མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་ནང་འཁྲུག་འཛིང་དོན་རྐྱེན་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཤིན་ཅང་ཧི་ཐེན་ས་ཁུལ་གྱི་ཆོས་ལུགས་སློབ་གཉེར་ཁང་ཞིག་ཏུ། རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་ཡུ་གུར་མི་རིགས་བར་འཁྲུག་འཛིང་དོན་རྐྱེན་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཤིན་ཅང་ཧི་ཐེན་ས་ཁུལ་གྱི་སྒེར་གཅེར་ཆོས་ལུགས་སློབ་གཉེར་ཁང་ཞིག་ནང་། རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་ས་གནས་ཡུ་གུར་བའི་བར་འཁྲུག་འཛིང་དོན་རྐྱེན་བྱུང་འདུག  དོན་རྐྱེན་དེའི་བྱུང་རྐྱེན་ཐད་རྒྱ་གཞུང་དང་འཛམ་གླིང་ཡུ་གུར་མཐུན་ཚོགས་གཉིས་ཀྱི་བརྗོད་སྟངས་གཅིག་གྱུར་མིན་སྟབས། དོན་རྐྱེན་དེའི་རྒྱབ་ལྗོངས་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་ད་དུང་གསལ་ཁ་བྱུང་མེད་པ་རེད། ས་གནས་ཡུ་གུར་བ་ཞིག་གིས་གསར་ལམ་ཁག་ཏུ།  “ཉིན་དེའི་སྔ་དྲོ་རྒྱ་གཞུང་ཉེན་རྟོག་པས་ཧི་ཐེན་ས་ཁུལ་གྱི་ཆོས་ལུགས་སློབ་གཉེར་ཁང་ཞིག་ལ་བཙན་ཤུགས་བཀག་སྡོམ་བྱས་པར་བརྟེན་འཁྲུག་འཛིང་གཏོར་རྒོལ་བྱུང་འདུག” ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཤིན་ཅང་ཧི་ཐེན་ས་ཁུལ་ནང་ཁྲིམས་འགལ་ཐོག་ཨེ་སི་ལམ་གསུང་རབ་ཁའོ་རཱན་(Koran)འཆད་ཁྲིད་བྱེད་བཞིན་པའི་སློབ་གཉེར་ཁང་ཞིག་གིས། བཙན་ཤུགས་ཀྱིས་བྱིས་པ་བཀག་སྡོམ་བྱེད་བཞིན་པའི་གནས་ཚུལ་ས་གནས་ཉེན་རྟོག་པར་ཞུ་གཏུགས་བྱས་པ་ལྟར། ཉེན་རྟོག་པས་བྱིས་པ་རྣམས་གློད་ཀྲོལ་བྱས་པའི་བརྒྱུད་རིམ་ཁྲོད། ཉེས་ཅན་པས་གཏོར་རྒོལ་དོན་རྐྱེན་བཟོས་པར་བརྟེན། ཉེན་རྟོག་པས་ཉེས་ཅན་པ་ ༣ འཇུ་བཟུང་བྱས་ཡོད་ལ། དེའི་ཁྲོད་མི་ ༢ ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་འདུག

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐིས་ཀྱིས་བརྗོད་པ་ལྟར་ན། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཡུ་གུར་བའི་ཆོས་ལུགས་སློབ་གཉེར་ཁང་ཞིག་གི་ཆོས་ལུགས་སློབ་གཉེར་གྱི་བྱེད་སྒོར་བཀག་སྡོམ་དྲག་གནོན་བྱས་ཏེ། ནར་སོན་མེད་པའི་སློབ་ཕྲུག་དང་དགེ་རྒན་ཚོའི་ཁྲོད་མིག་སྦྲིད་འགལ་རྫས་གཏོར་བར་བརྟེན། ས་གནས་ཡུ་གུར་མང་ཚོགས་དང་རྒྱ་གཞུང་དྲག་ཆས་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཡོད་པ་བརྗོད་འདུག

རྒྱ་གཞུང་དྲ་རྒྱ་ཁག་གིས་དོན་རྐྱེན་དེའི་ཁྲོད་ཉེན་རྟོག་པས་བྱིས་པ་ ༥༤ ཉེན་ཁ་ལས་སྐྱབས་ཡོད་པ་དང་། དེའི་ཁྲོད་བྱིས་པ་ ༡༡ ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་སྐོར་བརྗོད་ཡོད་ཀྱང་། བྱིས་པ་རྣམས་ལ་རྨས་སྐྱོན་ཅི་ཞིག་བྱུང་ཡོད་མེད་གསལ་ཁ་བཏོན་མེད་པ་རེད།

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་དོན་རྐྱེན་དེའི་ཁྲོད་རྒྱ་གཞུང་གིས་ཡུ་གུར་བ་མི་ ༤༧ འཇུ་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་བུད་མེད་ ༡༡ ཡོད་པ་མ་ཟད། ཁོང་ཚོར་ཁྲིམས་འགལ་གྱི་ཆོས་དཔེ་དང་མཆོད་ཆའི་རིགས་ཉར་ཚགས་བྱས་པའི་ཉེས་མིང་བཏགས་ཡོད་པ་བརྗོད་འདུག

ཤིན་ཅང་ས་ཁུལ་ནི་ཁ་ཆེ་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཆགས་ཡོད་ལ། ཉེ་སྔོན་ནས་བཟུང་རྒྱ་གཞུང་གིས་ས་ཁུལ་དེའི་ནང་ཁྲིམས་མཐུན་མིན་པའི་ཆོས་ལུགས་སློབ་གཉེར་ཁང་བཀག་སྒོམ་གྱི་སྲིད་ཇུས་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༥ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 2

  1. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཡུ་གུར་ནང་མེ་ཞིག་འབར་ངེས་ཤིག་ཨེ་ཡོད་ཅེས་སྐད་ཆ་དྲིས་སོང་།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྒྱ་དམར་དེས་ཁ་ཡར་གཡོག་གི་མར་ལ་གཡོག་ནས་མི་སེར་ལ་དྲེག་སྤྱོད་བྱེད་ཀྱིན་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese