མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ཤོད་སློབ་གྲྭའི་སློབ་ཕྲུག་ཚོས་རྒྱ་ནག་སྲིད་འཛིན་ལ་ཞུ་ཡིག་ཅིག་ཕུལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོས་ ༼བོད་ལྗོངས་ང་ཚོའི་ཕ་ཡུལ ༽ཞེས་པའི་བྱ་འགུལ་དང་སྟབས་བསྟུན་ཏེ། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་དང་རྒྱ་ནག་སྲིད་འཛིན། འཛམ་གླིང་རྒྱལ་ཁབ་ཁག་ལྔའི་དབུ་ཁྲིད་བཅས་ལ་རེ་འདུན་ཞུ་ཡིག་ཕུལ་འདུག  

ལོ་ལྟར་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་ཆེད་ཟླ་གཅིག་རིང་ ༼ བོད་ལྗོངས་ང་ཚོའི་ཕ་ཡུལ ༽ ཞེས་པའི་བྱ་འགུལ་ཞིག་སྤེལ་བཞིན་པ་ལྟར། ཕྱི་ཟླ་ ༤ ཚེས་ ༥ ཉིན་ནས་བཟུང་ངྷ་ཤོད་བོད་ཁྱིམ་སློབ་གྲྭས་འདི་ལོའི་བྱ་འགུལ་གྱི་བརྗོད་གཞི་གཙོ་བོར། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དང་ཁ་ཆེམས་ཡི་གེ་ངོ་སྤྲོད་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༥ ཉིན་དེ་བྱ་འགུལ་གྱི་ཉིན་མཐའ་མར་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ལོ་རྒྱུས་དང་ཁ་ཆེམས་སློབ་སྦྱོང་བརྒྱུད། སོ་སོ་རང་ཉིད་ལ་བྱུང་བའི་སེམས་ཚོར་དང་རྩོམ་ཡིག་སྒྲོགས་སྦྱང་། རྒྱལ་ཞེན་གྱི་གླུ་གཞས་དང་གཏམ་བརྗོད་འཁྲབ་སྟོན། རི་མོ་འགྲེམས་སྟོན། རང་ངོས་ཀྱི་དམ་འབུལ་དང་མཚན་རྟགས་བསྡུ་རུབ་བཅས་གནང་སྟེ།  སློབ་མའི་མཚན་རྟགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་བྷེ་ཀེ་མོན་དང་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ལ་ཞུ་ཡིག་རེ་ཕུལ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་ཁབ་ཁག་ལྔའི་སྲིད་བློན་གྱི་མིང་ཐོག་ལའང་ཞུ་འབོད་ཡི་གེ་ཕུལ་ཡོད་པ་རེད།   

༼བོད་ལྗོངས་ང་ཚོའི་ཕ་ཡུལ༽ཞེས་པའི་བྱ་འགུལ་དེ་ནི། བོད་ཕྲུག་ཁྱིམ་སྡེའི་དམིགས་ཡུལ་བཞིའི་ཁྲོད་ཀྱི་གཅིག་ཡིན་ཞིང་། བྱ་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་ཡོང་ཐབས་ཡིན་པ་དང་།  འདི་ལོར་ངྷ་ཤོད་བོད་ཁྱིམ་སློབ་གྲྭས་སློབ་མ་ཚོར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དང་ཁ་ཆེམས་སྐོར་བདམས་ཏེ་ངོ་སྤྲོད་གནང་དགོས་དོན་ཡང་།  ༢༠༠༩ ལོ་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་རིགས་སྤུན་ཟླ་མང་པོས་རང་གི་རྒྱལ་ཁབ་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ། སོ་སོའི་རྙེད་དཀའ་བའི་ཚེ་སྲོག་བློས་བཏང་གནང་ཡོད་སྟབས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བག་མེད་སྣང་མེད་དུ་མི་འཇོག་པར། རང་ནུས་ཡོད་རྒུས་རྒྱལ་གཅེས་པ་ཁོང་ཚོར་རྒྱབ་སྐྱོར་བྱ་རྒྱུ་དང་། སློབ་མ་ཚོའི་ངོས་ནས་ཀྱང་རྒྱལ་གཅེས་པ་དག་གི་ཁ་ཆེམས་སློབ་སྦྱོང་དང་འབྲེལ་ཏེ། རང་སྐྱོན་ལེགས་བཅོས་དང་ཁས་ལེན་དམ་བཅའ་འབུལ་ཡོང་ཆེད་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག 

དེ་རིང་ཉིན་མཐའ་མར་ཉིན་འཛིན་རིམ་བཅུ་བ་བུམ་པའི་སློབ་མ་ཚོས། འཛིན་རིམ་དྲུག་པ་ནས་བཅུ་བའི་བར་གྱི་སློབ་མ་ ༤༨༠ ལྷག་གི་མཚན་རྟགས་བསྡུ་རུབ་དང་མཉམ་དུ། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། དེ་བཞིན། བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས། དེའི་ཐོག་བསམ་ཞིབ་བྱ་དགོས་པའི་ཞུ་ཡིག་ཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་བྷེམ་ཁེ་མོན་མཆོག་ལ་སློབ་མ་ ༩༠ ལྷག་གི་སྦྲགས་འཛིན་ (post card) དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་རེ་འབོད་ལ་ཞིབ་འཇུག་དང་བཅས་རྒྱབ་སྐྱོར་ཡོང་བའི་ཞུ་ཡིག་ཅིག་ཕུལ་ཡོད་ལ། དེ་བཞིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་གཟིགས་རྟོགས་ཡོང་ཆེད། འཛིན་རིམ་དགུ་བའི་སློབ་མ་ཚོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་ཞུ་ཡིག་ཅིག་དང་། འཛིན་རིམ་བརྒྱད་པའི་སློབ་མ་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་སྲིད་འཛིན། རྒྱ་ནག་སྲིད་འཛིན། དབྱིན་ལན་སྲིད་བློན། རྒྱ་གར་སྲིད་བློན་བཅས་ལ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྣམས་རྒྱ་ནག་གཞུང་གིས་རྩིས་མེད་ལྡོག་རོལ་གཏོང་བཞིན་པའི་སྙན་ཞུ་ཞིག་བཅས་སྦྲགས་ཁང་བརྒྱུད་ཕུལ་ཡོད་འདུག 

ཐེངས་འདིའི་བྱ་འགུལ་གྱི་བརྗོད་གཞི་དང་འབྲེལ་ཏེ་སློབ་མ་ཁག་ཅིག་ལ་བསམ་ཚུལ་བསྡུ་ལེན་བྱས་སྐབས། སློབ་མ་བསྟན་འཛིན་སྐལ་ལྡན་ལགས་ཀྱིས། “ ད་ལྟའི་བར་༼བོད་ལྗོངས་ང་ཚོའི་ཕ་ཡུལ༽ཞེས་པའི་བྱ་འགུལ་གྱི་བརྗོད་གཞི་རྣམས་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར་རེད། ད་རེབ་བརྗོད་གཞི་འདི་འདྲ་ཞིག་བདམས་པ་དང་སློབ་མ་རྣམས་ཀྱིས་རྩོམ་ཡིག་དང་རི་མོ་བྲིས་པ། རང་ངོས་ནས་དམ་བཅའ་ཕུལ་སོགས་བྱས་ཡོད་སྟབས། སྔར་དང་མི་འདྲ་བའི་སེམས་ཚོར་ཞིག་སྐྱེས་ཡོང་གི་འདུག  ལྷག་པར་དུ་རྒྱ་གཞུང་གི་དམ་དྲག་འོག་བོད་ཕྱི་ནང་གཉིས་སུ་བོད་མི་ ༣༩ ཡིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་བར་བློ་ཕམ་ཆེན་པོ་ཡོང་གི་འདུག  མ་འོངས་པར་སློབ་མ་ཚོའི་ངོས་ནས་སློབ་སྦྱོང་གི་ཞོར་དུ་སོ་སོའི་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་སོ་སོའི་ངོས་ནས་རང་ལུས་མེར་བསྲེགས་གཏོང་མི་ཐུབ་ཀྱང་། ང་ལ་མཚོན་ན་གནས་ཚུལ་འདིའི་རིགས་ཐོས་རྗེས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུའི་ཐད་སེམས་ཤུགས་བསླེབས་རྒྱུར་དམིགས་བསལ་ཕན་ཐོགས་ཆེན་པོ་འདུག ” ཅེས་བརྗོད་བྱུང་།

སློབ་མ་བསྟན་འཛིན་གསལ་སྒྲོན་གྱིས། “ བོད་ནང་ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས་རང་ལུས་མེར་བསྲེགས་བཏང་སྟེ། ཧ་ཅང་ཛ་དྲག་དང་ཚབས་ཆེའི་གནས་སྟངས་ཤིག་གི་འོག་ལྷག་ཡོད་པ་རེད། གནས་ཚུལ་དེ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱ་དགོས་ན་ཐོག་མར་སོ་སོས་ཤེས་རྒྱུ་གལ་ཆེན་པོ་རེད། ད་རེབ་ཀྱི་གོ་སྐབས་འདི་བརྒྱུད་དེ་ང་རང་གིས་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་གསལ་བོ་ཤེས་སོང་བ་མ་ཟད། ཁོང་རྣམ་པའི་ལོ་རྒྱུས་དང་ཞལ་ཆེམས་ཁག་ལ་སློབ་སྦྱོང་བྱེད་སྐབས་སེམས་ལ་ན་ཟུག་སྐྱེས་ཀྱི་འདུག ལུང་པ་གཞན་ལའང་དཔའ་བོ་མང་པོ་ཡོད་ཀྱང་། ང་ཚོ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དེ་ནི་འགྲན་ཟླ་མེད་པ་ཞིག་རེད་བསམ་བྱུང་། མ་འོངས་པར་སློབ་མ་ཚོས་ཁོང་རྣམ་པའི་ཁ་ཆེམས་ཤེས་རྟོགས་བརྒྱུད། སོ་སོ་བོད་པ་ཞིག་དང་རང་བཙན་མེད་པའི་རྒྱལ་ཁབ་ཅིག་གི་སློབ་མ་ཞིག་ཡིན་པ་ཤེས་པར་བྱས་ཏེ། དམིགས་བསལ་བོད་ཡིག་ཐོག་ཤུགས་རྒྱག་རྒྱུ་དང་། སོ་སོའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ། བོད་སྐད་གཙང་མ་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།

སློབ་མ་བསྟན་འཛིན་ནོར་འཛོམས་ཀྱིས། “ ད་རེབ་ཀྱི་བྱ་འགུལ་འདི་ལོ་སྔོན་མ་དག་དང་བསྡུར་ན་ཡག་པོ་འདུག གང་ཡིན་ཞེ་ན། ད་རེབ་ཀྱི་བྱ་འགུལ་འདིའི་ཐོག་ནས་སློབ་མ་ཚོས་རྒྱལ་ཞེན་གྱི་གླུ་གཞས་དང་གཏམ་བརྗོད། སོ་སོའི་བྲིས་པའི་རྩོམ་ཡིག་སྒྲོགས་སྦྱང་བྱས་ཏེ། སོ་སོའི་སེམས་ཚོར་བརྗོད་པ་དང་སེམས་ཤུགས་སྤར་ཡོད་ལ། བྱ་འགུལ་འདི་བརྒྱུད་དེ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མི་མང་པོ་ཞིག་གིས་མེར་བསྲེགས་བཏང་བའི་གནས་ཚུལ་གསལ་བོ་ཤེས་བྱུང་། ཡིན་ནའང་། ང་རང་གི་ངོས་ནས་གཞོན་སྐྱེས་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་པ་ལས་མུ་མཐུད་ཚེ་སྲོག་འཚོ་བསྡོད་གནང་ཐུབ་པ་ཡིན་ན་ཡག་པོ་འདུག་བསམ།  ཚེ་སྲོག་འཚོ་སྡོད་བྱས་པ་ཡིན་ན་མ་འོངས་པར་སོ་སོའི་དུས་སྐབས་ལ་བསླེབས་ཚེ་ལས་འགུལ་སྤེལ་རྒྱུའི་གོ་སྐབས་རེག་གི་རེད་བསམ་གྱི་འདུག ”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠

མཆན། 1

  1. མི་རྒོད། says:
    ལོ་ 14 སྔོན།

    རེད་ད་ བོད་ལྗོངས་ང་ཚོའི་ཕ་ཡུལ་རེད། སོན་རྩའི་ཆེད་བཏབ་པའི་བློ་གསར་བ་རྣམས་ད་རང་ནུས་ག་ཡོད་ཀྱིས་ཤེས་ཡོན་པ་འདབ་ཆགས་ཤོག་པ་གཉིས་ལྡན་ལ་འབད་པ་བྱེད་དགོས་པའི་དུས་ལ་བབ་ཤག། སློབ་སྦྱོང་ཡིག་ཚད་ཐུབ་ཙམ་ཞིག་བྱས། ་དེ་ནས་དངུལ་དམར་གསོག་སར་རྒྱུགས་འགྲོ་བའི་ལམ་ངན་དང་། མིག་ལྟོས་བག་ཆགས་ཡོངས་སུ་དོར་དགོས་ རང་ལ་རང་དབང་བྱུང་ཚེ་དངུལ་དམར་ང་ཚོས་བསྐྲུན་ཆོག་པ་རེད། ༧ མགོན་ཡིན་བཞིན་ནོར་བུས་སློབ་ཕྲུག་ཚོར་གནང་བའི་བཀའ་སློབ་དེ་ཁྱེད་ཚོ་ལ་ལམ་སྟོན་ནམ ལུང་བསྟན་་ལྷད་མེད་རེད ལམ་དེར་བསྐྱོད་རོགས་ཞུ།། ད་ལམ་གང་བྱུང་གི་ཅི་མི་ཕན་ནོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese