མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅཱེན་ཀེ་ཟེར་མཁན་ལ་ལོ་ ༥ ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་གཞུང་གིས་ཁྲིམས་གསར་པ་ཞིག་བཟོས་ཏེ། རྒྱ་གར་བ་སུ་ཞིག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་མི་ཚོར་ཅཱེན་ཀེ་ཞེས་བརྗོད་ཚེ་ལོ་ ༥ ཁྲིམས་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་འདུག

ཕྱི་ཚེས་ ༦ ཉིན་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་གར་གཞུང་གིས་སྐྱེས་ཁོངས་དང་གྲལ་རིམ་དབྱེ་འབྱེད་འགོག་སྲུང་གི་རྩ་ཁྲིམས་འོག རྒྱ་གར་བྱང་ཤར་ཁུལ་གྱི་མི་སུ་ཞིག་ལ་ཅཱེན་ཀེ་(Chinki) ཞེས་མིའི་ཤ་མདོག་ལ་དབྱེ་འབྱེད་ཀྱི་ཐ་སྙད་བེད་སྤྱོད་བྱས་ཚེ། གང་ཟག་དེར་ལོ་ ༥ བར་གྱི་བཙོན་འཛུགས་ཁྲིམས་ཐག་གཅོད་རྒྱུའི་ཁྲིམས་གསར་པ་གཏན་འབེབས་བྱས་ཡོད་པ་མ་ཟད། རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་མངའ་སྡེ་ཚང་མས་ནང་ཁྲིམས་གསར་པ་དེ་ལག་བསྟར་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

 ཅཱེན་ཀེ་ཞེས་པ་དེ་ནི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་དང་སོག་པོའི་གདོང་དབྱིབས་དང་ཤ་མདོག་ཅན་ཚོར་གོ་བ་དང་། ཚིག་དོན་གྱི་ཆ་ནས་གྲལ་རིམ་དབྱེ་འབྱེད་ཀྱི་ཚིག་གམ་གཞན་ལ་དམའ་འབེབ་པའི་ཚིག་ཅིག་མིན་ཡང་། དུས་སྐབས་ཤིག་ནས་ཐ་སྙད་དེ་ནི་རྒྱ་གར་བ་ཚོས་རྒྱ་གར་བྱང་ཤར་ཁུལ་གྱི་མི་ཚོ་ཡུལ་མཐའ་འཁོབ་དང་། སྤྱི་ཚོགས་ཀྱི་རྗེས་ལུས་ཡིན་པར་ཟུར་ཟ་དང་ཁྱད་གསོད་བྱེད་པའི་ཐ་སྙད་ཅིག་ཆགས་ཡོད།

རྒྱ་གར་གཞུང་གིས་ཁྲིམས་གསར་པ་དེ་གཏན་འབེབས་བྱས་རྗེས་རྒྱ་གར་དུས་བབ་གསར་ཁང་(Times of India) གིས། རྒྱ་གར་བྱང་ཤར་ཁུལ་ནས་ཡིན་པའི་མི་ཁག་ཅིག་གི་བསམ་ཚུལ་བླངས་པའི་ནང་། གཅིག་གིས་སྔོན་མ་གྷན་ངྷི་ཇེ་ཨ་ཧྥི་རི་ཀའི་ནང་ཡོད་སྐབས་ཤ་མདོག་དབྱེ་འབྱེད་ཀྱི་གཉའ་གནོན་འོག་ཁོང་མེ་འཁོར་ནས་ཕྱིར་ཕུད་བཏང་སྟབས། གྷན་ངྷི་ཇེ་ཡིས་འཐབ་རྩོད་མགོ་བཙུགས་པ་ཞིག་ཡིན་ཡང་། ད་ཆར་སོ་སོའི་རྒྱལ་ཁོངས་སུ་ཤ་མདོག་དབྱེ་འབྱེད་ཀྱི་གྲལ་རིམ་སླེབས་ཡོད་སྟབས། ཁྲིམས་དེ་འདྲ་བཟོས་དགོས་ངེས་ཡིན་པར་བརྗོད་འདུག་ལ། ཡང་གཞན་ཞིག་གིས་ “ལྡི་ལི་ནང་གི་མི་དེ་ཚོས་བྱང་ཤར་ཁུལ་གྱི་བུད་མེད་ཚོར་ཅཱེན་ཀེ་ཞེས་འབོད་སྐབས་ཁོང་ཚོ་སླ་བོ་ཡིན་པའི་ཟུར་ཟ་བྱེད་ཀྱི་ཡོད་པ་རེད”ཅེས་བརྗོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

ཆུ་ཚོད་ ༩ སྔོན་ལ།
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

༢༠༢༦/༠༥/༠༢
བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

༢༠༢༦/༠༥/༠༡

མཆན། 6

  1. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    དེ་བཞིན་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་ཚོས་ཀྱང་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ ་་ཀ་ཅྰ་་ ཞེས་ཟུར་ཟ་དང་མཐོང་ཆུང་བྱས་ཚེ་ལོ་ལྔའི་རིང་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་དང་། གཞིས་ཆགས་བོད་མི་ཚོས་གསར་འབྱོར་དག་ལ ་་པ་འགོ་་ ཞེས་མཐོང་ཆུང་བྱས་ཚེ་ལོ་ལྔའི་རིང་བཙོན་འཇུག་བྱ་རྒྱུ་བཅས་གསལ་བསྒྲགས་སུ།

    Reply
  2. རུ་གསར་ཚང་། says:
    ལོ་ 14 སྔོན།

    ད་བཙན་བྱོལ་བོད་གཞུང་གིས་ཀྱང་གསར་འབྱོར་ཀ་ཅ་ཟེར་མཁན་དེ་ཚོར་ཁྲིམས་ཤིག་བཟོ་དགོས་མིན་འགྲོ། ཚིག་འདིས་བོད་རིགས་ཀྱི་ཆིག་སྒྲིལ་ལ་གནོད་པ་མ་ཟད་བོད་ནས་ཡོང་མཁན་རྣམ་ལ་མཐོང་ཆུང་དང་གྲལ་རིམ་དབྱེ་འབྱེད་ཀྱི་ལྟ་བ་མངོན་གསལ་དོོད་པོས་སྟོན་གྱིན་འདུག

    Reply
  3. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    གྲོགས་པོ་བཛྲ་སུ་མ་ཏི་ལགས། ཁྱེད་ཀྱིས་བཤད་པ་བདེན། ངས་ཀྱང་ཁྱོད་ཀྱི་བཤད་པ་དེ་འདོད་པའི་ཁར་ལྡོག་འདྲི་བྱེད་བཞིན་པ་ནི། ཁ་ནས་མཐོང་ཆུང་ཟུར་ཟ་བྱས་པའི་ཚིག་སྐམ་ཙམ་གཞིར་བཞག་ནས་ལོ་ལྔའི་བཙོན་འཇུག་དེ་འཁུར་དགོས་ན། ཁྱོད་ཡིན་ན་འཁུར་ཐུབ་ས་རེད་དམ། གཞི་ལ་བབས་པའི་ཁྲིམས་ཤིག་ལོས་དགོས་ཀྱང་དགོས། འདི་ཐད་དྲག་པ་མ་ཡིན་ནམ་ཟེར་བ་ཡིན།

    Reply
  4. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    གྲོགས་པོ་ཀླུ་ཚང་། ཨ་འཕྲིན་ལགས། སྨྲ་བརྗོད་རང་དབང་གི་ནང་དོན་ཁ་ནས་གང་བྱུང་བརྗོད་ཆོག་པའི་དོན་མ་རེད། གོང་དུ་བརྗོད་ཡོད་པ་བཞིན་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་ཟུར་ཟ་ཡིན་ན་དེ་ངེས་བར་དུ་ཁྲིམས་དང་ཐུག་ངེས་རེད། ལྷག་པར་དུ་གང་ཡང་བརྗོད་ཆོག་ཀྱང་གང་བརྗོད་པ་དེའི་འགན་ཡང་འཁྱེར་དགོས་པ་རེད། འགན་མེད་པར་གང་ཡང་བརྗོད་ཆོག་པ་སྨྲ་བརྗོད་རང་དབང་གི་དོན་མ་རེད།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    ཁྲིམས་ཆད་དེ་འདྲ་དགོས་ངེས་ཤིག་རེད། ཁ་ནང་ཐོན་ཚད་མཐའ་དག་སྨྲ་བརྗོད་རང་དབང་ག་ལ་ཡིན། གཞན་ལ་ཟུར་ཟ་དང་ཁྱད་གསོད་བྱེད་པའི་ཚིག་ངན་སྤྱོད་མཁན་རིགས་ཁྲིམས་སར་ཞུ་གཏུག་བྱེད་ས་ཡོད་པ་དེ་ཡག་པོ་རེད། དམངས་གཙོའི་རྒྱལ་ཁབ་མང་པོར་ཁྲིམས་ཆད་འདི་འདྲ་ཡོད་པ་རེད།

    Reply
  6. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    རྒྱ་གར་ནང་སྲིད་ཀྱིས་ཁྲིམས་ལུགས་གཏན་འབེབས་ཀྱིས་མངའ་སྡེ་ཁག་ལ་འདི་ལྟར་བཀའ་གནང་སྟངས་དང་། དེ་མིན་ལོ་དེ་ཙམ་གྱི་ཁྲིམས་གཅོད་ལ་བལྟས་ན། གནས་ཚུལ་དེ་དེ་འདྲའི་གནས་སྟངས་ཛ་དྲག་པོ་ཞིག་ཆགས་ཡོད་དམ། ཡང་ན་རྒྱ་གར་ཡང་སྨྲ་བརྗོད་རང་དབང་ཐད་ཅུང་ཐད་དྲག་པའི་སྲིད་ཇུས་འཛིན་མཁན་གྱི་གྲལ་དུ་སྙེག་བཞིན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese