མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་རྩོད་གླེང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་བདག་དབང་ཐད། རྒྱ་ནག་དང་ཧྥེ་ལེ་པིན་དང་ཝེ་ཊི་ནམ། ཐའེ་ཝན། ཉི་ཧོང་བཅས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་བར་རྩོད་གླེང་རྣོ་ངར་ཅན་དུ་འགྱུར་བཞིན་ཡོད་ཅིང་། ཨ་རིས་བར་འདུམ་པའི་མིང་ཐོག་ནས་གོ་སྐབས་དང་ཁེ་བཟང་བརྩོན་ལེན་བྱེད་ཀྱི་ཡོད་འདུག

ཉེ་ལམ་ལྷོ་ཤར་ཨེ་ཤ་ཡའི་ལོ་འཁོར་ཚོགས་ཆེན་སྟེང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྙོག་གླེང་ཐོག་གྲོས་ཆོད་འཇོག་མ་ཐུབ་པར་ལྷན་ཚོགས་གྲོལ་དགོས་བྱུང་པའི་རྗེས། ལྷན་ཚོགས་སྟེང་མཉམ་ཞུགས་བྱེད་མཁན་ཀཱམ་བྷོ་ཌི་ཡའི་སྐུ་ཚབ་ཧོ་སི་(Hos Sereythonh) ཡིས་ལྷན་ཚོགས་སྟེང་གྲོས་ཆོད་འཇོག་མ་ཐུབ་པ་དེ་ནི། ཧྥེ་ལེ་པིན་དང་ཝེ་ཊི་ནམ་གཉིས་གཙོས་པའི་རྒྱལ་ཁབ་བཞིས་ཆབ་སྲིད་འཁྲབ་སྟེ་ཚོགས་ཆེན་ལ་འགོག་རྐྱེན་བཟོས་ཚུལ་བརྗོད་པར། ཧྥེ་ལེ་པེན་ཁོང་ཁྲོ་ལངས་ཏེ་ཕྱི་ཚེས་ ༡ ཉིན་ཧོ་སི་ཡིས་སྐད་ཆ་དེ་དག་ལ་ཁུངས་སྐྱེལ་མ་བྱས་ཚེ་གནད་དོན་དེ་སྣང་མེད་འཇོག་རྒྱུ་མིན་སྐོར་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་སྐོར་ག་དུས་གླེང་ཡང་། ཀཱམ་བྷོ་ཌི་ཡ་རྒྱ་ནག་གི་ཕྱོགས་སུ་ལངས་ཏེ་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མའི་ནང་ཀཱམ་བྷོ་ཌི་ཡའི་(Cambodia)རྒྱལ་ས་ཧྥེ་ནོམ་པེན་དུ། ལྷོ་ཤར་ཨེ་ཤ་ཡའི་ལོ་འཁོར་ཚོགས་ཆེན་ཐེངས་ ༢༠ པ་དེ་ཚོགས་ཡོད་ཅིང་། ཚོགས་ཆེན་སྟེང་ཧྥེ་ལེ་པིན་དང་ཝེ་ཊི་ནམ། མཱ་ལཱ་ཤི་ཡ་དང་བྷི་རུ་ལའེ་བཅས་ཀྱིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་རྒྱ་བསྐྱེད་དེ་རྒྱལ་ཁབ་དེ་དག་གི་མངའ་ཁུལ་ནང་བཙན་འཛུལ་བྱེད་བཞིན་པ་དེ་མཚམས་འཇོག་གི་གྲོས་ཆོད་ཅིག་འཇོག་དགོས་སྐོར་གླེང་བར། རྒྱ་ནག་གིས་ངོས་ལེན་མ་བྱས་པར་རྩོད་གླེང་བྱུང་སྐབས། ཀཱམ་བྷོ་ཌི་ཡ་དང་འབར་མ་སོགས་ཀྱིས་ལངས་ཕྱོགས་གསལ་བོ་མ་བཏོན་སྟབས། ཚོགས་ཞུགས་རྒྱལ་ཁབ་རྣམས་ཕྱོགས་ཁག་ཏུ་གྱེས་ཏེ་གྲོས་ཆོད་གང་ཡང་འཇོག་ཐུབ་མེད།  

ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་རྙོག་སྐོར་གྱི་ཉམས་ཞིབ་པ་ལའུ་(Bryony Lau) ཡིས་ “ཀམ་བྷོ་ཌི་ཡའི་ཚོགས་ཆེན་ལེགས་འགྲུབ་མ་བྱུང་བར་རྒྱ་ནག་ཧ་ཅང་དགའ་ཡོད་པ་མ་ཟད། དེ་རྒྱ་ནག་གིས་ཆེད་དུ་བཟོས་པའི་བྱེད་ཐབས་ཤིག་ཡིན”ཞེས་བརྗོད་འདུག ལྷན་ཚོགས་སྟེང་མཉམ་ཞུགས་བྱེད་མཁན་ཉི་ཧོང་གི་གཞུང་འབྲེལ་སྐུ་ཚབ་ཀེ་མེ་ཧེ་རོ་(Kimihiro Ishikane) ཡིས་ “ཐེངས་འདིའི་ཚོགས་ཆེན་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་ནས་རྩེད་མོ་ངོ་མཚར་ཅན་ཞིག་བྱུང་སོང་”ཞེས་རྒྱ་ནག་ལ་ཟུར་ཟ་བྱས་ཡོད་ཅིང་། དེ་ནི་ཆབ་སྲིད་དཔྱད་རྗོད་པ་ཚོས་དེ་ནི་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་རྒྱ་ནག་དང་ཉི་ཧོང་བར་རྩོད་ཉོག་ཡོད་པས་ཡིན་སྐོར་བརྗོད་འདུག

ཚོགས་ཆེན་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྐུ་ཚབ་ཨ་ཤཱི་ཊོན་(Catherine Ashton) རྣམ་གཉིས་གཙོས་ཨོ་སི་ཊི་ལི་ཡ་དང་ཁེ་ན་ཌ། རྒྱ་གར། ཉི་ཧོང་། ནའེ་ཛི་ལན་ཌི། རཱ་ཤཱི་ཡ། ཀོ་རེ་ཡ་སོགས་ཀྱི་སྐུ་ཚབ་ཀྱང་མཉམ་ཞུགས་བྱས་ཡོད་འདུག་ལ། ཧེ་ལཱ་རི་ཡིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བདག་དབང་ཐོག་ཨ་རིར་ཐད་ཀའི་འབྲེལ་བ་མེད་ཀྱང་། ཕན་ཚུན་བར་དམག་ཤུགས་དང་འཇིགས་སྐུལ་བེད་སྤྱོད་མ་བྱས་པར་མཉམ་ལས་དང་གྲོས་བསྡུར་བརྒྱུད་ཐག་གཅོད་བྱ་དགོས་པའི་རེ་འདུན་བཏོན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གིས་ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྐྱོ་བོ་དག་ལ་དཔལ་འབྱོར་གྱི་རོགས་རིམ་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེ་ནི། མཚོ་གླིང་གི་བདག་དབང་ཐད་རྩོད་རྙོག་ཡོད་པའི་རྒྱལ་ཁབ་དག་ལ་ཁ་གཏད་གཅོག་ཆེད་ཡིན་པ་དང་། ཨ་རི་ལྷན་ཚོགས་དང་འབྲེལ་བ་མེད་ཀྱང་། བར་འདུམ་པར་ཁ་གཡར་ཏེ་ཨེ་ཤ་ཡའི་ནང་རྐང་པ་འཛུགས་ཐབས་དང་། རྒྱ་ནག་ལ་ཁ་གཏད་གཅོག་མཁན་དག་ཚུར་འགུག་ཐབས་བཅས་མདའ་གཅིག་གིས་ཤ་གཉིས་གསོད་འདོད་ཀྱི་ཡོད་ཚུལ་གླེང་།

ཧེ་ལཱ་རི་ཀམ་བྷོ་ཌི་ཡར་མ་འབྱོར་གོང་སོག་པོ་དང་ཝེ་ཏི་ནམ་སོགས་སུ་ཕྱོགས་སྐྱོད་བྱས་སྐབས། རྒྱ་ནག་གཞུང་འབྲེལ་ཚགས་པར་༼ མི་མང་ཉིན་རེ་ཚགས་པར ༽གྱི་རྩོམ་སྒྲིག་པའི་གཏན་ནང་། ཧེ་ལཱ་རེ་ཡིས་སོག་པོ་ནི་ཨེ་ཤ་ཡའི་ནང་གི་དམངས་གཙོའི་དཔེ་མཚོན་དུ་དྲངས་པ་དང་། ཨེ་ཤ་ཡའི་དམངས་གཙོ་ལ་སྐུལ་འདེད་བྱས་པ་དེ་དག་གི་དམིགས་འབེན་པེ་ཅིན་ཡིན་ཚུལ་བཤད་དེ་མ་དགའ་བའི་རྣམ་འགྱུར་བསྟན་ཡོད།

རྒྱ་ནག་གིས་ཧེ་ནན་(Hainan)མངའ་སྡེའི་མཚོ་ངོགས་ནས་ལྷོ་ངོས་དང་ཤར་ངོས་སྤྱི་ལེ་བརྒྱ་ཕྲག་འགའ་རྒྱ་ནག་ལ་བདག་པ་མ་ཟད། པཱ་རཱ་སེལ་དང་སི་པི་རཱ་ཊི་ལེ་མཚོ་གླིང་དག་ནི་ལོ་ངོ་ ༢༠༠༠ ལྷག་གི་གོང་ནས་རྒྱ་ནག་གི་ས་ཁོངས་ཡིན་པར་བརྗོད་ཀྱི་ཡོད་ལ། ༡༩༥༧ ལོར་རྒྱ་ནག་གིས་མཚོ་གླིང་དེ་དག་རྒྱ་ཁོངས་ཡིན་པའི་ས་ཁྲ་ཞིག་བཀྲམས་རྗེས། ཐའེ་ཝན་གྱིས་མཚོ་གླེང་དེ་དག་ཐའེ་ཝན་གྱི་མངའ་ཁོངས་ཡིན་པར་བསྒྲགས་ཡོད། ཡང་། ཝེ་ཏི་ནམ་གྱིས་དུས་རབས་ ༡༧ ཙམ་ནས་མཚོ་གླིང་དེ་གཉིས་ཁོ་ཚོའི་བདག་པའི་བདེན་དཔང་ཡོད་ཚུལ་རྗོད་བཞིན་ཡོད།  

སི་པི་རཱ་ཊི་ལེ་མཚོ་གླིང་དང་ཉེ་བའི་སི་ཀར་བྷོ་རའོ་ཤོལ་མཚོ་གླིང་ནི་རྒྱ་ནག་གི་ལྷོ་རྒྱུད་ནས་ལེ་དབར་ ༥༠༠ དང་ཧྥེ་ལེ་པིན་ནས་ལེ་དབར་ ༡༠༠ ཙམ་གྱི་མཚམས་སུ་ཡོད་ཅིང་། མཱ་ལེ་ཤི་ཡ་དང་བྷི་རུ་ལའེ་(Brunei) གཉིས་ཀྱིས་ ༡༩༨༢ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོ་ཐོག་བདག་དབང་གཏན་འབེབས་ཡིག་ཆ་བཞག་ཡོད་པ་ལྟར། སི་པི་རཱ་ཊི་ལེ་མཚོ་གླིང་གཙོས་པའི་གླིང་ཕྲན་ཁག་ཅིག་གི་བདག་དབང་ཁོ་ཚོར་ཡོད་སྐོར་རྗོད་ཀྱིན་ཡོད།

རྩོད་རྙོག་ཅན་གྱི་མཚོ་ཁུལ་དག་ནི། ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་ཞི་བདེ་རྒྱ་མཚོ་དང་འབྲེལ་བའི་པཱ་རཱ་སེལ་(Paracels)དང་སི་པི་རཱ་ཊི་ལེ་(Spratys)མཚོ་གླིང་ཁག མཚོ་གླིང་དེ་དག་དང་འབྲེལ་བའི་སི་ཀར་བྷོ་རའོ་ཤོལ་(Scarborough Shoal) ཚུད་པའི་གླིང་ཕྲན་ཁག མཚོ་གླིང་དེ་དག་དང་འབྲེལ་བའི་མཚོ་ཐོག་འགྲུལ་ལམ་བཅས་ཀྱི་ཐད་རྩོད་རྙོག་འབྱུང་བཞིན་ཡོད་ཅིང་། མཚོ་གླིང་དེ་དག་ནང་རྡོ་སྣུམ་དང་རླངས་རྫས་གཙོ་བོར་གྱུར་བའི་རང་བྱུང་གཏེར་དངོས་འབོར་ཆེན་ཡོད་པ་དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགྲིམ་འགྲུལ་སོགས་ལ་ཁེ་ཕན་ཆེན་པོ་ཡོད། ཨ་རིའི་ནུས་ཤུགས་ཞིབ་འཇུག་སྡེ་ཚན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་མཚོ་གླིང་དེ་དག་ནས་རྡོ་སྣུམ་རྫ་མ་གྲངས་ཐེར་འབུལ་ ༢༡༣ ཙམ་བོར་འདྲེན་བྱེད་ཀྱི་ཡོད་འདུག  

མཚོ་གླིང་དེ་དག་གི་བདག་དབང་རྩོད་རྙོག་འོག་ ༡༩༧༤  རྒྱ་ནག་གིས་དྲག་ཤུགས་འོག་པཱ་རཱ་སེལ་མཚོ་གླིང་ཝེ་ཊི་ནམ་ནས་བཙན་འཕྲོད་བྱས་ཏེ་ཝེ་ཏི་ནམ་གྱི་མཚོ་དམག་ ༧༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ༡༩༨༨ ལོར་བསྐྱར་དུ་དམག་འཁྲུག་བྱུང་སྟེ། ཝེ་ཊི་ནམ་གྱི་མཚོ་དམག་ལ་ཕམ་ཉེས་ཚབ་ཆེན་བཟོས་ཡོད། གཞན་ཧྥེ་ལེ་པིན་གྱིས་མཚོ་གླིང་བདག་དབང་གི་རྩོད་རྙོག་འོག་རྒྱ་ནག་དང་མཱ་ལ་ཤཱི་ཡ། ཝེ་ཊི་ནམ་སོ་སོར་དྲག་འཐབ་ཐེངས་མང་བྱས་དགོས་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༡༢ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 2

  1. ཐོ་རེངས། says:
    ལོ་ 13 སྔོན།

    རྒྱ་ནག་དང་ཁོང་ཚོའི་བར་དམག་འཁྲུག་བྱུང་ན། བོད་པ་ཚང་གིས་ལྟད་མོ་བལྟས་ནས་བསྡད་རྒྱུ་མ་རེད། བོད་རིགས་ཀྱི་མི་གྲངས་སྟོང་ཕྲག་བཅུ་ཙམ་རྒྱ་ནག་གི་དམག་མིའི་ནང་ལ་ཞུགས་ཡོད་པ་རེད། དེའི་ནང་ན་ལྷ་ས་ཕྱོགས་ནས་དམག་མི་སྟོང་ཕྲག་དྲུག་དང་། ཨ་མདོ་དང་ཁམས་ནས་དམག་མི་སྟོང་ཕྲག་བཞི་ཙམ་ཡོད་རབ་ཡོད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཁོ་ཚོས་ཕན་ཚུན་བར་དམག་བརྒྱབ་པ་ཡིན་ན་བོད་པས་ལྟད་མོ་ལྟ་ཆོག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese