མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མས་བུ་བཙལ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ཕུར་བའི་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་ས་གནས་བུད་མེད་ལྷན་ཚོགས་ཀྱིས་༼ ཨ་མས་བུ་བཙལ་བ ༽ཞེས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གསལ་འདོན་བྱ་དགོས་པའི་འབོད་སྐུལ་གནང་སོང་།

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བཀོད་ཁྱབ་གཞིར་བཟུང་། དྷ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༼ ཨ་མས་བུ་བཙལ་བ ༽ཞེས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ། རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡང་སྙིང་གང་དུ་བཞུགས་ཡོད་མེད་དང་། ཁོང་གི་སྐུ་གཟུགས་དང་སློབ་སྦྱོང་གི་གནས་བབ་ག་འདྲ་ཡིན་མིན་གསལ་བོ་བཟོ་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། དེ་བཞིན། ས་གནས་ཁག་གཞན་དག་ཏུའང་གཅིག་མཚུངས་ཀྱི་སྒོ་ནས་ལས་འགུལ་སྤེལ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ ཉིན་ནི་རྒྱ་གཞུང་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༡༧ འཁོར་བའི་ཉིན་མོ་ཡིན་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ས་གནས་ཁག་སོ་སོའི་ནང་མཚན་རྟགས་བསྡུ་རུབ་བྱས་རྗེས། རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་ཀྲུའུ་ཝེ་ཆོན་ལ་སྦྲགས་ཁང་བརྒྱུད་བཏང་སྟེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་ཀྲོལ་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན་འདུག  

དེ་བཞིན། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པད་མ་འཕྲིན་ལས་བརྒྱུད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་འཚམས་འདྲིའི་ཤོག་བྱང་ཞིག་ཀྱང་བསྐུར་རྒྱུ་ཡིན་པ་དང་། ཤོག་བྱང་དེའི་སྟེང་༸གོང་ས་མཆོག་གིས་བོད་རང་གི་སྔར་སྲོལ་སྤྲུལ་སྐུ་ངོས་འཛིན་ཞུ་སྟངས་ཀྱི་ལམ་ནས། ༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་ངོས་འཛིན་གནང་པའི་རྗེས། ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༡༧ འགོར་ཡོད་པ་དང་། དུས་ཡུན་དེའི་རིང་བོད་ཀྱི་ཨ་མ་ཚོས་རང་གི་བརྩེ་བའི་བུ་ཆུང་དྲན་པའི་གདུང་བའི་མིག་ཆུ་མཚམས་ཆད་མ་མྱོང་ལ། བུ་ཆུང་ཁྱེད་ད་སྐབས་ས་གནས་གང་དུ་ཇི་ལྟར་བཞུགས་ཡོད་མེད་དང་། བོད་ཀྱི་ཨ་མ་ཚོས་ཉིན་མཚན་དུས་དྲུག་ལ་ཁྱེད་ཉིད་དྲན་པའི་གདུང་བས་མནར་བཞིན་ཡོད་པས། བརྩེ་བའི་བུ་ཆུང་ཁྱེད་དང་མགྱོགས་པོར་མཇལ་བའི་སྨོན་ལམ་གསོལ་འདེབས་གནང་གི་ཡོད་ཅེས་འཁོད་དེ། ཤོག་བྱང་དེ་ཁོང་གི་ཕྱག་ཏུ་སོན་ཐུབ་པའི་རེ་བ་རྒྱག་གི་ཡོད་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་། དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་པའི་དམར་ཤོག་དྲུང་ཆེ་གཞོན་པ་པད་མ་འཕྲིན་ལས་སོགས་ནས། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་རྣམས་བདེ་འཇགས་ངང་འཚོ་བ་རོལ་བཞིན་ཡོད་ཚུལ་བརྗོད་ཡོད་ཀྱང་། ད་ལྟའི་བར་ཁོང་གི་གྲིབ་མ་ཙམ་ཡང་བོད་མིའི་མདུན་དུ་གསལ་སྟོན་བྱས་མེད་པར་བརྟེན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད་ངེས་པར་གསལ་འདོན་དགོས་པ་ནན་བརྗོད་བྱས་འདུག 

 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༡༩ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

མཆན། 2

  1. ལུང་རྟོགས། says:
    ལོ་ 14 སྔོན།

    བུད་མེད་ལྷན་ཚོགས་ཀྱིས་ཨ་མས་བུ་བཙལ་བའི་ལས་འགུལ་ལས། ཨ་མས་བུ་བཙའ་བའི་ལས་འགུལ་ཞིག་སྤེལ་ཐུབ་ན་བཟང་།

    Reply
  2. ཟུར་ཁང་དབང་ཆེན་དགེ་ལེགས། says:
    ལོ་ 14 སྔོན།

    བེུད་ཚོགས་པའི་ད་ཐེངས་ཀྱི་ལས་འགུལ་འདི་བཞིན་སྔོན་མ་བཀའ་ཁྲིའི་ཚོད་ལྟའི་འོས་ཤོག་བསྡུ་བ་བཞིན་མ་ཡིན་པའི་རེ་སྐུལ་ཞུ་བཞིན་ཡོད། ཁོ་བོས་ནང་རྒྱུན་བེུད་ཚོགས་པའི་ལས་འགུལ་ལ་མཉམ་བཞུགས་དང་ཡིད་ཆས་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཚོས་བཀའ་ཁྲིའི་ཚོད་ལྟར་འོས་ཤོག་དེས་ང་སེམས་གཏིང་ནས་ཞེན་པ་ལོག་བཅུག་སོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese