མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཕོད་ཚེ་བརྟན་སྒྲོལ་དཀར་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ང་ཕོད་ངག་དབང་འཇིགས་མེད་ཀྱི་སྐུ་ཟླ་ང་ཕོད་ཚེ་བརྟན་སྒྲོལ་དཀར་ལགས་སུ་སྙུང་གཞི་ཞིག་གི་དབང་གིས་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧།༢༥  སྟེང་པེ་ཅིན་དུ་སྐུ་གྲོངས་ཡོད་ཅིང་། ཁོང་མོ་ད་ཆར་དགུང་ལོ་ ༩༧ ཡིན་འདུག

ཕྱི་ཚེས་ ༢༨ ཉིན་པེ་ཅིན་གསར་བརྗེའི་སྤྱི་བའི་བང་སོའི་ཚོགས་ཁང་དུ་མྱ་ངན་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཏེ། རྒྱ་ནག་གི་རྒྱལ་དར་གྱིས་གཡོག་པའི་ཁོ་མོའི་སྐུ་ཕུང་མདུན་དུ། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཅ་པའོ། ཝུའུ་པང་གོ ཅ་ཆེ་ལིན། ཞི་ཆེན་ཕིན། ཧི་ཀའོ་ཆང་། ཀྲུག་ཡུང་ཁཱང་། ལི་ཁྲང་ཁྲོན་བཅས་རྒྱ་ནག་གཞུང་གི་ཆེས་མཐོའི་མགོ་ཁྲིད་རྣམ་པས་སྣེ་དྲངས་ཏེ། མྱ་ངན་གྱི་མེ་ཏོག་སྒྲོན་འབུལ་དང་འདས་པོའི་ནང་མིར་སེམས་གསོ་བྱས་ཡོད་སྐོར་བཀོད་འདུག

རྒྱ་གཞུང་གི་གསར་འགྱུར་ནང་། “བློ་མཐུན་ང་ཕོད་ཚེ་བརྟན་སྒྲོལ་དཀར་ལགས་ཀྱིས་ཏང་གི་མགོ་ཁྲིད་དང་ལེན་ཞུས་ཤིང་། གསར་བརྗེའི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཏེ། བོད་ཞི་བའི་བཅིངས་འགྲོལ་གྱི་ཐོག་མའི་དུས་སུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་རྒྱལ་གཅེས་ལངས་ཕྱོགས་མཐའ་འཁྱོངས་དང་། “གྲོས་མཐུན་དོན་ཚན་བཅུ་བདུན” ལ་བརྩི་བཀུར་མཐའ་གཅིག་ཏུ་གནང་ཡོད། དེ་བཞིན། ལྷ་སའི་ཟིང་ཆའི་དོན་རྐྱེན་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན། ལྷ་སའི་ “3.14” རྡུང་གཅོག་འཕྲོག་བསྲེཊ་གཏུམ་སྤྱོད་སོཊ་ལ་རྣམ་འགྱུར་བརྟན་པོ་དང་། ལངས་ཕྱོགས་རྒྱུན་འཁྱོངས་གནང་ཡོད་པ་མ་ཟད། ཏཱ་ལའི་རུ་ཚོགས་དང་རྒྱལ་སྤྱིའི་ཐོག་གི་ཀྲུང་གོར་ངོ་རྒོལ་བྱེད་མཁན། ནང་ཁུལ་གྱི་ཁ་བྲལ་བྱེད་སྤྱོད་སོགས་ལ་སུན་འབྱིན་དགག་རྒྱག་གནང་ཡོད” ཅེས་བཀོད་འདུག

ང་ཕོད་ཚེ་བརྟན་སྒྲོལ་དཀར་ལགས་ནི་ཕྱི་ལོ་ ༡༩༡༥ ལོའི་ཕྱི་ཟླ་ ༩ པར་ལྷ་སའི་གཡུ་ཐོག་ཁྱིམ་རྒྱུད་དུ་སྐྱེས་ཤིང་། ༡༩༥༣ ལོའི་ཕྱི་ཟླ་ ༣ པའི་ནང་ལྷ་ས་གྲོང་ཁྱེར་རྒྱལ་གཅེས་བུད་མེད་མཐུན་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ ༡༩༥༤ ལོར་ཚོགས་གཙོ། ༡༩༥༩ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ༡༩༧༨ ལོ་ནས་བཟུང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་གནང་ཡོད་ཅིང་། ༢༠༠༣ ལོར་ལས་འཁྱུར་ངལ་གསོ་བྱས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢༡ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 12

  1. ནད་པ says:
    ལོ་ 14 སྔོན།

    སྐུ་གཟེགས་དམ་པ་ང་ཕོད་ངག་དབང་འཐིགས་མེད་མཆོག་དང་ཁོང་གི་སྐུ་ཟླ་ང་ཕོད་ཚེ་བརྟན་སྒྲོལ་དཀར་ལགས་རྣམ་གཉིས་ད་ཆ་སྐུ་གྲོངས་པར་མྱ་ངན་མ་ཞུ་ཀ་མེད་ཆགས་སོང་།

    སྔ་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲི་ཞུ་མཁན་གྱི་མི་འདི་ཚོའི་དཔར་རིས་མཇལ་བ་ཙམ་གྱིས་སྐྱེ་བོ་གཞན་ལས་ཆེས་བསོད་ནམས་དང་གཟི་བརྗིད་ལྡན་པ་ཞིག་རང་བཞིན་གྱིས་མངོན་བཞིན་འདུག

    ཆབ་སྲིད་པའི་ཐོག་ནས་བརྗོད་ན། སུན་ཙེའི་དམག་སྟོན་བསྟན་བཅོས་ལྟར། རང་གཞན་གཉིས་ཀའི་ཚུལ་རྟོགས་ན། ལན་བརྒྱར་འཐབ་ཀྱང་ཕམ་མི་འགྱུར། ཟེར་བ་དེ་ག་རེད། མི་འདིའི་ཚོའི་ཀླད་པ་དེ་ཚོ་ལས་སླ་པོ་ཆགས་མེད་པ་དུས་རབས་གཅིག་ནང་གསལ་སྟོན་བྱས་པ་རེད།

    རྒྱ་བོད་གཉིས་ཀས་མྱ་ངན་ཞུས་པ་ལྟར་ངས་ཀྱང་མྱ་ངན་དང་སྨོན་ལམ་ཞུ།།

    Reply
  2. རྒྱང་མིག says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་རྒྱལ་ཚོང་བ་དེ་ཚོ་གཅིག་ཤི་ན་དགའ་དགོས་པའི་གནས་ཚུལ་རེད། ད་དུང་བྱམས་པ་ཕུན་ཚོགས་དང་ཀུན་མཁྱེན་བླ་མ་འཇམ་བཞད་སོགས་ཤི་རྒྱུ་མི་འདུག་ཨ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    གང་ཟག་བྱེ་བྲག་སུ་འདྲ་ཞིག་ཡིན་རང་ཉིད་གསང་རྟོགས་མཁན་རང་ཉིད་ཡིན། རྣམ་ཤེས་གང་དུ་འཕོ་མིན་སུ་ཤེས། ཨོྃ་མཊིམེ་ཧཱུྃ།

    Reply
  4. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    མ་ནི་ཁས་མི་ལན་མཁན་ཞིག་ལ་མ་ནི་བཏོན་ནས་ཅི་ཞིག་ཕན།

    Reply
  5. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ཚེ་བརྟན་ཞེས་བ་དོན་དང་མཐུན། ངན་པ་འདྲེར་མི་དགོས། གྱོང་བོ་ཁྱིས་མི་ཟ་ཞེས་བ་བདེན་ས་རེད། གང་ལྟར་མི་བོ་ཞིག་ལ་བཟང་བཤད་དང་ངན་བཤད་གང་ཡང་བྱེད་དགོས་དོན་མི་འདུག

    Reply
  6. གངས་འོད། says:
    ལོ་ 14 སྔོན།

    དབང་དང་ངན་གྲགས་དེ་ཙམ་ཡོད་ཀྱང་ང་ཕོད་ཀྱིས་སྐྱེས་སྨན་མཛེས་མ་ཞིག་ཉར་མ་ཐུབ་པར་བལྟས་ན་ཡང་སྡར་མ་ཞིག་ཡིན་པ་ཤེས་ཐུབ་ཀི གང་ལྟར་ཁོ་མོ་ཡང་ལོ་རྒྱུས་ཐོག་གི་ནག་ཟས་ནག་ཆུ་འཐུང་མཁན་དུ་སྐྱེས་པ་རེད་མོད། བོད་རིགས་ཤིག་ཡིན་པས་ཆ་ནས་ཡིག་དྲུག་ཚར་གཅིག་སྙིང་རྗེས་འདོན་འདོད་བྱུང་། ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  7. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཁོ་མོ་ཚེ་རིང་པོ་འཚོ་གནས་ཐུབ་པ་རེད། མི་ཡུལ་གྱི་འཚོ་བ་སྤྱོད་པའི་དུས་ཚོད་རྫོགས་ཟིན་པ་རེད། དེ་ལ་མྱ་ངན་བྱས་ནས་དགོས་པ་མེད་པ་རེད། ཡིན་ནའང་ཁོ་མོ་དང་ཁོ་མོའི་བཟའ་ཟླ་གཉིས་ཀར་ཕྱི་མའི་ལམ་དུ་ཕེབས་སྐྱེལ་ཞུ་མཁན་དེ་སྐར་ལྔའི་དར་དམར་རེད་ལ་སྐར་ལྔའི་དར་དམར་ནི་ཁྲག་གིས་ཚོས་པའི་དར་དམར་ཞིག་རེད།

    Reply
  8. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    སྙིང་རྗེ།།། མེ་ཚེ་གང་པོ་རང་གི་ཁྱིམ་ཚང་ཙམ་གྱི་དོན་དུ་བོད་མི་མང་སྡུག་ལ་སྦྱར་བའི་རྒྱ་གཞུང་གི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་མཉམ་ཞུགས་བྱེད་མཁན་ཞིག་མེད་པ་ཆགས་འདུག

    Reply
  9. ཀེ་ཏ་ཀ says:
    ལོ་ 14 སྔོན།

    དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒྱ་གཅེས་བོད་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱང་ཕྱི་མ་ངན་སོང་གི་གནས་ལ་འགྲོ་སྐབས། མཐའ་མའི་ཕེབས་སྐྱེལ་ཞུ་མཁན་ནི་མ་ཎི་འདོན་མཁན་གྱི་བོད་མི་ཚོ་ཡིན་པ་དེའང་ལོ་རྒྱུས་ཤིག་ཆགས་ཡོད་པས། ངས་མ་ཎི་འདོན་བཞིན་ཡོད།

    Reply
  10. ནོར། says:
    ལོ་ 14 སྔོན།

    རྒྱ་གཞུང་དམར་ཤོག་སྒེར་གཅོད་རྐང་འཛིན་དཔོན་རིགས་དག་གི་དོ་ཟླར་བཞག་སྟེ། པཱ་པའོ་ཧྲན་ནང་མེར་བསྲེགས་བྱས་ཡོད་པ་མ་དང་། ཏང་གི་སྐར་ལྔའི་དམར་གྱིས་བཏུམ་དེ་ཆེ་བསྟོད་མྱ་ངན་ཞུས་ཡོད་འདུག

    འདི་ནི་བོད་པའི་བྱུང་རབས་ལོ་རྒྱུས་ནང་ཧ་ལམ་ཐོག་མ་ཆགས་མེད་འགྲོ། བོད་མི་ས་ཡ་དྲུག་གི་ནང་ནས་ང་དགུ་ལྟོགས་སྐོམ་གྱི་དྲི་མ་ཚོར་ཞིང་། རེ་དགུའི་རིག་གསར་གྱི་གྲིབ་མ་ཕོགས་མ་མྱོང་བར། བདེ་ཞིང་སྐྱིད་སྒོ་ནས་ཏང་གི་ཉི་འོད་འོག་མི་ཚེ་སྐྱིད་ལ་རོལ་ཞིང་། ཏང་གི་སྐར་ལྔའི་དར་དམར་གྱིས་བེམ་པོ་བཏུམ་སྟེ། ཏང་གི་གསར་རྗེ་བའི་དུར་ཁྲོད་པཱ་པོ་ཧྲན་ནས་མེ་ལ་བསྲེགས་ཏེ། མི་ཚེ་ཧྲིལ་བོ་ཏང་དང་མཉམ་དུ་བུད་སོང་བ་རེད།

    བོད་པའི་ལོ་རྒྱུས་ནང་མགོ་མཇུག་བར་གསུམ་དུ་ཏང་མི་རྣལ་མ་ཆགས་ཤིང་། རྒྱ་དམར་ཏང་གི་བརྩེ་བ་ཐོབ་མྱོང་བའི་བོད་རིགས་ཀྱི་དཔེ་མཚོན་ཅིག་དགོས་ཚེ། འདི་བཟའ་བ་གཉིས་ལ་གཞན་སྲིད་ན་རྙེད་དུ་མེད་དོ།

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཨོྃ་མཊིམེ་ཧཱུྃ། དག་ཞིང་དུ་སྐྱེ་བར་སྨོན

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    མྱ་ངན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese