མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་ཁྲི་ ༡༣ གནས་སྤོར་བྱ་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གྲོང་ཁྱེར་གསར་རྒྱག་གི་ལས་གཞིར་ཁ་གཡར་ཏེ་འབའ་རྫོང་དུ་རྒྱ་མི་ཁྲི་བཅུ་གསུམ་ལྷག་གནས་སྤོར་བྱ་འཆར་ཡོད་འདུག

རྒྱ་ནག་གཞུང་གིས་ལོ་ཤས་སྔོན་ནས་མཚོ་སྔོན་གྱི་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག མཚོ་བྱང་དང་མཚོ་ཤར་བཅས་ཀྱི་འབྲོག་ཁུལ་ཏུ་གྲོང་ཁྱེར་གསར་རྒྱག་གི་ལས་གཞི་མགོ་འཛུགས་བྱས་ཏེ། རྒྱ་མི་ཁྲི་ཕྲག་མང་པོ་གནས་སྦོར་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་  ༢༥ ཡས་མས་སུ་མཚོ་ལྷོ་འབའ་རྫོང་གསེར་ཐང་དང་བྲག་དམར། གསེར་འོད། རྨ་ཆུ། གུ་དཀར་སྡེ་བ་བཅས་སུ་རྒྱ་གཞུང་གི་ལས་བྱེད་མི་སྣ་ཡོང་སྟེ་ཚོགས་འདུ་བསྡུ་བསྐོང་གིས། གསེར་ཐང་དང་བྲག་དམར། གསེར་འོད་བཅས་སྡེ་བ་གསུམ་གྱི་ས་ཆའི་བརྒྱ་ཆའི་ ༦༠%  གཞུང་བཞེས་བཏང་ཡོད་པ་དང་། ཕྱུགས་ཟོག་གི་བརྒྱ་ཆའི་ ༥༤% ལོ་འདིའི་ནང་རྩ་མེད་བཟོ་དགོས་པ། གཞུང་བཞེས་བཏང་ཟིན་པའི་ས་ཆའི་སྟེང་ཕྱུགས་ཟོག་གཅིག་ཀྱང་བཏང་མི་ཆོག་པའི་སྐོར་སོགས་ཁྱབ་བསྒྲགས་བྱས་ཡོད་འདུག

ཉེ་ལམ་འབའ་རྫོང་གཞོལ་མ་ཤང་འོག་ཏུ་ཡོད་པའི་སྡེ་བ་ལྔའི་ནང་ཚོགས་འདུ་བསྡུ་སྐོང་བྱེད་སྐབས་མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། ལས་བྱེད་རྣམས་ཕྱིར་རྫོང་ཐོག་ཏུ་ལོག་བཅུག་ཡོད་ཀྱང་། གཞོལ་མ་ཤང་ཐོག་ཏུ་གློག་འདོན་ཆུ་མཛོད་གསར་རྒྱག་དང་འབྲེལ་ཏེ་རྒྱ་མི་ཁྲི་ ༣ གནས་སྤོར་བྱ་རྒྱུ་དང་། མགར་རྩེ་གོང་མ་དང་རྒྱང་ཐག་སྤྱི་ལེ་ ༥ ནས་ ༨ ཡོད་པའི་མཚམས་སུ་ཡང་གློག་འདོན་ཆུ་མཛོད་ཆེན་པོ་ཞིག་འཛུགས་བསྐྲུན་དང་འབྲེལ་ཏེ་རྒྱ་མི་ཁྲི་ ༡༠ བསྡོམས་ས་གནས་དེ་དག་ཏུ་རྒྱ་མི་ཁྲི་ ༡༣ གནས་སྤོར་བྱས་ཏེ་གྲོང་ཁྱེར་གསར་རྒྱག་གི་ལས་གཞི་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། དུ་དུང་རྒྱ་གཞུང་གི་ལས་བྱེད་ཚོས་མི་མང་ལ། མ་འོངས་པར་ས་གནས་དེ་དག་ནང་གྲོང་ཁྱེར་ཆགས་པ་ཡིན་ན། མི་མང་གིས་ཕྱུགས་ཟོག་འཚོ་ཞོར་དུ་བཤས་རྭ་བཙུགས་ཏེ་འཚོལ་ཐབས་བཙལ་ཆོག་སྐོར་སོགས་བཤད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 3

  1. བདེ་རྒྱལ། says:
    ལོ་ 14 སྔོན།

    ད་མཐར་དེད་ན་སངས་རྒྱས་ཀྱི་བསྟན་པ་འཇིགས་པ་དང་བོད་མི་རིགས་འཇིགས་བྱེད་ཀྱི་སྔ་ལྟས་ཤིག་འདི་ནས་ཐོན་གྱི་འདུག འདི་དངོས་བདེན་འདྲ་ཡིན་ཚེ་ད་དངོས་ནས་འཇིག་སྐུལ་ལམ་དུ་ཞུགས་རྒྱུ་ལས་རེ་བ་བྱ་ས་ཞིག་མི་འདུག གུ་རུ་རིན་པོ་ཆེ།

    Reply
  2. རྟ་མགྲིན། says:
    ལོ་ 14 སྔོན།

    འདི་དངོས་འབྲེལ་ཡིན་མིན་ཐད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཞིབ་ཏུ་བལྟས་ནས་གལ་སྲིད་བདེན་པ་ཡིན་ན། ཁ་སྔོན་མཚོ་ལྟོ་ཆབ་ཆའི་ས་ཁུལ་ལའང་དེ་འདྲ་གནས་ཚུལ་ཞིག་བྱུང་བ་གོ་རྒྱུ་འདུག་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་ཡོངས་ཁྱབ་ཀྱིས་དགག་སྒྲུབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དགོས་པ་མ་ཟད། མདོ་སྨད་རྒྱུན་ལས་ཀྱིས་ཀྱང་དེ་བཞིན་བྱེད་དགོས།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཨོ་ཡ་་་་ད་ཡིན་ན་འདི་ལྟར་མུ་མཐུད་ནས་རྒྱ་ངན་ཚང་གིས་སྤྲང་རྒན་ཚོ་བོད་ཡུལ་ཁ་བསྐོར་ཡོང་གི་རེད་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese