མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཆད་དང་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཐེམ་ཆེན་རྫོང་བོང་སྟག་དགོན་པའི་གྲྭ་བ་ཁག་ཅིག་ལ་ཁྲིམས་ཐག་བཅད་ཡོད་པ་མ་ཟད། དགོན་པར་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་གནས་སྡོད་གྲྭ་དགེ་ལེགས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༧ ཉིན་མཆོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོང་སྟག་དགོན་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གི་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་རྗེས། རྒྱ་ནག་གཞུང་གིས་ཁུལ་དེར་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་པ་མ་ཟད། སྐབས་དེར་བོང་སྟག་དགོན་པའི་དགེ་རྒན་མཁས་གྲུབ་རྒྱ་མཚོ་དང་སངས་རྒྱས།གྲྭ་དཀོན་མཆོག་དར་རྒྱས་དང༌སྐལ་བཟང་བྱང་སེམས། དམ་ཆོས་ཚུལ་ཁྲིམས། འཇམ་དབྱངས་འོད་ཟེར།སྐལ་བཟང་གྲགས་པ། དཀོན་མཆོག་རྒྱ་མཚོ།ཤེས་རབ་བཟང་པོ་བཅས་འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་ཚོའི་ཁྲོད་ནས་དཀོན་མཆོག་རྒྱ་མཚོ་དང་ཤེས་རབ་བཟང་པོ་གཉིས་ལ་ལོ་གཅིག་དང་ཟླ་བ་གཉིས་ནས་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ། དཀོན་མཆོག་རྒྱ་མཚོ་ན་གོར་མོའི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་།  ཤེས་རབ་བཟང་པོ་བཙོན་ཁང་གཞན་ཞིག་གི་ནང་འཁྲིད་དེ་བཙོན་འཇུག་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། བོང་སྟག་དགོན་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས། སྲང་ལམ་དུ་འགྲོ་བཞིན་པའི་དགེ་འདུན་པ་ཚོ་ཉེན་རྟོགས་ལས་ཁུངས་དུ་སྐད་བཏང་སྟེ་གང་བྱུང་འདྲི་རྩད་བཀག་ཉར་དང་། ཁ་པར་གཞུང་བཞེས་སོགས་བཏང་སྟེ་ཟླ་གསུམ་གྱི་རྗེས་སུ་ཕྱིར་རང་ཁྱིམ་དུ་ལོག་བཅུག་ཡོད་འདུག་ལ། རང་ལུས་མེར་བསྲེགས་ཀྱིས་གནས་ཚུལ་བྱུང་བ་ནས་བཟུང་དགོན་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གཅིག་ཀྱང་སྤེལ་མ་བཅུག་པ་མ་ཟད། ཉེ་ཆར་ཉིན་ ༡༥ རིང་གུང་གསེང་བཏང་སྟེ། ད་ལྟ་དགོན་པའི་ནང་དུ་གྲྭ་བ་གཅིག་ཀྱང་བསྡད་མེད་པར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད་འདུག 

ཟླ་སྔོན་མའི་ཕྱི་ཚེས་  ༢༩ ཉིན་རྒྱ་གཞུང་གིས་བོང་སྟག་དགོན་པའི་གྲྭ་མཁས་གྲུབ་རྒྱ་མཚོ་སོགས་བོད་མི་ ༧ ལ་ཁྲིམས་ཐག་གཅོད་རྒྱུའི་ཚོགས་འདུ་ཞིག་གོ་སྒྲིག་བྱས་སྐབས། གྲྭ་མཁས་གྲུབ་ཀྱིས་རྒྱ་ནག་ཉེན་རྟོག་པར་ཁོང་ཚོར་ནག་ཉེས་གང་ཡང་མེད་པར་ཉིན་ ༡༠༠ ལྷག་ལ་བཙོན་འཇུག་བྱས་སྟབས། དེང་ཕྱིན་ཉིན་གཅིག་གི་ཁྲིམས་ཐག་བཅད་ཀྱང་ངོས་ལེན་བྱ་རྒྱུ་མེད་ཅེས་བཤད་དེ། ཁྲིམས་ཆད་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་པར་བརྟེན་ཉིན་དེའི་ཚོགས་འདུ་གྲོལ་དགོས་བྱུང་ཡོད་འདུག ས་གནས་མི་མང་གི་ངོས་ནས་གནས་ཚུལ་དེ་ནི་རྒྱ་གཞུང་གིས་རང་སྣང་གང་དྲན་གྱིས་ཉེས་འཛུགས་སྣ་ཚོགས་བྱས་ཏེ། བོད་མི་ཚོར་གང་བྱུང་ཁྲིམས་ཐག་གཅོད་ཀྱིན་པའི་མཚོན་རྟགས་གསལ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese