མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་མཚམས་གཙང་མ་འབྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་ནང་། བཙན་བྱོལ་བོད་མིའི་ལས་ཟུར་དང་ལས་ཐོག་གནད་ཡོད་མི་སྣ་སྐོར་ཞིག་ས་གནས་ཁག་ནང་ཆེད་དུ་གདན་འདྲེན་གྱིས་མི་མང་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་གསལ་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་མགོ་འཛུགས་ཀྱིས་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ས་གནས་ཁག་ཅིག་ནང་སྐོར་སྐྱོད་གནང་བཞིན་ཡོད་འདུག་ལ། ཕྱི་ཚེས་ ༢༠ ཉིན་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་འབྱོར་ཏེ། ས་གནས་གྲོས་ཚོགས་འཐུས་མིའི་ཚོགས་ཁང་དུ་སེར་སྐྱ་མི་མང་ལ་བཀའ་སློབ་གནང་ཡོད་འདུག

སྐབས་དེར་བཀའ་ཟུར་དང་མདོ་སྨད་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དབུ་མའི་ལམ་གྱི་ནང་དོན་ཁག་གི་ཐད་གསལ་བཤད་དཔེ་མཚོན་དང་བཅས་བོད་ཀྱི་དོན་ལྔ་སྣོད་དྲུག་ལྟ་བུའི་སྐད་ཡིག་རིག་གནས་སོགས་ཉམས་པ་ཡིན་ན། ང་ཚོའི་འཐབ་རྩོད་དང་ང་ཚོ་འཇིག་རྟེན་འདིར་གསོན་གནས་བྱེད་པ་ལའང་ཕན་རླབས་མེད་སྟབས། དབུ་མའི་ལམ་ནས་དངོས་ཡོད་དང་མཐུན་པའི་བོད་ཀྱི་འཚོ་གནས་ཐག་གཅོད་བྱ་ཕྱོགས་རྒྱ་ནག་གཞུང་ལ་ཕུལ་བའི་རང་སྐྱོང་གི་༼ བསམ་འཆར ༽ནང་དུའང་གནད་དོན་དེ་རྣམས་གསལ་ཞིང་གསལ་བ་འཁོད་ཡོད་པ་སོགས་གསུངས།

བཀའ་ཟུར་མཆོག་གིས་གསུངས་དོན” ང་ཚོ་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་སྐབས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་དོན་དང་ཚོགས་འདུ་ལ་འགྲོ་ཡི་མིན་ཞེས་ཐག་བཅད་པ་རེད། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་འདུ་ལ་ཤོག་གསུངས་དུས་བཅར་བསྡད་པ་རེད། དེ་ལྟ་བུའི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་དང་ལས་དོན་ཚང་མ་གཞུང་དང་གཅིག་པ་ཆགས་བསྡད་ཡོད་པ་རེད། དེ་མིན་ལངས་ཕྱོགས་ཁ་ཁ་ཡིན་པ་དེ་འདྲ་ལ་འགྲོ་ཡི་ཡོད་པ་མ་རེད། ལངས་ཕྱོགས་ཁ་ཁ་ཆགས་ཀྱི་ཡོད་པ་རེད། ལངས་ཕྱོགས་ཁ་ཁ་ཡིན་དུས་བཅར་པ་ཡིན་ན་ཉ་ཉུང་མཉམ་བསྲེས་ཆགས་ཀྱི་ཡོད་སྟབས། དེར་ལངས་ཕྱོགས་དང་ལྟ་བ་ལོགས་སུ་མེད་པ་ལྟ་བུ་ཞིག་རང་བཞིན་གྱིས་ངོས་འཛིན་གནང་གི་རེད། དེ་ཡིན་དུས་ལངས་ཕྱོགས་ལྟ་བའི་ས་མཚམས་གཙང་མ་འབྱེད་ཐུབ་པ། གཉིས་ནས་རྒྱ་ནག་གཞུང་ནས་བལྟ་བའི་སྐབས་སུའང་གཙང་མ་ཞིག་མཐོང་ཐུབ་པ། ལབ་ཡ་མེད་པ་ཞིག་ཆགས་དགོས་ཀྱི་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་བལྟ་སྐབས་ཉ་ཉུང་མཉམ་བསྲེས་ལྟ་བུར་མཐོང་གི་ཡོད་སྟབས། ༧གོང་ས་མཆོག་གིས་ཞལ་ཞེ་གཉིས་མེད་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་དང། གཞུང་ནས་རྒྱ་ནག་གཞུང་ལ་༼བསམ་འཆར ༽སྤྲད་པ་ཡིན་ནའང་། ད་དུང་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་ལབ་བསྡད་ཡོད་པ་རེད། དེར་བརྟེན། དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་ན་རང་རང་སོ་སོ་མཉམ་ཞུགས་གནང་སའི་ལས་འགུལ་རྣམས་མ་ནོར་བ་བྱ་དགོས་པ་རེད“ཅེས་སོགས་གསུངས་ཡོད་འདུག  

མཇུག་མཐར། དབུ་མའི་ལམ་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་གྱིས་གསུང་རྒྱུར” ང་ཚོ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་ཀ་མང་དུ་གཏོང་བ་སོགས་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་ལས་དོན་དེ་འདྲ་མིན་པར། དབུ་མའི་ལམ་གྱིས་འཇིག་རྟེན་སྤྱི་ཡོངས་དང་བོད་ཀྱི་རྩ་དོན་ཐད་ནུས་བ་འདོན་ཕྱོགས་རང་དབང་གིས་ཤེས་རྟོགས་ཚད་མཐོར་སླེབས་པ་ཡིན་ན། མི་མང་ལ་ད་དུང་སྔར་ལས་ལྷག་པའི་ཡང་དག་པའི་ལངས་ཕྱོགས་འཛིན་རྒྱུའི་རང་ཚུགས་བརྟན་པོར་ཆགས་ངེས་པས། མི་མང་གོ་རྟོགས་ཐད་ལ་སྲི་ཞུ་སྒྲུབ་རྒྱུ་དེ་ཡིན་“ཞེས་གསུངས་བྱུང་།  

ཉིན་རྒྱབ་མན་སྤར་ས་གནས་གཞིས་མགོ་དང་གཞིས་ལས་ཁང་གི་ལས་བྱེད། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་གཞན་ཡང་བརྒྱ་དཔོན་བཅས་གནད་ཡོད་མི་སྣར་ཟུར་མཇལ་གྱིས་ད་ལྟའི་བོད་ཀྱི་གནས་སྟངས་དང་། དབུ་མའི་ལམ་ནས་བོད་ཀྱི་བདེན་མཐའ་སེལ་ཕྱོགས་བཅས་ལ་གྲོས་བསྡུར་དང་དྲི་བ་དྲིས་ལན་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 8

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཧ་ཧ་ཧ། ངོ་ཚ་མེད་པའི་རང་སྣང་མཐོ་བ་ལ། རང་ཉིད་རྨོངས་བཞིན་གཞན་ལ་གོ་རྟོགས་སྤེལ་བ་འདི་ལོང་བའི་ལམ་འཁྲིད་བྱེད་པ་དང་མཚུངས། གཙོ་བོ་བསྟེན་པས་དམ་པ་ཐོབ། དམན་པ་བསྟེན་པ་མི་དག་ཉམས། 
    གསུང་པ་ལྟར་མི་དམངས་དབུ་མའི་ལས་འགུལ་ཁང་ཟེར་བ་འདིས་མི་དམངས་ལ་གོ་རྟོགས་སྤེལ་བའི་ལས་འགུལ་འདི། མི་དམངས་ལ་རྨོངས་ཞྭ་གཡོགས་ཏེ་ལོག་ལམ་དུ་འཁྲིད་འདོད་མིན་ན་ཅི་ཡིན། མི་དམངས་ལ་ཁྱོད་ཚོ་འདྲ་བོ་ཞིག་གིས་གོ་རྟོགས་སྤེལ་དགོས་པར་མ་མཐོང་། ༧ གོང་ས་ཡིད་བཞིན་ནོར་བུའི་སྐྱབས་འོག་ནས་ད་བར་དུ་རང་གཞུང་ལ་རྒྱབ་སྟོན་དགྲ་བོ་ལ་མདུན་སྟོན་མཁན་དགྲ་དགའ་གཉེན་སྡུག་བྱ་ངན་སྤེལ་མཁན་ཁྱེད་ཅག་ལྟ་བུ་བྱུང་མྱོང་མེད། བཙན་བྱོལ་རང་གཞུང་ནས་ཉེས་ཅན་ལ་ཁྲིམས་གཅོད་གཏོང་ས་མེད་པས། གང་འདོད་ཅི་འདོད་བྱེད་ཀྱིན་འདུག གཏམ་དཔེར། སྐྲག་ས་མེད་པའི་གོར་བ་ལ། གཅེར་བུར་ཡར་འཁྱམས་མར་འཁྱམས། ཟེར་བ་ལྟར་བྱེད་ཀྱིན་འདུག་གོ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཅི་ཟེར་ངས་ཧ་གོ་མ་སོང་། དག་ཆ་དེ་འདྲ་སུའི་འབྲི་སྲོལ་རེད།

    Reply
  3. བསོད་ནམས says:
    ལོ་ 14 སྔོན།

    ད་ག་རེ་ཡིན་ན་སྤྱི་ཚོགས་ནང་ལ་ཀྲོག་གཏམ་མ་གཤད་ན་ཡག་གིས་རེད། བཀའ་བློན་ཁྲི་བས་ཐང་མིང་གསུངས་ཡོད་རེད་དེ་རིང་གཞོན་ནུས་ལས་འགུར་དཔེར་གིས་ཡོད་ན་དེ་ལ་རོག་འདག་དང་སང་ཉིན་དེ་མིན་ཚོགས་པ་ཞིག་གིས་ལས་འགུར་དཔེར་གིས་ཡོད་དེ་ལ་རོགས་འདག་བྱས་ན་ང་ཚོ་སྡོག་ཙ་གཅིག་སྦྲེར་ཡོང་གིས་རེད་གསུངས་སོང་བ།

    Reply
  4. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    མི་མང་གི་རྒྱབ་སྐྱོར་སུ་དང་གང་ལའང་དགོས་པས། ཐུབ་ཁུག་གཉིས་ཁ་བཙུམ་ན་ཡག་ཤེས་རེད། གོང་ས་མཆོག་གི་དགོས་གཞིན་ཡོན་གཞི་བྱེས་ཚང་མས་མི་ལོ་༢༥་ཙམ་གྱི་གོང་ནས་གཙང་མཁྱེན་བྱུང་ཡོད་པ་ཀུན་ཤེས་རེད། འདོད་པ་ཡིད་མེད་ལོག་ཁ་ཡིན་པར་ཐུབ་ལོང་གཉི་ག་རྨོངས་པ་རེད་མ་གཏོགས
    སྔོན་ཆད་གཞིས་མགོ་དང་སྣེ་མོ་བ་འགས་རང་བཙན་ཆེད། གོང་ས་མཆོག་གི་དགོངས་གཞི་འགལ་འདོག་གིས། མི་དང་མི་མང་ འབུར་འཇོམས་བྱས་པའི་སྐྱག་ཇུས་ངའི་གཞི་ཆགས་སུ་གཡུག་རོགས་ཞུ

    Reply
  5. བུ་ཡུག says:
    ལོ་ 14 སྔོན།

    རྭི་བོང་གནམ་ལྡིབ་གི་སྡུག་བསྔལ་རེད། བདེན་རྒྱལ་ཟེར་བའི་དྲ་འབུ་འདིས་བཤད་སྟངས་ལ་ལྟོས་དང། བཙན་བྱོལ་ན་ཡོད་པའི་ཉུང་ཤེས་ཞིག་རེད་ཞེས་པ་འདི་རྒྱ་དམར་གཞུང་གི་བཤད་སྟངས་རེད། བཤད་སྟངས་འདི་ལ་ལྟོས་ཡོང་དུས་བདེན་རྒྱལ་ཟེར་བ་འདི་དགྲ་བོ་ཚང་གི་ངོ་སོ་ལྟ་མཁན་ཞིག་ཡིན་པས་ཚོར་བ་ངང་གིས་འཁོར་གྱི་འདུག།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་གཞི་ལུས་མི་མང་གི་སྙིང་སྟོབས་དང་ཆོད་སེམས་མི་རིགས་ཀྱི་ལར་ཞེན་ལ་བསམ་དུས་དངོས་གནས་གསེར་གྱི་ཡིག་འབྲུ་འབྲི་འོས་པ་ཞིག་རེད།
    འོན་ཀྱང་རྡ་ས་དང་བཙན་བྱོལ་ནང་གི་མི་ངན་འདི་ཚོས་ནང་ཁུལ་རྐྱང་རྐྱང་དཀྲུགས་རེས་བྱ་ཡོང་དུ་དངོས་གནས་བློ་ཕམ་ཡོད།
    འདི་ཚོས་རྒྱ་དར་བོད་དར་གང་བཤད་ཀྱང་རང་དོན་མ་གཏོགས་མ་གཏོགས་སྤྱི་དོན་ཞིག་གཏན་ནས་མེད་པ་སྔ་མོ་ནས་ཤེས་ཚར་བ་ཡིན། ཨ་ཁ་་ཁ་་་ད་མི་ངན་རེ་ཟུང་གིས་རྡ་སའི་སྒྲིག་འཛུགས་འདི་ཕར་འཐེན་ཚུར་འཐེན་བྱས་ནས་ལྟ་ས་མེད་པ་བཟོས་སོང་།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཨ་ཨ། ཐུབ་ལུང་འདིས་བརྗོད་གསལ་ལྟར་ན་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བེད་སྤྱོད་བཏང་བ་དང་ཐེ་ཇུས་བྱས་འདུག་ག། བྱས་ན་ཆབ་སྲིད་རིག་པའི་གཞུང་ལུགས་དང་འགལ་བ་རེད། ད་ཡིན་ན་ལྟད་མོ་ག་ལེར་མཐོང་གི་རེད་དོ། ཧ་ཧ་ཧ་ཧ།

    Reply
  8. བདེན་རྒྱལ། says:
    ལོ་ 14 སྔོན།

    ཡ་ཡ་ད་ཁྱེད་རང་ཚོས་དབུ་མ་ལམ་ཡག་རབསའབྲེལ་་བཤད་ཡག་པོ་ཞིག་རྒྱབ་ཡ། དབུ་མའི་ལམ་དེ་ཁས་མ་ལེན་མཁན་དེ་རྒྱ་མི་དམར་པོའི་གཞུང་དེ་མ་རེད། རྒྱ་གར་ནང་དུ་ཡོད་པའི་བོད་མི་མྱུང་ཤས་དེ་ཚོ་རེད། ཁྱེད་རང་ཚོ་ལ་དངུལ་ཏོ་ཙམ་རག་ཀྱི་རེད་ལ་ཁྱེད་རང་ཚོ་གྲོད་པ་དེ་ཡང་རྒྱངས་ཐུབ་ཀྱི་རེད། མུ་མཐུད་དེ་ས་ཆ་གངས་སར་སོང་ཡ། དབུ་མའི་ལམ་གྱི་ལས་ཁུངས་ཁང་ཐོག་དེར་དཀར་ལྔའི་དར་དམར་ཞིག་བསྒྲེངས་ན་ཡག་གི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese