མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་དཔེ་འོས་པའི་དཔེ་སྟོན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ཁུ་ལོ་ཌེ་ཨར་པེ་ཡིས་བརྩམས།   ཝཱཎ།  རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

 

རྒྱ་མི་རྣམས་སླར་ཡང་སེམས་འཚབ་བྱུང་ཡོད་ངེས་རེད། གལ་ཏེ་བོད་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མས་ཡོག་ཤེར་Yorkshire རྒྱལ་སྤྱིའི་ཚོང་ལས་ཚོགས་འདུར་གདན་འདྲེན་གྱིས་ཚོང་ལས་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཚེ་རྒྱ་ནག་གིས་ཨོ་རྩེད་སྦྱོང་བརྡར་རུ་ཁག་ལིཌིས་(གྲོང་འཁྱེར་)ནས་ཕྱིར་འཐོན་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད། 

པེ་ཅིན་གྱི་ཕྱི་སྲིད་བློན་ཆེན་མགྲིན་ཚབ་པས་དགའ་མོས་མེད་པའི་ཐོག་ནས་བརྗོད་དོན། ང་ཚོས་རེ་བར་དབྱིན་ཇིའི་ཕྱོགས་ནས་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ནོར་བ་ཡང་ནས་ཡང་དུ་བརྩམ་རྒྱུ་མཚམས་འཇོག་བྱེད་དགོས་དང་།  ཉེ་ཆར་དབྱིན་ཇིའི་མགོ་ཁྲིད་དང་ཏཱ་ལའི་བླ་མ་བར་གྱི་ཐུག་འཕྲད་ཀྱིས་དབྱིན་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་བཟོས་ཡོད། དེའི་འགན་ལེན་ནི་དབྱིན་ཇི་ལ་ཡོད། ཅེས་ཟེར། ཁོང་གིས་འགྲེལ་བརྗོད་ནི། དབྱིན་ཇིའི་སྲིད་བློན་ཌེཝིཌེ་ཁེ་མེརོན་དང་༸གོང་ས་ཏཱ་ལའི་བླ་མ་གཉིས་ཀྱི་གཞུང་འབྲེལ་མ་ཡིན་པའི་མཇལ་འཕྲད་དེའི་སྐོར་རེད།

མགྲིན་ཚབ་པས་ཁོང་ཁྲོ་ཆེན་པོས་ཁ་སྣོན་བྱས་དོན། རྒྱའི་འཐུས་མིས་ཚོས་ཕྱི་ལོ་ ༢༠༡༢ ལོའི་དབྱིན་ཇིའི་ཨོ་རྩེད་ཆེད་དུ་གྲ་སྒྲིག་བྱེད་ཀྱི་ཡོད། ངས་བསམ་པར་ཆབ་སྲིད་དང་རྩེད་མོ་གཉིས་ཐ་དད་འཇོག་དགོས། ཞེས་ཟེར། དེ་ནི་ཀླད་པ་མེད་པ་རང་རེད། བཟང་སྤྱོད་དང་འབྲེལ་བ་ཅི་ཞིག་ཡོད་དམ། དངོས་བདེན་ཐོག་རྒྱ་ནག་གི་རྩེད་འགྲན་པ་ཚོས་༸གོང་ས་ཏཱ་ལའི་བླ་མའི་བཀའ་སློབ་ལ་མཉམ་ཞུགས་བྱེད་དགོས་ངེས་ཤིག་རེད། དེ་ལས་ཁོ་ཚོར་ཕན་ཐོག་བྱུང་ངེས།    

གོ་སྒྲིག་(བཀའ་སློབ།)ཚོགས་མི་སྐུ་ཞབས་མཀི་ཧྥིཐ་ཡིས་བསྒྲགས་གཏམ་སྤེལ་དོན། ༧གོང་ས་ཏཱ་ལའི་བླ་མའི་གསུང་བཤད་མཚམས་འཇོག་དགོས་པའི་བསམ་ཚུལ་སླེབས་པར་ཁོ་རང་ཧང་སང་ཡོད་པ་དང་། དེ་ནི་བྱབ་ཆུང་ཞིག་ཡིན་པར་འདོད། ཁོང་གིས་འདིར་ང་ཚོར་འོས་འཕེན་མ་བྱས་པའི་དམར་ཤོག་པ་འབྱོར་བཞིན་ཡོད་པ་དང་ས་གནས་ཆབ་སྲིད་པ་ཚོར་བཙན་བཀའ་གཏོང་གི་འདུག ང་ཚོས་སྤོབས་པ་གང་བྱེད་ས་དེ་རྒྱལ་ཁབ་འདིའི་ནང་སྨྲ་བརྗོད་རང་དབང་ཡོད་པ་དེ་རེད། ཁོ་ཚོར་དེ་མེད་པ་ཁ་གསལ་གཏིང་གསལ་རེད་ཅེས་ཟེར།  

དུས་འཚུངས་སུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འབར་མའི་དབུ་ཁྲིད་ལྕམ་ཨང་སན་སུ་ཀི་ཡིས་འདས་པའི་མི་ལོ་ ༢༤ རིང་བཟང་བཙོན་ནས་ཆེས་ཐོག་མའི་ཕྱི་རྒྱལ་ཡུལ་གྲུར་ཕེབས་སྐྱོད་གནང་བཞིན་ཡོད། ཁོང་མོའི་དམིགས་ཡུལ་གཙོ་བོ་ནི་ཐེངས་འདིར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྩིས་བཞེས་གནང་རྒྱུ་མ་ཟད། འབར་མའི་ནང་ཕྱིའི་རྒྱལ་ཁབ་ཁག་ནས་དངུལ་བུན་སླར་གསོ་ཡོང་བའི་ཆེད་དུ་རེད། དཔེ་མཚོན་གཉིས་ཕན་ཚུན་མཚུངས་བསྡུར་བྱས་ན། འབར་མའི་དབང་འཛིན་པས་ལྕམ་ཨང་སན་སུ་ཀི་མཆོག་ཡུ་རོབ་ཁུལ་དུ་འཚམས་གཟིགས་སུ་ཕེབས་སྐྱོད་ཆོག་པར་མོས་འཐུན་བྱས་ཡོད། རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་དབུ་ཁྲིད་ལ་མུ་མཐུད་ནས་མཚན་སྨོད་བྱེད་བཞིན་ཡོད།           

དྲན་གསོས་པ་ཞིག་ལ་ཕྱི་ལོ་ ༢༠༠༨ ལོར་སྐུ་ཞབས་ཀྲེང་ཅིན་ནི་སྐབས་དེར་བོད་ནང་དམར་ཤོག་ཚོགས་པའི་གཙོ་འཛིན་ཡིན་པས་༸གོང་ས་ཏཱ་ལའི་བླ་མ་ནི་སྤྱང་ཀི་གྲྭ་ཆས་གྱོན་མཁན་དང་། མིའི་གདོང་ཅན་གྱི་གདོན་འདྲེ་ཞིག་རེད་ཅེས་དང་། རང་ཡུལ་ལ་དགའ་ཞེན་མེད་པའི་མི་དག་ནི་མི་ཡིན་པའི་འོས་ཆོས་ཚང་མེད་པ་རེད་ཅེས་མཚན་སྨོད་གཏམ་བཤད་ཀྱིས་བོད་མི་དམངས་ཀྱི་སེམས་ཀྱི་སྨ་ཁ་ཆེ་རུ་བཏང་ཡོད།

ཉེ་ཆར་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་རྒྱ་ཞེས་པའི་སྟེང་སླར་ཡང་༸གོང་ས་ཏཱ་ལའི་བླ་མར་འཇར་མན་ནཱ་རྫཱི་གཡོ་བྱུས་དང་། བོད་མི་རང་ལུས་མེར་བསྲེགས་ལ་རྒྱུ་སྐུལ་བྱེད་མཁན་ཡིན་པའི་མ་ཉེས་ཁག་གཡོགས་བྱས་ཡོད། ༸གོང་ས་མཆོག་གིས་བོད་ནང་གི་ངོ་རྒོལ་དོན་རྐྱེན་ནི་རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་ཀྱིས་རྐྱེན་པས་རེད་ཅེས་འགྲེལ་བརྗོད་གནང་ཡོད། འདིས་རྒྱ་ནག་དབང་འཛིན་པར་ཚོ་ཁོང་ཁྲོ་ཆེན་པོ་ལངས་ཡོད། དྲ་རྒྱ་དེའི་ཐོག་༸གོང་ས་མཆོག་ནི་རང་ལུས་མེར་བསྲེགས་ཀྱི་མགོ་འདྲེན་བྱེད་མཁན་ཡིན་པའི་སྐྱོན་འཛུགས་དང་། ཁོང་ནི་མགོ་བདེ་གཡོ་སྒྱུ་ཅན་ཞིག་ཡིན་པས་མི་རིིགས་དབྱེ་འབྱེད་ཀྱི་བྷར་ལེན་རྩིག་གྱང་བཟོ་འདོད་ཡོད་པ་རེད་ཟེར། འགྲེལ་བརྗོད་ཁ་སྣོན་བྱས་དོན། ཏཱ་ལའི་བླ་མའི་སྐད་ཆ་དེས་ང་ཚོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་འགོག་ཐབས་བྲལ་བ་དང་གདུག་རྩུབ་ཅན་གྱི་ནཱ་རྫཱི་དྲན་གསོ་བཏང་བྱུང་། ཧཱེ་ཐི་ལར་གྱིས་ཇེའུ་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་དང་ཅི་འདྲའི་གོ་མཚུངས་པ་ཞིག་རེད་མིན་འདུག་གམ་ཞེས་ཟེར།

ཅིའི་ཕྱིར་པེ་ཅིན་ནས་༸གོང་ས་མཆོག་གིས་བོད་ལ་ཚད་མཐོའི་རང་སྐྱོང་གི་དགོས་འདུན་བཏོན་པར་ཅིའི་ཕྱིར་མོས་འཐུན་མི་བྱེད་དམ། དེ་ནི་མུ་མཐུད་ནས་འགྲོ་བཞིན་པ་ཞིག་རེད། ཟླ་བ་སྔོན་མར་འཐབ་ཕྱོགས་གཅིག་འགྱུར་གྱི་ཚོགས་གཙོ་དང་སྲིད་གཞུང་གི་གནས་རིམ་གཉིས་པ་ཡིན་པའི་སྐུ་ཞབས་ཝའུ་པང་གཱོ་ཡིས་དབྱིན་ཡུལ་ནང་བགྲོད་སྐྱོད་བྱེད་རྒྱུ་དེ་༸གོང་ས་མཆོག་དང་དབྱིན་ཇིའི་སྲིད་བློན་མཇལ་འཕྲད་གནང་རྒྱུ་ཡིན་པ་གཏན་འཁེལ་པའི་རྗེས་སུ་ཕྱིར་འཐེན་བྱས་ཡོད། ལི་ཌིས་ནུབ་བྱང་གི་གྲོས་ཚོགས་འཐུས་མི་དང་བོད་དོན་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་སྐུ་ཞབས་ཧྥ་བན་ཧ་མིལ་ཊོན་གྱིས་དེ་ནི་བྱབ་ཆུང་གི་བྱེད་ཐབས་ཞིག་རེད་ཟེར།

གནས་ཚུལ་གཞན་ཞིག་ནི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ནང་པའི་ཚོགས་འདུ་ཞིག་གི་སྐབས། ཀོ་རི་ཡའི་ནང་པའི་ཇོརྒྱ་ཆོས་བརྒྱུད་ཀྱིས་ཁས་ལེན་དང་འགལ་ཞིང་། རྒྱ་ནག་གི་ནང་སྲིད་ལ་ཐེས་བྱུས་བྱས་སོང་ཞེས་བརྗོད་ཡོད། ཇོརྒྱ་ཆོས་བརྒྱུད་ཀྱིས་གོ་སྒྲིག་བྱས་པའི་འཛམ་གླིང་ནང་པའི་ཚོགས་འདུ་དེར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་སློབ་གནང་པར་གདན་ཞུ་གནང་ཡོད་པར། པེ་ཅིན་གྱིས་དེ་ནི་གཞི་རྩའི་ནང་པའི་བསྲུང་བྱ་རྫུན་དང་ཕྲ་མ་ངག་འཁྱལ་བཅས་ལ་འགལ་བ་རེད་ཅེས་ཟེར། ཤིན་ཧཱ་གསར་ཤོག་ཐོག་ཀོ་རི་ཡའི་ནང་པའི་ཆོས་བརྒྱུད་ཀྱིས་ནང་པའི་ཞི་བདེ་བརྟན་ལྷིང་ལ་གཏོར་ཞིག་དང་སྲོལ་རྒྱུན་རྒྱ་ཀོ་གཉིས་ཀྱི་མཐུན་ལམ་ལ་དོ་ཕོག་ཆེན་པོ་བཟོས་ཤིང་། བོད་པ་ཚོར་ནང་ཆོས་སྐོར་སྐད་ཆ་བཤད་དབང་མེད་པ་རེད་ཅེས་ཟེར།

འབར་མའི་དབང་འཛིན་པའི་ཕྱོགས་ནས་གཅིག་བསྡུས་དབང་བསྒྱུར་གུ་ཡངས་ཐོག་ནས་ལྕམ་ཨང་སན་སུ་ཀི་དང་མཉམ་ལས་བྱེད་རྒྱུ་དང་། ཁོ་མོ་ཕྱིའི་རྒྱལ་ཁབ་ཏུ་ཕེབས་སྐྱོད་ཆོག་པ་དང་འབར་མའི་འཐུས་ཚབ་ཅིག་ལ་ཐག་གཅོད་བྱས་ཡོད། ཁོ་མོའི་ཆེས་ཐོག་མའི་འཚམས་གཟིགས་དེ་བཞིན་གེནིཝ་ནང་འབར་མའི་ནང་བཙན་སྐུལ་ངལ་རྩོལ་རྩ་མེད་བཟོ་དགོས་པ་རྒྱལ་སྤྱིའི་ངལ་རྩོལ་ལྷན་ཚོགས་སུ་གཏམ་བཤད་གནང་ཡོད། ཏར་སྤྲིངས་གསར་ཤོག་ཐོག་འགྲེལ་བརྗོད་བྱས་དོན།  འཚམས་གཟིགས་དེ་ནི་འབར་མའི་ནང་ཆབ་སྲིད་འཕོ་འགྱུར་གསར་པ་ཞིག་ཏེ། འདས་པའི་ལོ་བཅུ་ ཕྲག་འགའི་དམག་མིའི་དབང་བསྒྱུར་མཇུག་བསྒྲིལ་དང་མི་མང་སྲིད་གཞུང་གསར་པའི་དབང་ཆ་མངོན་འགྱུར་འོངས་བའི་མཚོན་རྟགས་ཤིག་རེད་ཟེར། བདུན་ཕྲག་གཉིས་ཙམ་གྱིི་འཚམས་གཟིགས་ཐོག་མ་སུ་ཛར་ལནཌི་དང་དེ་རྗེས་ནོར་ཝེ། ཧྥ་རན་སི། དབྱིན་ཡུལ། ཨེར་ལན་ཌི་བཅས་དང་།  ཨོསལོའི་ནང་ཕྱི་ལོ་ ༡༩༩༡ ལོར་ཁོ་མོར་གནང་བའི་ནོ་བྷེལ་ཞི་བདེའི་གཟེགས་རྟགས་ཀྱི་གཏམ་བཤད་གནང་རྒྱུ་རེད།

ཨོསལོའི་ནང་ནོ་བྷེལ་གཟེགས་རྟགས་ཞལ་བཞེས་ཀྱི་གཏམ་བཤད་ནང་། ལྕམ་ཨང་སན་སུ་ཀི་ཡིས་དཀའ་སྙོག་མ་སེལ་བའི་གནད་དོན་ཁག་གླེང་ཡོད། ང་འདིར་ཡོད་པ་ནི་སྐབས་ཤིག་ལ་ང་བསམ་སྤྱོད་རང་དབང་བྲལ་བའི་བཙོན་པ་ཞིག་ཡིན་པས་རེད། ཁྱེད་རྣམས་ཀྱིས་ང་ལ་ལྟ་བ་དང་གསན་གནང་གི་ཡོད། ཐུགས་རྗེའི་གཟིགས་དྲན་དགོས་པ་ཞིག་ནི་ཡང་ཡང་བསྐྱར་ཟློས་བྱེད་རྒྱུའི་བདེན་པ་ནི་བསམ་སྤྱོད་རང་དབང་བྲལ་བའི་བཙོན་པ་ཞིག་ནི་རང་དབང་མང་པོ་དང་བྲལ་བ་རེད། ངའི་རྒྱལ་ཁབ་ནང་མང་པོ་ཞིག་ལ་ད་དུང་རང་དབང་ཐོབ་རྒྱུ་ཡིན་པ་དང་མང་པོ་ཞིག་ལ་དྲང་ བདེན་ལོངས་སྤྱོད་ཐུབ་ཀྱི་མེད་པའི་གྲངས་ཚད་ནི་གཅིག་ལས་མང་བ་ཡོད་ཅེས་གསུངས། ཡུ་རོབ་ཁུལ་ཏུ་བཞུགས་རིང་ཁོ་མོའི་རྒྱལ་ཁབ་ཀྱི་ཁ་གཏད་དུ་གྱུར་བའི་བཙན་ཁྲིམས་དག་གཙང་སེལ་བཟོ་རྒྱུ་དང་དངུལ་བུན་གསར་པ་ཞིག་ཐོབ་ཐབས་ལ་འབད་བརྩོན་གང་ཐུབ་གནང་རྒྱུ་རེད།

འབར་མའི་དབང་འཛིན་པ་དང་ཁོ་མོའི་བར་གྱི་བསམ་ཤེས་ཀྱིས་ཁོ་མོས་རང་གི་སེམས་ནང་གི་སྐད་ཆ་བཤད་ཆོག་པ་དང་། དུས་མཚུངས་ཁོ་མོས་འབར་མའི་གནད་དོན་ཆེད་འབོད་སྐུལ་གནང་ངེས་པ་རེད། དྲི་བ་ཞིག་སླེབས་པ་ནི། ཡུ་རོབ་འཚམས་གཟིགས་ཀྱི་རྗེས་སུ་རླབས་ཆེ་བ་མངོན་འགྱུར་འོངས་མིན་དེ་རེད། དེ་ནི་གསལ་བོའི་ཐོག་ནས་འབར་མ་ཆགས་ངེས་ཡིན་པ་དང་། བྱེ་བྲག་ཏུ་གཅིག་སྡུད་དབང་འགྱུར་ལམ་ལུགས་སྒོ་འབྱེད་བྱེད་རྒྱུར་བློ་སྟོབས་ཅན་གྱི་ད་ལྟའི་རྒྱལ་ཁབ་ཀྱི་དབང་འཛིན་པ་དང་ལྕམ་ཨང་སན་སུ་ཀི་འོས་འདུ་ལ་བཞེངས་ཆོག་པ་བཟོས་ཡོད། (དེང་སྐབས་ཕྱི་རྒྱལ་ཁག་ནང་གཞུང་འབྲེལ་མ་མིན་པའི་སྐུ་ཚབ་ལྟ་བུར་སྐྱོད་བཞིན་ཡོད།) དམག་སྤྱི་མཆོག་གིས་རྟོགས་ཐུབ་པ་ནི། གལ་ཏེ་ཁོ་བ་ཚོས་མཚན་སྙན་གྲགས་དང་གུས་བཀུར་ཅན་གྱི་ཕྱོགས་འགལ་པ་བེད་སྤྱོད་གཏོང་ཐུབ་ཚེ། དེ་ནི་རྒྱལ་ཁབ་ལ་རྒྱལ་ཁའི་ཐབས་ལམ་ཞིག་ཡིན་པ་དེ་རེད།    

པེ་ཅིན་མགོ་ཁྲིད་ཚོས་འདི་གོ་རྟོགས་ཐུབ་ཀྱི་ཡོད་དམ། ཅིའི་ཕྱིར་ཁོ་བ་ཚོས་༸གོང་ས་ཏཱ་ལའི་བླ་མ་དགྲ་བོ་དང་གདོན་འདྲེ་ལྟ་བུར་བཟོ་རྒྱུ་ལས་ལྡོག་ནས་མཉམ་ལས་འབྲེལ་འཐུད་པ་དང་འཐུས་ཚབ་པ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱེད་ཐུབ་ཀྱི་མེད་དམ། དེས་རྒྱ་བོད་གཉིས་ཀྱི་ནང་རླབས་ཆེན་གྱི་འཕོ་འགྱུར་འབྱུང་ངེས་(ཕྱོགས་མཚུངས་ཀྱི་རྒྱ་གར་ལའང་)པ་དང་། རྗེས་འབྲས་མང་པོ་འབྱུང་ངེས།  གཅིག་ནི་རྒྱ་ནག་བརྟན་ལྷིང་དང་། ཆེ་མཐོང་དང་གུས་བརྩི་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་པ་དང་། དེས་རྒྱ་ནག་གི་གཟུགས་བརྙན་རྦད་དེ་འགྱུར་ལྡོག་འབྱུང་ངེས་རེད། མ་གཞི་ནས་གཟུགས་བརྙན་ནི་རྒྱ་མིའི་སེམས་ཁམས་ནང་རྟག་ཏུ་གལ་ཆེན་དོན་ཆེན་ཞིག་ཡིན།  

རིམ་པས་བོད་མི་དམངས་ཀྱི་སེམས་ནད་བསངས་པ་དང་། གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་དང་རྒྱུན་ཆད་མེད་པའི་དོན་རྐྱེན་དག་ཀྱང་མཚམས་འཇོག་ཡོང་ཐུབ་ཀྱི་རེད། ཕུགས་རྒྱང་རིང་པོར་བོད་རྒྱ་ནག་གི་མངའ་ཁུལ་གཞན་ཚོར་དཔེ་སྟོན་ལྟ་བུ་ཞིག་ཏུ་འགྱུར་སྲིད། ལྷག་པར་དུ་ཕྱི་ལོ་ ༡༩༧༨ ལོའི་ནང་ཏིང་ཞའོ་པིན་གྱིས་མགོ་འཛུགས་བྱས་པའི་‘དཔའ་འབྱོར་ནི་རླབས་ཆེན’ཞེས་པའི་ཚང་ཚིང་དུ་ཚུད་པའི་རྒྱ་ནག་གི་གཞོན་སྐྱེས་ཚོར་༸གོང་ས་མཆོག་ནས་ཆོས་ཕྱོགས་ཀྱི་ལམ་སྟོན་གཟིགས་སྐྱོང་ཐོབ་ཐུབ། དཔའ་འབྱོར་གྱིས་རྒྱ་མི་ཚོར་ཕྱི་དངོས་པོའི་ཕན་བདེ་གང་ཙམ་ཐོབ་ཡོད་མོད་ཀྱང་། བརྒྱུད་རིམ་དེའི་ཁྲོད་མང་པོ་ཞིག་གིས་སོ་སོའི་གཏིང་ཟབ་པའི་སྲོལ་རྒྱུན་བཟང་སྤྱོད་བརླགས་ཚར་ཡོད།

ཞི་ཆིན་པིན་གྱིས་མགོ་འཁྲིད་པའི་མི་རབས་རྗེས་མའི་མགོ་ཁྲིད་ཚོས་འདོད་པའི་རྒྱ་ནག་གི་གཟུགས་བརྙན་དེ་གཏན་ལྷིང་དང་གུས་བརྩིའམ་ཡང་ན་བྱབ་ཆུང་དང་ནག་ཐིག་ཅན་ག་འདྲ་ཞིག་དགོས་མིན་ཐག་གཅོད་བྱེད་རྒྱུ་དེ་རེད། འབར་མའི་དཔེ་སྟོན་དེས་ཁོ་ཚོར་སེམས་སྐུལ་ཐེབས་དགོས་ངེས་ཤིག་རེད། 

 

རྩོམ་ཡིག་འདི་ནི་ཁུ་ལོ་ཌེ་ཨར་པེ་(Claude Arpi)ལགས་ཀྱིས་ ༢༠༡༢། ༦། ༢༡ ཉིན་རྒྱ་གར་ཉིན་རེའི་གསར་ཤོག་ (The Pioneer)ཞེས་བའི་ཐོག་སྤེལ།

མ་རྩོམ་གྱི་ཁ་བྱང་།   http://www.dailypioneer.com/columnists/itemlist/user/131-claudearpi.html

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༩ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

༢༠༢༥/༠༧/༠༣
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 1

  1. གོང་དཀར་ངག་རྣམ། says:
    ལོ་ 13 སྔོན།

    དཔྱད་བརྗོད་ཀྱི་རང་བཞིན་ལྡན་པའི་སྒྱུར་རྩོམ་ལེགས་པོ་ཞིག་སྤེལ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese