མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕས་བུ་མོར་སྤྲིངས་པའི་འཕྲིན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

༼རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཝ་ཧ་ལ་ནེ་རུས་རང་གི་བུ་མོ་རྒྱ་གར་གྱི་བུད་མེད་སྲིད་བློན་དང་པོ་ཨིན་དྷ་ར་གྷན་དྷིར་སྤྲིངས་པའི་འཕྲིན།༽

ཇོ་ཝ་ཧ་ལ་ནེ་རུས་བརྩམས། ནོར་བསམ་གྱིས་བསྒྱུར།

༢༽ སྔ་མོའི་ལོ་རྒྱུས་གང་འདྲ་བྱས་ཏེ་བྲིས་སམ།

ངའི་འཕྲིན་ཡིག་སྔོན་མའི་ནང་ངས་ཁྱེད་ལ་སའི་གོ་ལའི་ལོ་རྒྱུས་རང་བྱུང་ཁམས་ཀྱི་དཔེ་དེབ་ལས་སྦྱོང་དགོས་ཞེས་ནན་བརྗོད་བྱས་ཡོད་ལ། ཁྱེད་ཀྱི་གཡས་གཡོན་ལ་མཐོང་ཆོས་སུ་གྱུར་བའི་རི་དང་། བྲག་རྡོ། ལུང་གཤོངས། གཙང་པོ། མཚོ། མེ་རི་ཚང་མ་དཔེ་དེབ་དེའི་ནང་ཚུད་ཡོད། ང་ཚོ་ཚང་མའི་མདུན་དུ་དཔེ་དེབ་དེ་ཡོད་ཀྱང་ང་ཚོ་རེ་ཟུང་གིས་མ་གཏོགས་དཔེ་དེབ་དེ་ལ་དོ་སྣང་སྤྲད་པའམ་ཀློག་ཐབས་བྱེད་ཀྱི་མེད། གལ་ཏེ་ང་ཚོས་ཀློག་ཐབས་དང་ཤེས་ཐབས་བྱས་ཚེ་དེ་ལས་ང་ཚོའི་བློ་ངོར་འཕྲོད་པའི་ལོ་རྒྱུས་ག་ཚོད་ཤེས་ཐུབ་བམ། རྡོའི་ཤོག་བུའི་སྟེང་གི་སྒྲུང་རྣམས་ལྷ་སྒྲུང་ལས་ཀྱང་སྙན་པ་ཡོད་ངེས།

རང་བྱུང་ཁམས་ཀྱི་དཔེ་དེབ་བཀླགས་རྗེས་ང་ཚོས་འདས་པའི་དུས་ཡུན་ནང་སའི་གོ་ལའི་སྟེང་འགྲོ་བ་མི་དང་སྲོག་ཆགས་མེད་པའི་དུས་སྐབས་ཤེས་ཐུབ་ལ། ཐོག་མར་སྲོག་ཆགས་ཇི་ལྟར་བྱུང་བ་དང་དེ་རྗེས་རིམ་བཞིན་སྲོག་ཆགས་མང་པོ་བྱུང་བ་ཡང་མཐོང་ཐུབ། དེ་བཞིན་སྐྱེས་པ་དང་བུད་མེད་བྱུང་ཡོད་ཀྱང་ད་ལྟའི་འགྲོ་བ་མི་རིགས་ཀྱི་ཕོ་མོ་དང་མི་འདྲ་བར་ཁྱད་པར་ཡོད། ཁོང་ཚོ་ནི་དྲག་རྩུབ་ཅན་གྱི་ཀླ་ཀློ་ལྟ་བུ་ཡོད་པ་མ་ཟད་དུད་འགྲོ་སེམས་ཅན་དང་ཁྱད་པར་ཆེན་པོ་མེད། རིམ་པས་ཁོང་ཚོ་མཉམ་འཛོམས་བྱུང་ནས་ཉམས་མྱོང་གསོག་སྒྲུབ་དང་། རྣམ་དཔྱོད་བེད་སྤྱོད་བྱེད་མགོ་བརྩམས་པར་བརྟེན་བསམ་པའི་སྟོབས་ཤུགས་ཆེ་རུ་ཕྱིན་ཏེ། དུད་འགྲོ་སེམས་ཅན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་བྱུང་པ་རེད། ཁོང་ཚོ་སྟོབས་ཆེན་དང་གཏུམ་དྲག་ཅན་ཆགས་པའི་རྒྱུ་ངོ་མ་ནི་རྣམ་དཔྱོད་དེ་རེད། དེང་སྐབས་ཁྱེད་ཀྱིས་མཐོང་གསལ་ལྟར་མི་ཆུང་ཆུང་ཞིག་གིས་ཤིན་ཏུ་ཆེ་བའི་གླང་པོ་ཆེ་ཞིག་གི་སྟེང་དུ་བསྡད་ཐུབ་པ་མ་ཟད། ཁོ་རང་གི་འདོད་པ་བཞིན་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། གླང་པོ་ཆེ་ནི་གཟུགས་ཕུང་ཆེ་ལ་སྟོབས་ཤུགས་ལྡན་པ་ཞིག་ཡིན་ཡང་ཁོ་རང་ལས་སྟོབས་ཤུགས་ཧ་ཅང་ཆུང་བའི་རྫི་བོ་དེས་རྣམ་དཔྱོད་བེད་སྤྱོད་བྱེད་ཤེས་པར་བརྟེན་གླང་ཆེན་གྱི་མཇིང་པའི་སྟེང་བསྡད་དེ། རང་ཉིད་སྦྱིན་བདག་དང་གླང་ཆེན་གཡོག་པོ་བཞིན་བཀོལ་སྤྱོད་བྱེད་ཀྱི་ཡོད། བསམ་བློ་གཏོང་ཤུགས་ཆེ་རུ་ཕྱིན་པ་དང་ལྷན་དུ་མི་ནི་རྣམ་རིག་སྤྱང་གྲུང་ཅན་དུ་གྱུར་ཏེ་མེ་བཟོས་པ་དང་། ཞིང་རྨོས་ནས་ལོ་ཏོག་འདེབས་པ། གྱོན་གོས་དང་ཁང་པ་བརྩིགས་པ་སོགས་གསར་གཏོད་མང་པོ་བྱས་པ་རེད། སྐྱེས་པ་དང་བུད་མེད་མཉམ་སྡོད་བྱས་པ་ལ་བརྟེན་ནས་གྲོང་ཁྱེར་ཐོག་མ་བྱུང་ཡོད་ལ། གྲོང་ཁྱེར་མ་བྱུང་སྔོན་ལ་འགྲོ་བ་མི་རྣམས་ས་ཕྱོགས་གཅིག་ནས་གཞན་དུ་འགྲུལ་བསྐྱོད་བྱས་ཏེ་སྡོད་གུར་འདྲ་མིན་ནང་འཚོ་སྡོད་བྱེད་ཀྱི་ཡོད། སྐབས་དེ་དུས་ཁོང་ཚོས་ས་ཞིང་ལས་ཟས་རིགས་གང་འདྲ་བྱས་ཏེ་འབྱུང་གི་ཡོད་མེད་ཤེས་རྟོགས་ཐུབ་མེད་སྟབས། འབྲས་དང་བག་ལེབ་བཟོ་བྱེད་ཀྱི་གྲོ་ཡང་མེད། ཁོང་ཚོར་ཚལ་རིགས་མེད་ལ་ད་ལྟ་ཁྱེད་ཀྱིས་ཟ་བཞིན་པའི་ཁ་ཟས་དེ་དག་ཀྱང་ཁོང་ཚོས་ཤེས་རྟོགས་ཐུབ་མེད། ཕལ་ཆེར་འགྲོ་བ་མིས་བཟའ་རུང་བའི་སྐོགས་མཁྲིགས་ཤིང་འབྲས་དང་། དེ་མིན་ཤིང་འབྲས་རིགས་བཟའ་བཞིན་ཡོད་ཀྱང་། ཁོང་ཚོ་ཕལ་ཆེ་བས་རང་ཉིད་ཀྱིས་རི་དྭགས་རྔོན་པའི་ཤ་ཟ་ཡི་ཡོད།

གྲོང་ཁྱེར་འཕེལ་རྒྱས་འགྲོ་བ་དང་ལྷན་དུ་མི་ཚོས་ཡིད་དབང་འཕྲོག་པའི་སྒྱུ་རྩལ་མང་པོ་ཤེས་པ་མ་ཟད། ཡི་གེ་འབྲི་སྟངས་ཀྱང་ཤེས་ཡོད། འོན་ཀྱང་དུས་ཡུན་རིང་པོར་ཡི་གེ་འབྲི་སའི་ཤོག་བུ་མེད་པས་བུ་ཇ་པ་ཏ་ར་ཞེས་པའི་ (bhojpatra) ཤིང་གི་ཤུན་ལྤགས་སྟེང་ཡི་གེ་འབྲི་ཡི་ཡོད། ངའི་བསམ་པར་དབྱིན་སྐད་ཐོག་དེར་ཤིང་སྟག་པ་ཟེར་གྱི་ཡོད། ད་དུང་ཁོང་ཚོས་ལོ་མའི་སྦར་མཐིལ་སྟེང་ལ་ཡང་ཡི་གེ་བྲིས་པ་ཡོད། ཕྱིས་སུ་ཤོག་བུ་བྱུང་ནས་ཡི་གེ་འབྲི་རྒྱུར་ལས་སླ་རུ་དཔར་བསྐྲུན་ཁང་མེད་པས་དེང་སང་ནང་བཞིན་དཔེ་དེབ་སྟོང་ཕྲག་མང་པོ་དཔར་བསྐྲུན་བྱེད་ཐུབ་ཀྱི་མེད། དེབ་ཐེངས་གཅིག་འབྲི་བར་ལག་བཤུས་བྱེད་དགོས་སྟབས། ཁྱོད་རང་དཔེ་དེབ་ཚོང་ཁང་ལ་ཐད་ཀར་དེབ་ཉོ་བར་འགྲོ་རྒྱུ་མེད་པར་སྔོན་ཚུད་ནས་དེབ་དེའི་ངོ་བཤུས་བཟོ་རྒྱུ་མངགས་དགོས་ལ་དུས་ཡུན་རིང་པོ་གཏོང་དགོས། དེང་སྐབས་ང་ཚོའི་དཔེ་མཛོད་ཁང་དུ་སྐབས་དེ་དུས་མི་ཚོས་ལག་བྲིས་བྱས་པའི་ཡིག་གཟུགས་སྙིང་རྗེ་བོ་དེ་དག་མཐོང་རྒྱུ་ཡོད་ལ་རྒྱ་གར་ནང་དམིགས་བསལ་ལེགས་སྦྱར་སྐད་ཡིག་དང་། པར་ཤན། ཨུར་དྷུ་སོགས་ཀྱི་ནང་བྲིས་པའི་དཔེ་དེབ་མང་པོ་ཡོད་པ་དེ་དག་གི་ཤོག་ངོས་ཟུར་དུ་མེ་ཏོག་དང་རི་མོ་བྲིས་ཡོད།

གྲོང་ཁྱེར་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་རིམ་བཞིན་ཡུལ་ལུང་དང་རྒྱལ་ཁབ་ཀྱི་ངོ་བོ་ཆགས་རྗེས་འགྲོ་བ་མི་རྣམས་ཡུལ་ལུང་གཅིག་ནང་ཕན་ཚུན་ཉེ་འཁྲིས་སུ་གནས་ཐུབ་པ་བྱུང་བས་གཅིག་ངོ་གཅིག་གིས་ཤེས་ཐུབ་པ་བྱུང་ཡོད་ཀྱང་ཁོང་ཚོའི་བསམ་པར་རང་ཉིད་ཡུལ་ལུང་གཞན་གྱི་མི་ལས་ཡོད་སྙམ་པའི་ཧ་ཅང་གླེན་ལྐུགས་ཀྱི་བྱེད་སྟངས་ཐོག་ཕན་ཚུན་འཁྲུག་འཛིང་བྱེད་ཀྱི་ཡོད། སྐབས་དེ་དུས་ཀྱི་མི་ཚོས་ཕན་ཚུན་འཁྲུག་འཛིང་དང་གསོད་རེས་བྱེད་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་ལས་ཆེས་ལྐུགས་རྟགས་ཚ་ཤོས་ཡིན་པ་ཤེས་ཀྱི་མེད་པ་མ་ཟད། དེང་སང་གི་མི་ཚོས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད། དམག་འཁྲུག་ནི་སུ་གང་ལའང་ཕན་ཐོགས་མེད་པའི་བྱ་སྤྱོད་ཅིག་རེད།

སྔོན་གྱི་གྲོང་ཁྱེར་དང་ཡུལ་ལུང་སྐོར་གྱི་ལོ་རྒྱུས་བརྟག་ཞིབ་བྱ་ཆེད་དཔེ་དེབ་ཡོད་ཀྱང་གྲངས་ཧ་ཅང་ཉུང་ཉུང་རེད། རྒྱལ་པོ་དང་གོང་མ་ཚོས་རྒྱལ་སྲིད་སྐྱོང་རིང་རྡོ་ལེབ་དང་རྡོ་རིང་སྟེང་ལ་ཡི་གེ་བྲིས་ཡོད་པ་དེ་དག་གིས་ང་ཚོར་ཕན་ཐོགས་བྱེད་ཐུབ། དཔེ་དེབ་ཀྱི་ཤོག་བུ་རུལ་བ་དང་མུག་པས་ཟས་ནས་ཡུན་རིང་གནས་མི་ཐུབ་ཀྱང་རྡོ་ནི་དེ་ལས་ཡུན་རིང་བ་གནས་ཐུབ་ཀྱི་ཡོད། ཁྱེད་ཀྱིས་ཨ་ལ་ཧ་བྷ་ཀྲེའི་རྒྱལ་ཁང་ནས་ཨ་ཤོ་ཀའི་རྡོ་རིང་མཐོང་བ་ཕལ་ཆེར་དྲན་སྲིད། ཨ་ཤོ་ཀ་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་གྱི་རྒྱ་གར་གྱི་རླབས་ཆེན་གྱི་རྒྱལ་པོ་ཡིན་པ་དང་། རྡོ་དེའི་སྟེང་ལ་ཁོང་གིས་གསལ་བསྒྲགས་ཤིག་བྲིས་གནང་ཡོད། གལ་ཏེ་ཁྱེད་རང་ལག་ནོ (Lucknow) གྱི་འགྲེམས་སྟོན་ཁང་དུ་བསྐྱོད་ན་རྡོ་ལེབ་སྟེང་ལ་ཡི་གེ་རྐོས་ཡོད་པ་མང་པོ་མཐོང་རྒྱུ་ཡོད།

ང་ཚོས་རྒྱལ་ཁབ་འདྲ་མིན་གྱི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཚེ་ཡུ་རོབ་ཁུལ་དུ་གདོད་མའི་ཚོ་པས་ཁེངས་ནས་ཡོད་སྐབས་རྒྱ་ནག་དང་ཨི་ཇིབ་ནང་རླབས་ཆེན་གྱི་བྱ་བཞག་བསྐྲུན་ཟིན་ཡོད་པ་ཤེས་ཚོར་ཐུབ་ལ། ད་དུང་ང་ཚོས་ར་མ་ཡ་ན་དང་། མཧཱ་བྷ་ར་ཏ་(Ramayana and Mahabharata)གཉིས་འབྲི་བའི་དུས་སྐབས་སུ་རྒྱ་གར་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཐུབ། ད་ལྟ་ང་ཚོའི་རྒྱལ་ཁབ་འདི་ཕྱིའི་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཚུད་དེ་རང་དབང་བྲལ་ཞིང་ཤིན་ཏུ་སྐྱོ་བའི་ངང་གནས་ཡོད། འོན་ཀྱང་ང་ཚོས་འབད་བརྩོན་བྱས་ཚེ་གནས་སྟངས་དེའི་ཐོག་རྟག་ཏུ་མི་གནས་པར་ང་ཚོའི་རྒྱལ་ཁབ་ལ་རང་དབང་བསྐྱར་དུ་ཐོབ་པ་དང་། དབུལ་ཕོངས་ཀྱི་གནས་ནས་གྲོལ་ཏེ་ཡུ་རོབ་རྒྱལ་ཁབ་གཞན་ལྟར་བདེ་སྐྱིད་ལྡན་པ་བཟོ་ཐུབ།

ངའི་འཕྲིན་ཡིག་རྗེས་མའི་ནང་ངས་ཡིད་དབང་འཕྲོག་པའི་སའི་གོ་ལའི་ལོ་རྒྱུས་ཐོག་མ་ནས་བརྗོད་ཀྱི་ཡིན་་་་་་་་་་

༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌མུ་འགོད།

བསྒྱུར་མཁན་གྱི་གསལ་བཤད།

གུས་པར་ཤེས་ཡོན་གི་ཆུ་ཚད་དམན་རུང་། རང་རེའི་བོད་ཡིག་ནང་མཐོང་དཀོན་པའི་བྱིས་སྒྲུང་དང་། བྱིས་པའི་སེམས་ཁམས་དང་མཐུན་པའི་ཤེས་བྱ་རིག་གནས་ཁག་སྐད་ཡིག་གཞན་ནས་བོད་བསྒྱུར་བྱས་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་སྙམ་ནས་ད་བར་ལས་ཞོར་དུས་ཚོད་བེད་སྤྱད་ནས་བྱིས་པའི་ཆེད་དེབ་བརྒྱད་ཙམ་བོད་བསྒྱུར་བྱས་ཁོངས་སུ་ད་ལན་གྱི་ཕས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པ་དེ་ཡང་གཅིག་ཡིན། དེབ་དེ་བོད་བསྒྱུར་བྱས་ནས་དུས་ཚོད་ཅུང་ཟད་སོང་ཟིན་ཀྱང་ད་བར་ལས་འབྲེལ་དབང་གིས་ཞུ་དག་བྱེད་ཁོམས་མ་བྱུང་བས་སྙིང་ཉེ་བའི་རྒྱ་ཆེའི་ཀློག་པ་པོ་ཚོས་དགོངས་འཆར་ལྷུགས་རྩོལ་ཡོང་བ་ཞུ། དེབ་དེ་དཔར་བསྐྲུན་བྱ་རྒྱུར་བཀའ་འཁྲོལ་ཞུ་ཡིག་རྒྱལ་ས་ལྡི་ལིར་ཕུལ་ཟིན་པས་མགྱོགས་མྱུར་བཀའ་འཁྲོལ་ཐོབ་རེ་ཆེ་བས། དཔར་བསྐྲུན་བཀའ་འཁྲོལ་ཐོབ་མཚམས་ཞུ་དག་བྱས་ཏེ་དཔར་བསྐྲུན་བྱ་རྒྱུ་ཡིན། རྣམ་དཔྱོད་ཡངས་པའི་རྒྱ་ཆེའི་ཀློག་པ་པོདང་། མཆན་བུ་འདེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། དམིགས་བསལ་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 4

  1. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    ནོར་བུ་བསམ་གྲུབ་ལགས་ནས་རིན་ཐང་ཅན་གྱི་དཔེ་དེབ་དེ་འདྲ་ཞིག་བསྒྱུར་ཡོད་པ་ཤེས་དུས་དགའ་སྤོབས་ཆེན་པོ་བྱུང་སོང། དཔེ་དེབ་དེའི་རིགས་རྣམས་ང་རང་ཚོའི་བོད་ཀྱི་རིག་གནས་བང་མཛོད་ཀྱི་ནང་དུ་ཆེས་མཁོ་བའི་དཔེ་དེབ་ཅིག་ཡིན་ལ། ལྷག་པར་ཁོང་གིས་མ་འོངས་པའི་བོད་རིགས་ཕྲུ་གུ་རྣམས་ནས་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་ཤུགས་ཆེ་ཡོང་ཐབས་སུ་བྱིས་སྒྲུང་བསྒྱུར་དང་སྒྱུར་བཞིན་ཡོད་པ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བོད་མི་རིགས་ཀྱི་སྐད་ཡིག་དེ་གནས་དང་མི་གནས་དེ་མ་འོངས་པའི་བོད་རིགས་ཕྲུ་གུ་རྣམས་ཀྱི་ཇི་ཙམ་བཀོལ་སྤྱོད་བྱེད་མིན་ལ་རག་ལས་ཤིང། དེ་ལྟ་བུའི་བཀོལ་སྤྱོད་བྱེད་ཐུབ་རྒྱུའི་ཁོར་ཡུག་ཞིག་ཡོང་བ་ལ་ཕྲུ་གུ་རྣམས་ལ་བྱིས་སྒྲུང་ལ་སོགས་པའི་ཕྲུ་གུའི་དཔེ་དེབ་མང་པོ་ཞིག་བོད་ཀྱི་སྐད་ཡིག་གི་ནང་དུ་ཡོད་དགོས་པ་ཡིན། དེ་འདྲ་ཞིག་ཡོང་བ་ལ་ཤེས་ལྡན་རྣམས་ཀྱིས་བོད་བསྒྱུར་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེན་ཡིན།

    ནོར་བསམ་གྱི་ངོ་སྤྲོད་མདོར་བསྡུས།
    ཁོང་ནི་བོད་ནས་གསར་དུ་འབྱོར་ནས་ལོ་ངོ་ཁ་ཤས་ཤིག་གི་ནང་དུ་སུ་ཇ་སློབ་གྲྭ་དང་དེ་ནས་ས་རཱ་མཐོ་སློབ་གཉིས་ཐོན་པ་དང། དེ་བཞིན་སྒྲིག་ཞུགས་མ་ཡིན་པའི་རྒྱ་གར་མཐོ་སློབ་ནས་སློབ་སྦྱོང་ཐོན་པ་ཞིག་རེད། ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་གཞུང་ཞབས་སྲི་ཞུ་བའི་བྱ་བ་བསྒྲུབ་བཞིན་ཡོད།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ། ཁྱོད་ཚོས་འོག་གི་ཚིག་དུམ་འདི་སྐད་གདངས་ཅུང་མཐོ་ལ་དབྱངས་འགྲོས་དང་བཅས་ཀློགས་དང་། ཅི་འདྲའི་ཡིད་མགུ་བའི་གཏམ་རྒྱུད་ཅིག་དང་། ཕ་བུའི་བར་གྱི་རླབས་ཆེ་བའི་གླེང་མོལ་ཞིག་རེད་ཨང་་་་་་ “མཧཱ་བྷ་ར་ཏ་(Ramayana and Mahabharata)གཉིས་འབྲི་བའི་དུས་སྐབས་སུ་རྒྱ་གར་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཐུབ། ད་ལྟ་ང་ཚོའི་རྒྱལ་ཁབ་འདི་ཕྱིའི་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཚུད་དེ་རང་དབང་བྲལ་ཞིང་ཤིན་ཏུ་སྐྱོ་བའི་ངང་གནས་ཡོད། འོན་ཀྱང་ང་ཚོས་འབད་བརྩོན་བྱས་ཚེ་གནས་སྟངས་དེའི་ཐོག་རྟག་ཏུ་མི་གནས་པར་ང་ཚོའི་རྒྱལ་ཁབ་ལ་རང་དབང་བསྐྱར་དུ་ཐོབ་པ་དང་། དབུལ་ཕོངས་ཀྱི་གནས་ནས་གྲོལ་ཏེ་ཡུ་རོབ་རྒྱལ་ཁབ་གཞན་ལྟར་བདེ་སྐྱིད་ལྡན་པ་བཟོ་ཐུབ”

    Reply
  3. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    བོད་ཀྱི་མཐུན་མོང་མ་ཡིན་པའི་ཚིག་སྦྱོར་གཞིར་བཞག་ནས་བསྒྱུར་བ་དེ་ཧ་ཅང་ཡག་པོ་རེད།
    གང་མགྱོག་རྩོམ་ལྷག་རྣམས་དུས་བབས་དུ་བཀོད་ཐུབ་པའི་རེ་བ་ཡོད།

    Reply
  4. བུ་ཡུག says:
    ལོ་ 14 སྔོན།

    ནོར་བསམ་ལགས་སྙིང་ནས་གུས་འདུལ་ཞུ། མུ་མཐུད་དུ་བསྒྱུར་ཐུབ་པའི་རེ་བ་ཡོད་རང་རིགས་སྤྱི་ནང་ཕན་ཐོག་ཡོད་ངེས་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese