མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་མངས་བཀོལ་སྤྱོད་ཀྱི་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ཁལ་མུག་སྲིད་འཛིན་ཟུར་པ་གཉིས་ཀྱིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་མིག་མངས་བཀོལ་སྤྱོད་བྱ་རྒྱུའི་ཐད་མཚན་རྟཊ་བཀོད་འདུག

མིག་མངས་རྩེད་རིགས་ཀྱི་ལམ་ནས་སློབ་མིའི་རིག་པ་ཇེ་སྐྱེན་དུ་བཏང་སྟེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཆེད། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གངས་སྐྱིད་བཀའ་ཤག་ཐོག་ཁང་གཞུང་ལས་ཁང་དུ། དབུས་བོད་མིའི་སྒྲིག་འཛུཊ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། ཁལ་མུག་སྲིད་འཛིན་ཟུར་པའམ་རྒྱལ་སྤྱིའི་མིག་མངས་ (World Chess Federation) རྩེད་མོའི་མཐུན་ཚོགས་ཚོཊ་གཙོ་སྐུ་ཞབས་ཀིར་སན་ཨིལ་ཡུམ་ཛི་ནོབ་(Kirsan IIyumzhinov) མཆོག་གཉིས་བར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་མིག་མངས་བཀོལ་སྤྱོད་གནང་རྒྱུའི་ཐད་ཀྱི་གྲོས་ཆོད་ཅིག་བཞག་སྟེ་མཚན་རྟགས་བཀོད་ཡོད་འདུག

མིག་མངས་བཀོལ་སྤྱོད་ཀྱི་གྲོས་ཆོད་དེའི་དོན་ཚན་ཁག་ཏུ། གཅིག སྒྲིག་འཛུགས་གཉིས་བར་མཐུན་འབྲེལ་ལས་འཆར་གྱི་སྒྲོམ་གཞི་གཏན་འབེབས་བྱ་རྒྱུ། གཉིས། ཕྱོགས་གཉིས་ཀའི་དམིགས་ཡུལ་དོན་འཁྱོལ་ཡོང་བར་ལས་འཆར་གྱི་སྒྲོམ་གཞིའི་ཐོག་མཉམ་རུབ་བྱ་རྒྱུ། གསུམ། ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཐོག་ཕྱོགས་གཉིས་ནས་ཧུར་སྐྱེད་ཀྱིས་འབད་བརྩོན་ཞུ་རྒྱུ། བཞི། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལམ་ལུགས་ནང་མིག་མངས་རྩེད་རིགས་བཞག་སྟེ་སློབ་ཕྲུག་ཚོའི་ཁྲོད་མིག་མངས་རྒྱ་ཁྱབ་ཏུ་སྤེལ་རྒྱུ། ལྔ། སློབ་གྲྭ་དང་སློབ་ཕྲུག་ཕན་ཚུན་བར་མིག་མངས་རྩེད་རིགས་འགྲན་བསྡུར་གོ་སྒྲིག་བྱ་རྒྱུ། དྲུག གྲོས་མཐུན་འདི་མ་འོངས་པར་ཕྱོགས་གཉིས་ཀྱི་ལས་གཞི་ཆེ་རུ་གཏོང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་ངོས་འཛིན་ཞུ་རྒྱུ། བདུན། སློབ་གྲྭའི་ནང་མིག་མངས་རྩེད་རིགས་དངོས་སུ་ལག་བསྟར་ཐུབ་ཆེད་ཕྱོགས་གཉིས་ཀྱིས་ཕན་ཚུན་མཐུན་འགྱུར་ཞུ་རྒྱུ། བརྒྱད། ད་ལོའི་སློབ་དུས་གསར་པའི་སྐབས་སུ་སློབ་གྲྭ་ཁག་གི་ནང་མིག་མངས་རྩེད་རིགས་ལ་དོ་སྣང་ཡོད་མཁན་ཚོར་སློབ་ཁྲིད་དངོས་སུ་མགོ་འཛུགས་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༢༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 7

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    མི་དམངས་རྩེད་མོ་དེ་རྒྱལ་སྤྱིའི་རྩེད་མོའི་ཁུངས་སུ་ཡོད་པ་ཤེས་ཡང་། རྒྱལ་སྤྱིའི་རྩེད་མོ་དང་ཆབ་སྲིད་གཉིས་ལྷན་ཅིག་ཏུ་མི་རྩེ་བར་རྩེད་མོ་རྩེད་མོ་དང་། ཆབ་སྲིད་ཆབ་སྲིད་ཀྱི་ཁུངས་སུ་གཏོགས་ནས་རྩེད་སྲོལ་ཡོད་པ་འཛམ་གླིང་སྤྱི་ལུགས་ཡིན་ནའང་། ང་ཚོ་བོད་ནི་དེ་དང་མི་འདྲ་བར་རྩེད་མོ་དེ་ཆབ་སྲིད་ལས་ལྷག་པའི་མཐོངས་ཆེན་དུ་གཙིས་ཏེ་རྩེད་མོ་ཞེ་ཅིག་རྩེ་བས་རྒྱུ་ལས་འབྲས་བུ་རང་བཙན་ཤོར་བ་འདི་ཉིད་བྱུང་བ་ཡིན་པ་རྒྱུན་མཚན་དུ་བྱས་ནས་ལྷག་པས་བསམ་པས་བསྐུལ་བའི་ཞེན་བསྐུལ་ཙམ་ཡིན།

    Reply
  2. ཤིག། says:
    ལོ་ 14 སྔོན།

    མིག་མངས་རྩེ་མོ་དེ་བོད་ཕྲུག་ཚོར་ཪིག་པར་ཕན་རྒྱུ་ལས་གོང་དུ་འབྲོང་བུ་སོག་ཚ་ལགས་ཀྱི་བཤད་པའི་རྒྱ་མི་མ་བྱང་ལྟ་བུ་མིན་པས་བཀའ་ཁྲི་མཆོག་གྱི་གསར་བསྟོད་མཛད་པ་བསྔགས་པའོ། དེ་ཡང་མིག་མངས་རྩེད་མོ་དེ་ང་ཚོས་ཅིག་པུ་མིན་པ་རྒྱ་སྤྱི་ནང་རྩེ་གསོལ་ཆེན་པོ་ཡོད་པའི་དེར་འགག་པ་བྱེད་མཁན་ནི་མཐོང་རྒྱ་དང་ཐོས་རྒྱ་མེད་པ་ཞིག་ལ་ངོས་འཛིན་དགོས་སོ།

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་ཤེས་ཡོན་གལ་ཆེན་དུ་བརྩི་སྟངས་ཁྲོད་མིག་མངས་ཀྱང་ཚུད་ཡོད་པ་འདྲ། དེ་ནས་རིམ་གྱིས་ཤོག་རྩེད་དང་། ཞབས་བྲོ། ཤོ་རྒྱན་འཇོག་སྟངས་སོགས་ཀྱང་སློབ་ཚན་གྲས་སུ་རྒྱ་ཁྱབ་ཏུ་འཇོག་རྒྱུ་ཡིན་པ་འདྲ། མཐར་བོད་ཚོགས་ཀྱི་ཤེས་ཡོན་སྲིད་ཇུས་དེ་དག་རྩེད་རིགས་རྐྱང་བར་བསྒྱུར་ན་་་་་་་་་་

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོ་ཐུགས་གཟབ་མཛད་རྒྱུ་མ་བརྗེད། བྱ་སྔ་མ་ཤི་བའི་རོ་ལ་ལྟོས་ཟེར་བའི་དཔེ་བཞིན། རང་རེ་གངས་ཅན་མེ་པོར་རློམས་པའི་སྐུ་དྲག་ཚོ་ལ་རྒྱ་མིས་མ་རྒྱང་བསླབ་ནས་མཐའ་མ་འཛིན་སྐྱོང་སྡེ་ཚན་ནང་གི་སྐུ་དྲག་ཚོའི་སྐུ་རྩེད་ཞེ་ཅིག་བསྐྱོན་ནས་བོད་དེ་རྒྱ་ལག་ཏུ་ཤོར་བ་དང་། ད་ལན་ཡང་མི་དམངས་རྩེད་མོ་འདི་ཡི་ང་ཚོའི་བཀའ་བློན་དང་ལས་བྱེད། དེ་བཞིན་ཤེས་ཡོན་ཅན་རྣམས་ལ་དུས་ཚོད་གཉེན་ཕྲན་འདི་ལྟ་བུ་ཞིག་གི་ནང་དུ་རྣམ་གཡེང་གི་གོ་སྐབས་གསར་པའི་སྐྱེད་ཞིག་ཕུལ་བ་མིན་ནམ་སྙམ་པས་དེ་དོན་ཡིད་གཟབ་གྱིས། ཞེན་བསྐུལ་ཙམ་ཡིན།

    Reply
  5. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    སློབ་གྲྭའི་ནང་སློབ་ཚན་སྣེ་མང་གསར་གཏོད་དང་སྣོན་འཕྲི་གནང་བར་ལེགས་པའི་གནས་སུ་འོས་ཀྱང་རྩ་བ་བོར་ནས་ཡལ་ག་འཛིན་པའི་དཔེ་ལྟར་མ་སོང་བ་གནང་རྒྱུ་ཤིན་ཏུ་གལ་ཆེ། གང་ཡིན་ཟེར་ན་ད་ཡོད་སློབ་ཚན་རྣམས་ནི་བོད་ཀྱི་རྩ་དོན་སོགས་ཆེད་དང་མ་འོངས་བོད་ཀྱི་མདུན་ལམ་སླད་ཁ་ཚ་དགོས་གཏུགས་ཤ་སྟག་ཡིན་པས་དགོས་པ་ཆེས་མེད་པའི་རྩེད་རིགས་སོགས་ཀྱིས་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་གནང་རོགས་ཞུ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཡག་པོ་རེད་་་་སློབ་སྦྱོང་སྤྲོད་སྟངས་ལ་ཐབས་ལམ་འདྲ་མིན་སྤྱད་རྒྱུ་ཧ་ཅང་གལ་ཆེན་རེད་་་་་
    རྗེས་མར་ངས་ཏཱ་སི་རྩེད་རྒྱུའི་མཚན་རྟགས་བསྡུ་ཨེ་ཐུབ་བལྟ་དགོས་་་

    Reply
  7. མི་ཆུང་། says:
    ལོ་ 14 སྔོན།

    ཁལ་མུག་སྲིད་འཛིན་ཟུར་པས་ང་ཚོར་མིག་མངས་སློབ་ན། ང་ཚོས་ཕར་ཤོ་སློབ་ཆོག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese