ཞིག་ཏུ་སྡོད་སྐབས་གློ་བུར་འཛིན་བཟུང་བྱས་ཏེ། ཁྲིམས་འགལ་སྐད་ཆ་བཤད་ཡོད་པའི་ཉེས་འཛུགས་འོག་ཟླ་ ༤ ཡས་མས་ཤིག་ལ་བཙོན་འཇུག་གིས་ཉེས་རྡུང་ཚད་མེད་བཏང་སྟེ་དཀར་མཛེས་རྫོང་གི་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། སྐབས་དེར་རྒྱ་སྒོར་ཁྲི་ ༡༥ ཡིན་པའི་རླངས་འཁོར་དང་དབྱར་རྩ་དགུན་འབུ་བཅས་བཙན་འཕྲོག་བྱས་ཡོད་འདུག   སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་དཀར་མཛེས་རྩིས་ཚང་དགོན་གྱི་ ཆབ་སྲིད་བཙོན་པ་གྲྭ་བསྟན་འཛིན་དངོས་གྲུབ་དང་བློ་དབྱངས་གཉིས་ཀློད་གྲོལ་སྐབས་ས་གནས་མང་ཚོགས་ཀྱི་ཕེབས་བསུ་བྱས་རྗེས། ཁོང་གཙོས་བོད་མི་ ༧ ལ་ཕེབས་བསུ་གོ་སྒྲིག་བྱེད་མཁན་གྱིས་ཉེས་མིང་འོག་ཟླ་ ༡ རིང་བཀག་ཉར་བྱས་རྗེས་ཀློད་ཡོད་ཀྱང༌། ཉིན་ཤས་རྗེས་སུ་ཡང་བསྐྱར་ནག་ཉེས་ཅི་ཡིན་གསལ་ཁ་མེད་པའི་ཐོག་འཛིན་བཟུང་བྱས་ཏེ་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ཏུ་ལོ་ ༡ མ་ཟིན་ཙམ་གྱི་རིང་འདུག་དགོས་བྱུང་ཡོད་འདུག

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༩ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 2

  1. ཁྲོ་ཕྲུག། says:
    ལོ་ 14 སྔོན།

    རྒྱ་དམར་གཞུང་གི་བོད་མི་ལ་སྡུག་པོ་བཏང་པ་མ་ཚད་སོ་སོའི་ས་ཆ་བཙན་འཕྲོག་བྱེད་ཁོ་ལ་ཉེས་འཛུགས་འདྲ་མི་བྱེད་བཏང་ལ་བལྟས་ན་ལ་རྒྱ་ཅན་ཞིག་ཡིན་པ་ཐག།

    Reply
  2. སྤང་མདའ་སྟོབས་རྒྱས། says:
    ལོ་ 14 སྔོན།

    བསྟན་དགྲ་རྒྱ་དམར་ཚང་ཁ་དོན་མི་མཚུངས་པའི་དབང་ཡོད་རྐྱང་རྐྱང་གི་འོག་ནས་མི་ལོ་ལྔ་ཅུ་སྐྱལ་བ་རེད། ད་དུང་ཡང་སྔར་བཞིན་རྒྱུན་འཁྱོངས་ཡོང་ཡ་ལ་རེ་སྒུག་བྱས་ནས་འདུག་ཡོད །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese