མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་སྐུའི་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཁམས་རྟའུ་དང་མདོ་སྨད་རྨ་ཆུ་བཅས་སུ་༸གོང་ས་མཆོག་དགུང་གྲངས་ ༧༧ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་འདུག

དགའ་ལྡན་ཏྲེ་ཧོར་ཁམས་ཚན་གྱི་གྲྭ་ཡ་མ་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་༸གོང་ས་མཆོག་དགུངས་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་པ་ལྟར། བོད་ནང་གི་ཁམས་རྟའུ་རུ་བོད་མི་ཚོས་རྒྱ་ནག་གཞུང་གིས་རྟའུ་ས་གནས་ཀྱི་རྨ་རྒྱལ་སྦོམ་ར་ཞེས་འབོད་པའི་རི་མགོ་ཡོངས་སུ་དམག་མིའི་བསྐོར་བ་དང་ས་གནས་སུ་དམ་དྲག་ཤུགས་ཆེར་བྱས་པའི་དབང་གིས་ནམ་རྒྱུན་ལྟར་རི་རྩེར་གསང་གསོལ་དང་ས་གནས་སུ་རྟ་རྒྱུགས་འགྲན་བསྡུར་སོགས་བྱས་ཐུབ་མེད་ཀྱང་། ཁ་སང་ཉ་མཚོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་གིས་དགོན་པའི་མདུན་གྱི་མཆོད་རྟེན་ཉེ་འཁྲིས་སུ་ལྷ་གསང་བཏང་ཡོད་པ་མ་ཟད། ༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དགོན་པར་གདན་ཞུ་གནང་བ་དང་། སྐྱ་སེར་གཉིས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་སོགས་བྱས་ཏེ་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་འདུག་ལ། དེ་བཞིན། ཁ་སང་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུ་ར་ས་ཁུལ་དུའང་རྒྱ་གཞུང་གིས་དམ་དྲག་དང་ལྟ་རྟོག་བྱས་མིན་ལ་མ་ལྟོས་པར། བོད་མི་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ས་གནས་ཀྱི་རི་རྩེར་ལྷ་གསང་བཏང་སྟེ་སྐུའི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་ཆར་བོད་ནང་གི་བོད་མི་ཚོས་སྔར་དང་མི་འདྲ་བར་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ལྷག་པར་དུ་ལྷ་སའི་ས་གནས་གང་སར་རྒྱ་གཞུང་གིས་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲ་ཤུགས་ཆེར་བྱེད་ཀྱི་ཡོད་ཀྱང་། ཁ་སང་ལྷ་སར་གནས་སྡོད་བོད་མི་ཚོས་ཞོགས་པ་སྔ་བོ་ནས་ཇོ་ཁང་མདུན་དུ་གསང་གསོལ་གཏོང་བ་དང་མཆོད་མཇལ་སོགས་བྱས་ཡོད་པ་མ་ཟད། ཁམས་དང་ཨ་མདོའི་དགོན་སྡེ་ཁག་དང་ས་གནས་ཁག་ཅིག་ཏུའང་རྣམ་པ་འདྲ་མིན་གྱི་ལམ་ནས་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 8

  1. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    གཞིས་ལུས་བོད་མིའི་དད་པ་དམ་ཚིག་གཡོ་བ་མེད་པ་དེར་བསྔགས་བརྗོད་ཡོད།

    Reply
  2. གྲྭ་རྒོད says:
    ལོ་ 13 སྔོན།

    གསར་འགྱུར་གྱི་བདེན་རྫུན་ལ་གཟིགས་ནས་བགོད་རོགས། དོན་དངོས་ཞིག་ཡིན་ནའང་ཡིད་ཆས་བྱེད་དཀའ་བས་གནས་སུ་འགྲོ་སྲིད། རྨ་རྒྱལ་སྦོམ་ར་ཨa་མདོ་མགོ་ལོག་དང་ཐག་ནེ་སར་ཡོད་མདོ་སྨད་རྨ་ཆུ་དང་ཁོ་གཉིས་མཉམ་དུ་ལབ་རྩེ་བསྟོད་སྟེང་ཞིག་དཀའ། ད་དུང་ཁམས་རྟའུ་བོ་ཟེར་བ་དེ་ཚོ་མཉམ་དུ་ཡོད་མེད་ཤེས་ཀྱི་མེད་འོན་ཀྱང་མགོ་ལོག་ཏུ་ཁམས་རྟའུ་ཟེར་བ་ཞིག་མེད་པ་ངས་་གསལ་བོར་ཤེས།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    དེང་སྐབས་ཚང་མ་ལོ་དེ་སེ་འཁྲིག་འདུག ཁ་སང་དེ་རིང་བོད་ནང་དམག་མི་ཁེངས་འདུག་པས། རྗོང་རེའི་བར་དུའང་ལམ་ཡིག་དགོས་པ་རེད། མི་རེ་གཉིས་ཤིག་བྱུང་ཡོད་སྲིད་ཀྱང་དེ་ཚང་མ་ལོའི་སེམས་འདུན་མཚོན་བྱེད་ལས་དོན་དངོས་ཡིན་རྒྱུ་མ་རེད། སྐུ་མདུན་ལ་འདི་ལྟར་རྫུན་ཤོད་སྲོལ་ཞིག་འདུག་གམ།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བོད་ནང་ཡོད་པས་རང་སྲོག་འབེན་དུ་བཙུགས་ནས་དད་གུས་ཆེན་པོ་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་བྱེད་ཀྱི་ཡོད་རུང། བོད་མི་ཕྱི་སྡོད་བཙན་བྱོལ་བ་ཚོར་གསལ་བསྒྲགས་དང་། འབོད་སྐུལ་མ་གཏོགས་རང་ཉིད་ཀྱི་དུས་ཚོར་གཙོ་འཛིན་བྱེད་ཀྱིས་ཡོད་པས་བོད་མིའི་རྩ་དོན་སྒྲུབ་ཆོག་ཡང་དེ་མཚུངས་ཡིན་དེ་ཚོའི་ཐོག་ནས་ང་ཚོ་ཕྱི་སྡོད་པའི་རང་མདོག་གསལ་པོ་མངོན་གྱི་མི་འདུག་གམ།

    Reply
  5. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    ཤེས་རབ་འབྱུང་གནས་ལགས་ནས་དོག་འདྲི་བྱས་པ་ཡག་པོ་བྱུང་སོང་ལ། དོན་གོས་གསལ་བཤད་དེ་ཡང་ཡག་བྱུང་། དེ་མ་གཏོགས་ང་དང་ངའི་ཉེ་འཁོར་གྱི་མི་མང་པོ་ཞིག་ཀྱང་གནས་ཚུལ་འདིར་མགོ་རྨོངས་ནས་བསྡད་འདུག ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཞུ།།

    Reply
  6. ནད་པ says:
    ལོ་ 13 སྔོན།

    ཡིན་དང་ཡིན། གཞི་ལུས་བོད་མིས་རང་གི་གཅེས་པའི་ཚེ་སྲོག་དམར་པོའི་མེ་ལ་བསྒྲོན་ནས་མེད་པར་སྐུའི་འཁྲུངས་སྐར་ཉིན་མོར་སྲུང་བརྩིའི་རྟེན་འབྲེལ་བྱས་དང་བྱེད་བཞིན་ཡོད་ལ་ད་དུང་བྱ་རྒྱུ་ནམ་ཡང་མཚམས་འཇོག་ག་ནས་འོང་།

    ༸ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་འབངས་བདེ་ལ་འཁོད་པར་ཤོག འཛམ་གླིང་ལ་ཞི་བདེ་ཡོང་བར་ཤོག །

    Reply
  7. དོན་གོ says:
    ལོ་ 13 སྔོན།

    ཀློག་པ་པོ་ཤེས་རབ་འབྱུང་གནས་ལགས། རྟའུ་ས་གནས་ཀྱི་སྐྱ་སེར་གཉིས་ཀ་མགོ་ལོག་རྨ་ཆེན་སྤོམ་རའི་འདབས་སུ་སོང་སྟེ་གསང་གསོལ་བཏང་བ་མེད་པ་ཁྱེད་ཀྱིས་ཤེས་ཀྱི་རེད་ལ་ཀློག་མཁན་རྣམ་པས་ཀྱང་ཤེས་ཀྱི་རེད་བསམ། གསང་གསོལ་གཏོང་སའི་གནས་རི་དེའི་མིང་ལ་ས་གནས་མི་མང་གིས་རྨ་རྒྱལ་སྦོམ་ར་ཞེས་འབོད་ཀྱི་འདུག གནས་རི་དེའི་མིང་ད་ལྟའི་བར་གསར་འགྱུར་བརྒྱུད་ལམ་དུ་ཐེངས་མང་པོར་ཡོང་ཡོད་པ་རེད། གནས་ཚུལ་གསལ་ཁ་བཏོད་ཡོད་མེད་ཀྱི་ཐད་ནས་གོ་བ་ལོག་ཡོད་ན་དགོངས་དག་ཞུ་བ་ཡིན།

    Reply
  8. ཤེས་རབ་འབྱུང་གནས། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་དང་ཀློག་མཁན་ཚོ།

    གསར་འགྱུར་འདི་བདེན་པ་ཡིན་རྒྱུ་རེད་དེ།   ཡིན་ན་ཡང་ཅུང་ནོར་ཡོད་པ་འདྲ།   ཁམས་རྟའུ་དགོན་པ་གང་ན་ཡོད་ཤེས་དགོས།   རྨ་རྒྱལ་སྦོམ་ར་ཨ་མདོ་མགོ་ལོག་རྨ་ཆེན་རྫོང་གི་ཐག་ཉེར་ཡོད་རེད།   ཁམས་རྟའུའི་མི་དེ་ཚོ་འཁྲུངས་སྐར་བསྲུང་བརྩི་གནང་ཆེད་མགོ་ལོག་རྨ་ཆེན་དུ་ཕེབས་པ་རེད་དམ།   
    འདི་ལ་དཔྱད་ཞིབ་བྱེད་དགོས།   སྤྱིར་བཏང་གསར་འགོད་པ་ཞིག་ལ་མཚོན་ན།   མཐོང་ཐོས་གང་བྱུང་བ་རྣམས་ཐད་ཀར་གསར་འགྱུར་ཐོག་འགོད་རྒྱུ་དེ་ཡིན་མོད།   བདེན་མིན་དཔྱད་པ་ཅི་ཡང་མི་གཏོང་བར་གསར་འགྱུར་ཐོག་གཏོང་རྐྱང་བྱས་ན་ཡང་མི་འགྲིགས་པས་རྗེས་ཕྱོགས་དཔྱད་ཞིབ་ཅུང་ཙམ་རེ་གནང་རོགས།  

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese