མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ཨ་ལཊ་འཇིཊ་མེད་མཆོག་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་བཀའ་ཟུར་ཨ་ལཊ་འཇིཊ་མེད་རིན་པོ་ཆེ་མཆོག་སྐུའི་སྙུང་གཞིའི་རྐྱེན་པས་ཀཱང་རཱ་རྫོང་བྷ་ལ་རྗེ་སྒེར་གྱི་སྨན་ཁང་དུ་སྐུ་གཤེཊ་འདུག

ཉེ་ལམ་ནས་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ལ་སྐུ་སྙུང་བཞེས་བཞིན་པ་ལྟར།  དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་ཁོང་གི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་ཀཱང་ར་རྫོང་བྷ་ལ་རྗེ་ (Shree Balaji hospital ) སྒར་གྱི་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། མཐར་དྲག་སྐྱེད་མ་བྱུང་བར་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༡༥ སྟེང་སྨན་ཁང་དེར་སྐུ་གཤེཊ་འདུག

བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༨  ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས། དགུང་ལོ་ ༧ སྟེང་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གྱིས་རོང་པོ་དགོན་ཆེན་དུ་ཕེབས་ཏེ་འབྲི་ཀློག་དང་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་བ་དང་། ཤར་སྐལ་ལྡན་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་རྒྱ་མཚོ། དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་བླ་མ་དགེ་བཤེས་མང་པོའི་མདུན་ནས་དབང་ལུང་གསན་གནང་མཛད་ཡོད། རོང་པོ་དགོན་ཆེན་གྱི་གྲྭ་ཚང་གསེར་ཁྲི་ལོ་གསུམ་རིང་བསྐྱངས། ༡༩༥༤ ལོར་ཡབ་ཡུམ་དང་མཉམ་ལྷ་སར་གནས་མཇལ་དུ་ཕེབས་ཞིང་། རྩེ་ཕོ་བྲང་དུ་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་སྐབས་གདན་ས་གང་རུང་ཞིག་ཏུ་སློབ་གཉེར་གསན་བཞེས་གནང་ན་ལེགས་པོའི་བཀའ་སློབ་སྤྱི་ཕེབས་ལྟར། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བཞུགས་ནས་ཕར་ཕྱིན་དང་དབུ་མའི་གཞུང་ལ་སློབ་གཉེར་གནང་། ༡༩༥༩ ལོར་དགའ་ལྡན་དུ་༸གོང་ས་མཆོག་གིས་གྲྭ་སྐོར་དམ་བཅའི་མཛད་རིམ་བསྐྱངས་སྐབས། འཇིགས་མེད་རིན་པོ་ཆེས་༸གོང་ས་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཕེབས་གདན་ཞུས་ཀྱིས་མཎྜལ་ལྗགས་བཤད་དང་སྦྲགས་༸གོང་ས་མཆོག་ལ་དབུལ་དངོས་དང་། དགའ་ལྡན་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་བཅས་ལ་བསྙེན་བཀུར་རྒྱ་ཆེ་ཞུས་ཡོད།

༡༩༥༩ ལོའི་ཕྱི་ཟླ་ ༥ པའི་ནང་འབྲུག་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་དང་། དེ་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་ཞིང་། བྱང་རྩེ་གྲྭ་ཚང་དུ་དབུ་མ་གསར་བའི་དམ་བཅའ་ཡང་བཞག ༡༩༦༥ ལོའི་ལོ་མཇུག་ཏུ་སྐབས་གསུམ་པའི་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་བྱུང་ཞིང་། སྐབས་དེར་བཀའ་ཤག་དང་༸གོང་ས་མཆོག་ལ་སློབ་གཉེར་འཕྲོ་སྐྱོང་ཆེད་སྤྱི་འཐུས་ལས་ཁུར་དགོངས་ཞུ་གནང་ཡང་བཀའ་འཕྲོད་མ་ཐོབ་པར་བརྟེན་སྤྱི་འཐུས་ཀྱི་ཕྱག་ལས་གནང་། དེ་ནས་རིམ་བཞིན་སྤྱི་འཐུས་སྐབས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་ ༡༣ རིང་གནང་ཡོད། སྐབས་ལྔ་བའི་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་པ་དང་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་ཞོར་ལྕོག་གནང་བ་དང་། སྐབས་དྲུག་པའི་སྤྱི་འཐུས་ཚོགས་གཙོ་གནང་ཡོད། ༡༩༧༩ ལོ་ནས་ལོ་ ༦ རིང་རྩིས་ཞིབ་འགན་འཛིན་གནང་བ་དང་། ༡༩༨༥ ལོར་༸གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་བ་བོད་དུ་བསྐྱོད་སྐབས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་མིང་ཐོག་ནས་ཕེབས། ༡༩༨༦ ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་རིང་ཕྱག་ལས་གནང་བ་དང་། དེ་ནས་བདེ་སྲུང་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་སོང་མཚམས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གིས་ལོ་ ༤ ཙམ་རིང་བདེ་སྲུང་བཀའ་བློན་གནང་། ལོ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་བལ་ཡུལ་དུ་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐབས་༸གོང་ས་མཆོག་སྐུ་ཚབ་གནང་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་དུ་ཕེབས། ༡༩༩༡ ལོར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་གིས་ལོ་ ༦ རིང་ཕྱག་ལས་གནང་། ༡༩༩༦ ལོར་བཅའ་ཁྲིམས་དགོངས་དོན་ལྟར་༸གོང་ས་མཆོག་གིས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་ཐད་བསྐོས་གནང་བ་དང་། བཅའ་ཁྲིམས་དགོངས་དོན་བཞིན་༸གོང་ས་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཏེ་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་གྱི་ཕྱག་ལས་གནང་།  

༡༩༩༩ ལོར་གཞིས་བྱེས་མང་ཚོགས་ཀྱི་ངོ་བོ་མཚོན་པའི་ཚོགས་ཆེན་གྱི་ཐོག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་གསོལ་འདེབས་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་དགོངས་པ་རྫོགས་ནས་ལོ་ ༡༠ འཁོར་བའི་རྗེས་དྲན་མཛད་སྒོའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས་ཏེ་མཛད་རིམ་དེའི་ཐོག་མཐའ་བར་གསུམ་གྱི་འགྲོ་གྲོན་རྣམས་ཀྱང་རིན་པོ་ཆེ་རང་ཉིད་ཀྱིས་ཐབས་ཤེས་བཅས་གནང་ཡོད་འདུག 

༼ གོང་གི་རིན་པོ་ཆེ་མཆོག་གི་ལོ་རྒྱུས་ཚན་པ་འདི་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༤༩ སྟེང་གི་མི་སྣ་ངོ་སྤྲོད་ཚན་པ་ལས་བཤུས་པ་ཡིན། ༽

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 15

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    ཞིང་བཤེགས་དམ་པ་བདེ་སྲུང་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་ཐོས་པས་ཡིད་སེམས་སྐྱོ་ལྷང་ལྷང་བྱུང་།
    གང་གི་སྐྱོང་ཡུལ་སྤྱི་དང་བླ་བྲང་ཉེ་འབྲེལ་ཡོངས་ལ་སེམས་གསོ་དང་འཇིག་རྟེན་ལས་འདས་པའི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བཞེས་པའི་སྨོན་ལམ་འདེབས།

    Reply
  2. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་བོར་བོད་བསྟན་སྲིད་ཆེད་ཕྱག་ལས་གནང་བ་རེད། སྐུ་ཚེ་གང་བོར་ཆབ་སྲིད་ཁོ་ནར་འབད་པ་རེད། ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་མང་པོ་ཞིག་བློས་གཏོང་གནང་བ་རེད། དེས་་ཕྱིར་ཁོང་བགྲོད་ཟིན་པའི་ལམ་བུར་ཀྱག་ཀྱོག་མང་པོ་འཕྲད་ཡོད་རེད་ལ། ཉེས་པ་འང་མང་པོ་བསགས་ཡོད་རེད། བཛྲ་སྭ་ཏྰ་ཧཱུྃ བཛྲ་སྭ་ཏྰ་ཧཱུྃ བཛྲ་སྭ་ཏྰ་ཧཱུྃ བཛྲ་སྭ་ཏྰ་ཧཱུྃ ཞིང་བདེ་བ་ཅན་ནས་སྐྱེ་བར་ཤོག། མགོན་པོ་འོད་དཔག་མེད་ཀྱིས་ལམ་སྣ་དྲོངས། ཤུལ་ལུས་དག་ལ་མྱ་ངན་ཞུ།

    Reply
  3. རྣོ་ཁབ་ལེན། says:
    ལོ་ 13 སྔོན།

    ཞིང་གཞན་ནས་སྐུ་གཤེགས་ཁོང་གི་ཐུགས་དགོངས་ཡོངས་སུ་རྫོགས་ཏེ་གང་མགྱོག་བསྟན་འགྲོར་ཕན་པའི་སྐྱེ་མཆོག་དམ་པ་ཞིག་འཁྲུངས་པར་སྨོན།

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 13 སྔོན།

    ༄༅། །ཆེས་བཀུར་བར་འོས་པའི་ཞིང་གཤེགས་དམ་པ་བཀའ་ཟུར་༧སྐྱབས་རྗེ་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེའི་སྐུ་ཚ་ལྷག་བསམ་ཤེས་འཇོན་མཚུངས་མེད་བློ་བཟང་ཐུབ་བསྟན་སོགས་བླ་བྲང་ཤུལ་བཞུགས་པ་ཡོངས་ཀྱི་ཞབས་དྲུང་དུ།
    ཆེད་གསོལ།
    བཀའ་ཟུར་དམ་པ་༧སྐྱབས་རྗེ་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་ནི་སྐུ་ཚེ་གང་ལ་༧གོང་ས་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་ཐུགས་དགོངས་ཟབ་མོ་གཞིར་བཟུང་། བོད་བསྟན་སྲིད་མི་རིགས་ཁོ་ནའི་ཆེད་སྐུ་ཚེ་ཧྲིལ་བོ་སྤྱི་དོན་དུ་བཏང་བའི་རང་རེའི་རླབས་ཆེན་རྒྱལ་གཅེས་མི་སྣ་ཆེས་རྩ་ཆེན་ཞིག་ཡིན་པར་བརྟེན། ཐེངས་འདིར་ཁོང་ཞིང་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནི་གང་གི་བླ་བྲང་དང་། དགའ་ཉེ་ཡུལ་ཕྱོགས་ཙམ་མིན་པར་རང་ཁོངས་མདོ་སྨད་ཆོལ་ཁ་དང་། དེ་མཚུངས་བོད་སྤྱི་ལ་སོས་ཐབས་བྲལ་བའི་གྱོང་གུད་ཚབས་ཆེན་ཞིག་ཡིན་པ་སྨོས་མ་དགོས།
    འོན་ཀྱང་འཇིག་རྟེན་མི་རྟག་པའི་སྣང་ཚུལ་ནི་ཟློག་ཐབས་གཏན་ནས་མ་མཆིས་པས་བླ་བྲང་ཤུལ་བཞུགས་པ་རྣམས་སོགས་ཀྱིས་ཐུགས་ཕམ་ཆེན་པོ་གནང་བས་གང་ཡང་མི་ཕན་པས་ན། དེ་ལྟར་མི་གནང་བའི་རེ་གསོལ་ཞུ་རྒྱུ་དང་།
    ང་ཚོ་ཤུལ་ལུས་པ་དག་གིས་ཀྱང་དམ་པ་ཁོང་གི་མཛད་རྗེས་ལ་ཡི་རང་ཞུས་ཏེ། མི་ཚེ་ཧྲིལ་པོར་སྤྱི་ཚོགས་ཞབས་ཕྱི་སོགས་ཁོང་གི་རྗེས་སུ་སློབ་རྒྱུའི་དམ་བཅའ་རེ་མི་རེའི་སེམས་ནང་འཇོག་གལ་ཆེ་བ་དང་།
    ལྷག་ཏུ་དམ་པ་གང་གིས་རང་རེའི་སྤྱི་ཚོགས་ཆེད་འགོ་འཛུགས་གནང་ཟིན་པའི་རླབས་ཆེན་ཕྱག་ལས་གང་ཇི་སྙེད་ཅིག་འཕྲོ་ཅན་དུ་ལུས་ཡོད་པ་དེ་དག་ཁོང་གི་ཐུགས་བཞེད་ལྟར་ལེགས་འགྲུབ་འབྱུང་ཐབས་ལ་བརྩོན་རྒྱུ་ནི་སྐྱེས་མཆོག་གང་གི་ཐུགས་དགོངས་ཟབ་མོ་རྫོགས་བྱེད་དང་། ཆེས་ཐུགས་དགྱེས་པའི་དགོངས་རྫོགས་མཆོད་སྤྲིན་ལེགས་ཤོས་དེ་ཡིན་པ་མཁྱེན་པའི་སྒོ་ནས་དེ་ལྟར་བརྩོན་པ་གནང་སྐྱོང་ཡོང་བར་ཞུ་རྒྱུ་དང་། ལས་དོན་དེ་དག་གི་ཆེད་བླ་བྲང་ཞབས་འབྲང་པ་སོགས་འབྲེལ་ཡོད་སུ་ཞིག་གིས་བཀོད་མངག་བྱུང་ཡང་དམ་པ་གང་གི་བཀའ་དྲིན་དྲན་ཤེས་ཐུབ་པ་ཡོངས་ཀྱིས་རང་དོན་རང་གཅེས་ཀྱིས་འབད་བརྩོན་ལྷོད་མེད་དགོས་པའི་དྲན་བསྐུལ་དུ། མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཕྱི་ལོ་༢༠༡༢ཟླ་༧ཚེས་༢༧ཉིན་ཕུལ།།

    Reply
  5. རྟ་མགྲིན། says:
    ལོ་ 13 སྔོན།

    བདེ་བ་ཅན་ནས་སྐྱེ་བར་ཤོག གང་ལྟར་བསྟན་སྲིད་ཉག་ཕྲའི་སྐབས་ཀྱི་བོད་ཀྱི་མི་དྲག་ཅིག་རེད། སེམས་གཏིང་ནས་མྱ་ངན་དང་གུས་འདུད་ཡོད།

    Reply
  6. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ཁོང་འདི་གར་ཟླ་ཤས་སྔོན་ཕེབས་ནས་ལྷོད་མཇལ་བྱུང་། ཕར་ཕེབས་ཁར་ད་ངེད་གཉིས་རྗེས་སུ་ཐུག་ཐུབ་རྒྱུ་མ་རེད་གསུངས་སོང་བས། ཨ་ལགས་ཁྱེད་ཀྱིས་དེ་ལྟར་མ་གསུངས། ང་འདི་ལོའི་དགུན་སྟོད་ལ་རྡ་སར་ཡོང་གི་ཡིན་པས་དེ་དུས་མཇལ་ཆོག་པ་ཞེས་ཞུས་པ་ཡིན། དེ་དུས་ཁོང་གི་ཞལ་རས་ཞུམ་ཉམས་ཙམ་མ་གཏོགས་དེ་ཙམ་གྱི་སྙུང་གཞི་ཡོད་བཟོ་མི་འདུག་ཀྱང་། སྨན་པས་ཡུན་རིང་མི་འཚོ་ཚུལ་བརྗོད་པའམ་ཁོང་གིས་ཁོང་ཉིད་རྒྱུན་རིང་མི་བཞུགས་པ་མཁྱེན་པ་གང་ལྟར་དོགས་པ་སྐྱེ་གཞིའི་གསུང་དེ་འདྲ་ཞིག་བྱོན་ནས་ཕེབས་སོང་། ད་ནི་འདུས་བྱས་མི་རྟག་པའི་རང་མཚང་ངོམ་སོང་། བདེ་བ་ཅན་དུ་སྐྱེ་བར་སྨོན།

    Reply
  7. ནོར། says:
    ལོ་ 13 སྔོན།

    རྡ་སའི་རི་གྲོང་གི་མཐོ་བཤད་དམའ་བཤད་ལ་རྫོགས་རྒྱུ་ཡོད་མི་སྲིད་མོད། ཁོང་གིས་མི་ཚེ་ཧྲིལ་བོ་རྡ་སའི་རི་གྲོང་གཏིམ་ཟིན་པར་ཡི་རང་ཞུའོ།།

    Reply
  8. རྩེ་སྐོར་ཚང་ཆོས་འཕེལ། says:
    ལོ་ 13 སྔོན།

    རིན་པོ་ཆེ་མཆོག་ལ་ལོ་རྒྱུས་འདི་ལས་ཚད་ས་ཡོད་པ་མ་རེད། རིང་ཐག་ཆོད་ཅིག་ཡོད་པ་རེད། འདིར་ཕྱོགས་གཅིག་མ་གཏོགས་བཀོད་མི་འདུག དངོས་གནས་ལོ་རྒྱུས་འབྲི་རྒྱུ་ཡིན་ན་ཡག་བཙོག་གཉི་ག་འཁོད་དགོས་པ་རེད། ད་དུང་འདིར་མ་ཡིན་པ་དེ་འདྲའང་འཁོད་འདུག

    Reply
  9. བེ་རོ་ཙ་ན། says:
    ལོ་ 13 སྔོན།

    ༸ སྐྱབས་རྗེ་བཀའ་ཟུར་ཨ་ལག་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ་ནི་བོད་ལ་གྱོང་གུད་ཆེན་པོ་རེད་བསམ། དམ་པ་ཁོང་ནི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་མི་ལོ་ལྔ་བཅུའི་རིང་གཞུང་དོན་ཁོ་ནས་ཆེད་ཕྱག་ལས་གནང་མཁན་ཞིག་ཡིན་པ་ཀུན་གྱི་མཁྱེན་གསལ་རེད། དེ་རིང་ཁོང་སྐུ་གཤེགས་པ་དེ་མྱ་ངན་གུས་འདུད་དང་བཅས། ཁོང་གི་ཡང་སྤྲུལ་ཉི་མ་གཞོན་ནུ་གང་འགྱོགས་འབྱོན་པའི་སྨོན་མདུན་ཞུ།

    Reply
  10. བསྟན་འཇམ། says:
    ལོ་ 13 སྔོན།

    བོད་ཀྱི་བཀའ་ཟུར་ཞིག་གཤེགས་པ་ལ་མྱ་ངན་གུས་འདུད་ཞུ།

    Reply
  11. སྐར་མདའ། says:
    ལོ་ 13 སྔོན།

    བོད་ཀྱི་སྤྱི་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ཕྱག་ལས་གནང་མཁན་ཞིང་གཤེགས་དམ་པ་འཇིགས་མེད་རིན་པོ་ཆེ་ཁོང་ལ་གདུང་ཤུགས་དྲག་པོས་མྱ་ངན་གུས་འདུད་ཞུ།

    Reply
  12. ལྷ་བཟང་། says:
    ལོ་ 13 སྔོན།

    ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག་ལ་མཚོན་ན་མཇལ་མྱོང་ཡོད་ཀྱང་། ཕན་ཚུན་བཀའ་མོལ་གནང་བ་དེ་འདྲའི་འབྲེལ་འདྲིས་གང་ཡང་མེད། ཁོང་ལ་མཚོན་ན་ལབ་རྒྱུ་གླེང་རྒྱུ་མང་པོ་ཡོད་ཀྱང་༧སྐུ་མདུན་བཞིན་ནོར་བུ་མཆོག་དང་དཀའ་སྡུག་མཉམ་མྱོང་གིས་སྐུ་ཚེ་གང་བོར་རྒྱ་གར་རྡ་རམ་ས་ལར་བཞུགས་མཁན་གྱི་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྙིང་གྲས་ཡིན་པ་མ་ཟད། ཀྱག་ཀྱོག་གི་དཀའ་ངལ་མང་པོ་བརྒྱུད་མྱོང་བའི་མི་སྣ་བྱས་རྗེས་ཅན་ཞིག་ཀྱང་ཡིན། དེ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བླ་མེད་ཡོད།།

    Reply
  13. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 13 སྔོན།

    བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་མཆོག་སྐུ་གཤེགས་པར་མྱ་ངན་དང་གུས་འདུད་ཞུ་གྲངས་མེད་ཞུ། ཁོང་ནི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་སྲིལ་བོར་ཕྱག་ལས་གནང་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ཀྱང་ཡིན་པས་བཙན་བྱོལ་སྒྲིག་ལ་མཚོན་ན་ཁོང་ལྟ་བུའི་སྐྱེས་བུ་དམ་པ་ཞལ་མ་བཞུགས་པ་ནི་གྱོང་གུད་རེད་འདོད་ཀི དེས་ན་མྱ་ངན་དང་བཅས་ཏེ་མ་ཎི་ཕྲེང་སྐོར་རེ་བདུན་ཚུགས་རིང་ཚང་མས་འདོན་རོགས་གནང་།
    ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།

    Reply
  14. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    མྱ་ངན་རྗེས་དྲན་ཞུ་རྒྱུ་དང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཡོ་འཁྱོག་མེད་པ་ཞིག་འབྱོན་དགོས་པ་ནི་གནད་འགག་རེད།

    Reply
  15. གནས་ཚང་། says:
    ལོ་ 13 སྔོན།

    གདུང་སེམས་ཡོད། གང་མྱུར་ཡང་སྲིད་ཕེབས་ནས་མུ་མཐུད་བསྟན་སྲིད་གཉེར་བའི་སྨོན་འདུན་བཅས། གུས་གནས་ཚང་གིས་ཕུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese