མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་འཛིན་སྐྱོང་སྔོན་མ་ལས་གུ་ཡངས་པོ་ཞིག་ཏུ་མཐོང་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུཊ་འགན་བཞེས་ཏེ་ལོ་ཧྲིལ་གཅིག་ཏག་ཏག་འཁོར་བའི་སྐབས་དང་བསྟུན་ཏེ། ཁ་སང་འདི་གའི་གསར་འགོད་པས་ཆོལ་ཁ་དང་ཆོས་ལུཊ་སྤྱི་འཐུས་ཁག་ཅིག་ལ་འདས་པའི་ལོ་གཅིག་རིང་བཀའ་ཤག་གི་ལས་དོན་ཁག་ཅིག་གི་སྐོར་བསམ་ཚུལ་དྲིས་ཡོད།

དགེ་ལུཊ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲཊ་ལཊ་སུ། བཀའ་ཤག་སྐབས་བཅུ་བཞི་བའི་ལས་དོན་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས་“ད་ལྟའི་བཀའ་བློན་ཁྲི་པའི་ཕྱི་འབྲེལ་ལས་དོན་གནང་ཕྱོཊ་དེ་མ་འདྲ་བ་ཞིག་རེད། བཀའ་ཤག་སྐབས་སྔོན་མར་མཚོན་ན་མགྲོན་ཤོག་མེད་ན། ཕྱི་རྒྱལ་ཁག་དང་ས་གནས་ཁག་ཏུ་ཕེབས་ཀྱི་ཡོད་པ་མ་རེད། ད་ལྟའི་བཀའ་བློན་ཁྲི་པས་མགྲོན་ཤོག་ཡོད་མེད་ལ་མ་ལྟོས་པར་ཕར་འབྲེལ་བ་བྱེད་ཀྱི་ཡོད་སྟབས། དེ་ནི་གནད་འགག་ཅིག་ཏུ་མཐོང་གི་ཡོད” ཅེས་དང་། “གྲུབ་འབྲས་ག་རེ་བྱུང་འདུག་ཟེར་ན། འདས་པའི་ལོ་གཅིག་ནང་ཉི་ཧོང་ལ་ཕེབས་ཏེ་ཆབ་སྲིད་ཚོཊ་པའི་མགོ་ཁྲིད་ཚོར་མཇལ་འཕྲད་དང་། གྲོས་ཚོཊ་འཐུས་མི་ལྷན་དུ་བོད་དོན་ཐོག་གྲོས་ཆོད་བཞག་པ། ཨ་རི་དང་ཡུ་རོབ་གྲོས་ཚོཊ་ནང་བོད་དོན་གྲོས་ཆོད་བཅས་བཞག་ཡོད། དེའི་ནང་མཐོ་རིམ་མི་སྣར་འབྲེལ་བ་བྱེད་སྟངས་ཤིག་དང་མང་ཚོགས་ལ་འབྲེལ་བ་བྱེད་སྟངས་རིཊ་གཉིས་ཡོད་པའི་ནང་། ཆེས་མཐོའི་ཆབ་སྲིད་མི་སྣ་གང་འཚམ་ཞིག་ལ་འབྲེལ་བ་བྱེད་ཐུབ་བྱུང་ཡོད་ལ། མཇལ་འཕྲད་སྐབས་བཀའ་མོལ་གནང་རྒྱུའི་དུས་ཚོད་རྒྱུན་རིང་པ་དང་སྐད་ཆའི་ནང་དོན་རྩ་དོན་ལ་འབྲེལ་བ་ཡོད་པ་ཞིག་རེད” ཅེས་བརྗོད།

ཁོས་མུ་མཐུད་བརྗོད་དོན། “གསར་གཏོད་ཐོག་ད་བར་འདི་གསར་གཏོད་བྱས་སོང་ཟེར་བ་དེ་འདྲ་མི་འདུག་སྙམ། སྐབས་སྔོན་མའི་བཀའ་ཤག་གི་འཛིན་སྐྱོང་འགྲོ་སྟངས་ཐོག་འགྲོ་བསྡད་པ་ཞིག་རེད། ཤེས་རིག་གི་ཐད་བོད་སློབ་འཛིན་ཚོཊ་ཚུར་རྩིས་ལེན་བྱས་པ་དང་། མ་འོངས་པར་དཔལ་འབྱོར་ཐོག་འགལ་རྐྱེན་མེད་པའི་ཡིག་ཆ་བཞག་པ་དེ་ཡག་པོ་རེད། དེ་བཞིན། ཨ་རི་ནས་བོད་མིའི་ཤེས་ཡོན་ཐོག་ཨ་སྒོར་ས་ཡ་ ༢ གྱི་རོཊ་དངུལ་རག་ཡོད་པ་རེད། སྤྱི་ཚོཊ་ཚན་རིག་དཔེ་དེབ་བོད་ཡིག་ཏུ་བསྒྱུར་བ། བྷན་དཱ་ར་མཐོ་སློབ་གསར་རྒྱག་བྱས་པ་དེ་ཚོ་ཡག་པོའི་གྲས་རེད། ད་ལྟའི་འཛིན་སྐྱོང་དེ་སྔོན་དང་མ་འདྲ་བར་གུ་ཡངས་པའི་རྣམ་པ་ཞིག་མཐོང་གི་འདུག ད་ལྟའི་བཀའ་ཤག་གིས་གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ། མང་ཚོཊ་བཅས་ལ་སོ་སོས་འགན་འཁྱེར་དགོས་པའི་དམིཊ་བསལ་ལམ་སྟོན་གནང་གི་ཡོད་པ་རེད། སྔོན་མ་ཡིན་ན་རྩ་དོན་འཐབ་རྩོད་བྱེད་སྟངས་ཐོག་ཁོར་ཡིག་དམ་པོ་ཡོད་པ་རེད” ཅེས་བརྗོད།

མཐར་བློ་བཟང་སྙན་གྲཊ་ལགས་ཀྱིས། “ ད་ལྟའི་བཀའ་ཤག་གིས་འཐུས་ཤོར་འདི་བཏང་བ་རེད་ཅེས་ཞུ་རྒྱུ་མེད་ཀྱང་། གངས་ཅན་སྐྱིད་གཤོངས་ནང་གཞུང་འབྲེལ་ཡིག་ཆ་ཕར་སྒྱུར་ཚུར་སྒྱུར་བྱེད་མཁན་མ་འདང་པའི་དཀའ་ངལ་འདུག དེ་བཞིན། དགེ་སློང་མའི་ལག་འཁྱེར་སྤྲོད་ཕྱོཊ་དང་དགེ་སློང་མའི་སྡོམ་རྒྱུན་ཉམས་གསོའི་ལས་གཞི་མགོ་འཛུཊ་བྱས་པ་དེ་ཡག་པོ་འདུག་ཟེར་མཁན་ཡོད་ཀྱང་། ཆོས་ཚོཊ་ཐེངས་ ༡༡ པའི་སྐབས་༧གོང་ས་མཆོག་གིས་ཆོས་བརྒྱུད་ཁག་གི་མཁས་པའི་ལེགས་བཤད་ལ་ཉམས་ཞིབ་དང་ལེགས་ཆ་བརྗེ་རེས་གནང་རྒྱུ་དང་། བཀའ་འགྱུར་དང་བསྟན་འགྱུར་གཞི་རིམ་མང་ཚོཊ་ནང་བལྟ་ཀློག་དགོས་པའི་ལམ་སྟོན་གནང་བ་དེ་ལག་ལེན་དུ་བསྟར་མེད་པ། མ་འོངས་པར་གདན་ས་ཁག་ཏུ་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་ལྷན་འཛོམ་ཐོག་ཚད་མ་རྣམ་འགྲེལ་གྱི་འཇང་དགུན་ཆོས་གཅིག་པུ་མ་ཡིན་པར། ཕར་ཕྱིན་དང་དབུ་མ། མཛོད་བཅས་ཀྱི་འཇང་དགུན་ཆོས་ཆེན་མོ་བཅས་འཚོཊ་རྒྱུར་གཞུང་ངོས་ནས་འགན་འཁུར་དགོས་པ་སོགས་དེ་བས་གལ་ཆེན་རེད་དྲན་ཡོད” ཅེས་བརྗོད་བྱུང་།

དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བརྗོད་དོན། “ བཀའ་བློན་ཁྲི་པ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་མཛད་འགན་བཞེས་ཏེ་ལོ་གཅིག་འགྲོ་ཡི་ཡོད་པ་རེད། བཀའ་བློན་ཁྲི་པས་ཆབ་སྲིད་མཛད་འགན་བཞེས་རྗེས་བོིད་ཀྱི་གནད་དོན་ཐོག་སྔར་ལས་དྲིལ་བསྒྲགས་དང་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཡོད་ཀྱང་། དེ་ནི་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་སྲིད་དབང་རྩིས་སྤྲོད་གནང་བའི་ཉེར་ལེན་ལས་བྱུང་བ་ཞིག་དང་། ༸རྒྱལ་བ་རིན་པོ་ཆེའི་གཟི་བརྗིད་དང་སྐུའི་བྱིན་རླབས་ལ་བརྟེན་ནས་བྱུང་བ་རེད། འདས་པའི་ལོ་གཅིག་ནང་བོད་དོན་དྲིལ་བསྒྲཊ་དང་རྒྱབ་སྐྱོར་རྣམ་པ་ཤུཊ་ཆེ་རུ་ཕྱིན་སོང་དྲན་ཡོད། ཡིན་ནའང་ཆབ་སྲིད་ཐོག་ནས་བལྟས་ཡོང་ན། བོད་ཀྱི་ཆབ་སྲིད་དཀའ་རྙོག་དེ་རང་འཇགས་བསྡད་ཡོད་པ་རེད་ལ། བོད་རྒྱ་ཞི་མོལ་ད་དུང་བསྐྱར་གསོ་གནང་ཐུབ་མེད། དེའི་ཐོག་དམིཊ་བསལ་སྐུ་ཚབ་གཉིས་རྩ་དགོངས་ཞུས་པའི་གནས་སྟངས་ཆགས་ཡོད། དཔལ་འབྱོར་འདུ་འགོད་ཐད་བཀའ་ཤག་གསར་པ་བསླེབས་ནས་འདི་བྱས་པ་རེད་ཟེར་ནས་གསལ་པོ་སྟོན་རྒྱུ་མེད་ཀྱང་། འཛིན་སྐྱོང་གི་ངོས་ནས་དཔལ་འབྱོར་འདུ་འགོད་ཐོག་སྐུ་ལས་སྐྱོན་གྱི་ཡོད་པ་དང་། དེ་བཞིན་དངུལ་གང་འཚམ་རག་ཡོད་པ་ཞིག་གོ་སོང་། ཤེས་རིག་གི་ལས་དོན་ཐོག་སྡུག་ཏུ་ཕྱིན་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད” ཅེས་བརྗོད་སོང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལཊ་ཀྱིས་མུ་མཐུད་དུ་བརྗོད་དོན། “ རྒྱ་གར་གཞུང་དང་ཕྱི་རྒྱལ་རོཊ་ཚོགས་ཁག བོད་དོན་རྒྱབ་སྐྱོར་བ་སོགས་ལ་འབྲེལ་བ་མུ་མཐུད་ཉར་ཐུབ་ཡོད་ལ། དེའི་རྐྱེན་གྱིོས་ཆབ་སྲིད་དང་དཔལ་འབྱོར་གཙོས་སྤྱི་ཡོངས་ཀྱི་རྒྱབ་སྐྱོར་ཡག་ཏུ་ཕྱིན་ཡོད་པ་རེད། ཡིན་ནའང་། བཀའ་བློན་ཁྲི་པ་དང་བཀའ་ཤག་གི་ཕྱག་ལས་དེ་ཕྱི་ལ་དཔལ་འབྱོར་འདུ་འགོད་དང་། བོད་དོན་ཁྱབ་བསྒྲགས་བྱ་རྒྱུ་ཙམ་མིན་པར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུཊ་སྲ་བརྟན་གནས་ཐུབ་རྒྱུ་དེ་རེད། སྒྲིག་འཛུཊ་སྲ་བརྟན་གནས་མིན། སྒྲིག་འཛུཊ་དེའི་རྩ་བར་གྱུར་བའི་ཁྲིམས་སྒྲིག་ཁག་རེད། ཕྱི་ལོཊ་སུ་ཕེབས་རྒྱུ་མང་དྲཊ་པའི་རྐྱེན་གྱིས་ནང་ལོཊ་ཀྱི་གནད་དོན་ཐོག་འཐུས་ཤོར་དུ་འགྲོ་བ་དང་། ནང་ལོགས་སུ་བཞུགས་བསྡད་ན་ཕྱི་ལོཊ་སུ་ཕེབས་ཐུབ་ཀྱི་ཡོད་པ་མ་རེད། དུས་ཚོད་ཀྱི་ཐོག་ནས་གཅིག་འགྲིག་ན་གཅིག་འགྲིག་གི་མེད་པ་དེ་རང་བཞིན་ཡིན་སྟབས། འཛིན་སྐྱོང་ཐོག་དགོངས་པ་བཞེས་ན། ང་ཚོའི་སྒྲིག་འཛུགས་དེ་སྔར་ནས་སྲ་བརྟན་ཡོད་པའི་ཉེར་ལེན་རེད་མ་གཏོཊ། སྒྲིག་འཛུཊ་ཀྱི་ངོས་ནས་ཁྲིམས་དང་སྒྲིག་གཞི་ཚཊ་ཚུད་ཡོང་བར་དམིཊ་བསལ་ཐུགས་སྣང་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་རེད། ཁྲིམས་དང་སྒྲིག་གཞིར་འགལ་བའི་གནད་དོན་ཁག་ཅིག་རང་བཞིན་གྱིས་བྱུང་བསྡད་པ་མངོན་གསལ་དོད་པོ་ཆཊ་ཡོད” ཅེས་བརྗོད།

མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བརྗོད་དོན། “ ང་རང་གིས་མཐོང་ཚུལ་ཞུས་ན། བཀའ་བློན་ཁྲི་པ་མཆོག་གིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག སྐབས་སྔོན་མའི་བཀའ་བློན་ཁྲི་པ་དང་མ་འདྲ་བར་རྒྱལ་སྤྱིའི་གནད་འགག་ཅན་གྱི་དབུ་ཁྲིད་མང་པོ་ཞིག་ལ་ཐུག་འཕྲད་གནང་ཐུབ་ཡོད་པ་དེ་བོད་གཞུང་དམངས་གཉིས་ཀྱི་ཆབ་སྲིད་གྲུབ་འབྲས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་སའི་མི་དེར་བརྩི་མཐོིང་ཆེན་པོ་བྱེད་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད། ནང་སྲིད་ཀྱི་གནས་སྟངས་ཐད། འདས་པའི་ལོ་གཅིག་ནང་བཀའ་ཁྲི་མཆོག་གིས་དུས་ཚོད་མང་པོ་ཞིག་བཏང་སྟེ། བོད་མི་གནས་ཡུལ་ས་གནས་ཁག་མང་པོ་ཞིག་ནང་ཕེབས་ཐུབ་ཡོད་པ་མ་ཟད། ས་གནས་ཁག་གི་གནད་དོན་མང་པོ་ཞིག་ཐག་གཅོད་གནང་བཞིན་པ་དེ་གྲུབ་འབྲས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

ཤེས་ཡོན་ཐོག་ལོ་གཅིག་ནང་གྲུབ་འབྲས་འདི་རེད་ཟེར་བ་མེད་ཀྱང་། སློབ་གྲྭ་ཁག་གི་ཤེས་ལམ་ལུཊ་བསྐྱར་ཞིབ་དང་བོད་སློབ་འཛིན་ཚོགས་ཚུར་རྩིས་ལེན་བྱས་པ་དེ་ཚོ་ཡག་པོ་རེད། གཞན། སྔོན་མ་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆཊ་དང་ཕྱི་རྒྱལ་བོད་རིཊ་སྤྱི་མཐུན་ཚོཊ་པའི་བར་འབྲེལ་བ་འཛུཊ་རྒྱུ་ཡིན་གསུངས་ཡོད་པ་རེད། ལས་འཆར་དེ་མ་གཏོགས་གཞན་རྣམས་མགོ་འཛུགས་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད” ཅེས་བརྗོད་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 7

  1. ཤིག། says:
    ལོ་ 13 སྔོན།

    གངས་ཅན་ལགས། བྷ་ད་ར་རུ་གཙུག་ལག་རབ་བྱམས་པ་་དང་དགེ་འོས་མཐོ་སློབ་ཉམས་དུ་ལོ་བཞིའི་སློབ་དུས་བྱས་པ་ཞིག་ཙུགས་ཡོད་།་་དེར་དབྱིན་ཇི་ཐོག (four year B.A B.ED integral course)་

    Reply
  2. གངས་ཅན། says:
    ལོ་ 13 སྔོན།

    གསར་འགོད་པ་ལགས། “བྷན་དཱ་ར་མཐོ་སློབ་”ཟེར་བ་ཡིན་རྒྱུ་མ་རེད། “བྷུན་ཏར་དགེ་འོས་མཐོ་སློབ་”ཟེར་གྱི་ཡོད་པ་འདྲ། བྷན་དཱ་ར་ཞིག་ན་མཐོ་སློབ་རྒྱག་གི་ཡོད་པ་ཞིག་གོ་ཐོས་མ་བྱུང་། དེ་འབྲེལ་ཡོད་ལ་བཀའ་འདྲི་གནང་ན་ཡག་པོ་མེད་དམ་སྙམ་ནས་གསལ་འདེབས་ཤིག་ཞུ་བ་ཡིན།

    Reply
  3. ཤིག། says:
    ལོ་ 13 སྔོན།

    „བཀའ་ཁྲི་མཆོག་ལ་དྭགས་སུ་ཕེབས་ཀྱང་གུས་པར་བློ་ཕམ་ཆེ་ཤོས་ནི་བཀའ་ཁྲི་མཆོག་མཛད་འཆར་ནང་བྱང་ཐང་སུམ་མདོ་མི་མང་ཐུག་རྒྱུ་ལས་མཚོ་དང་ཡུལ་ལྗོང་གཟིགས་རྒྱ་དེ་གལ་གང་ཆེ་བ་རྩི་བ་དེ་ཡིན།

    Reply
  4. མི་ཉག་དུང་བརྡ། says:
    ལོ་ 13 སྔོན།

    གློག་ཀླད་གསར་པ་བཅུ་གྲངས་ཤིག །
    ལས་མི་གསར་པ་བཅུ་གྲངས་ཤིག །
    ལ་དྭགས་ཁུལ་དུ་ལྗོངས་རྒྱུ་ཉིན་བཅུ་གྲངས་ཤིག །
    འཚམས་གཟིགས་ས་གནས་བཅུ་གྲངས་ཤིག །
    གསུང་བཤད་སྦོམ་པོ་བཅུ་གྲངས་ཤིག །
    ཡང་ཡང་ལོ་གཅིག་ཅེས།
    ལོ་གཉིས་པ་ལ་གསར་གཏོད་ངོ་མ་ཡིན་དཱ

    Reply
  5. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    གུས་པས་གཞིག་ན་བཀའ་ཁྲི་མཆོག་གིས་ཞི་རིམ་གྱི་ས་ཁུལ་ཁག་ཏུ་གཟིགས་སྐོར་གནང་བ་དེ་གཅིག་ནས་ད་ལྟའི་གཞི་ཆགས་ཁག་གི་དངོས་ཡོད་གནས་སྟངས་རྟོགས་པའི་ཆེད་དང་ཞོར་དུ་རང་ཁ་རང་གསོ་ཡི་ལམ་ཁ་གསར་བ་བཏོད་ཆེད་རེད་འདོད་ཀྱིན་ལ། ལས་བྱེད་གསར་འདེམས་བྱེད་སྟངས་ལ་གཞིག་ནའང་མ་འོངས་པར་སྐྱབས་བཅོལ་བོད་མིས་ཕྱིའི་རོགས་དངུལ་ཁོ་ནར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པའི་རྨང་གཞི་གསར་བཞིག་ཀྱང་བཏོད་པར་འདོད། སྤྱིར་གསར་བཏོད་ཅེས་པ་དེ་སྔར་མེད་པ་དག་ཡོད་པ་བཟོ་བ་རྙིང་བའི་ལུགས་གསར་བར་བསྒྱུར་བ་སོགས་ལ་འདོད་པས། སྔར་བཀའ་ཁྲི་རྣམ་པས་བསྒྲུབས་མ་མྱོང་བའི་བྱ་བ་དང་སྐབས་ཀྱི་བཀའ་ཁྲིའི་བསྒྲུབ་བཞིན་པ་འདི་དག་སྲོལ་གསར་བ་ཞིག་བཏོད་པར་སྣང།

    Reply
  6. གོང་དཀར་ངག་རྣམ། says:
    ལོ་ 13 སྔོན།

    ”ད་ལྟའི་འཛིན་སྐྱོང་དེ་སྔོན་དང་མ་འདྲ་བར་གུ་ཡངས་པའི་རྣམ་པ་ཞིག་མཐོང་གི་འདུག ”
    སྤྱི་འཐུས་སྙན་གྲགས་ཀྱི་གསུང་སྟངས་ལ་བལྟས་ནས་འཛིན་སྐྱོང་སྔ་མའི་གུ་དོག་པོ་ཡོད་པའི་རྣམ་པ་ཡོད་པ་འདྲ་པོ་འདུག
    དེ་འདྲ་ཨེ་ཡིན་ན།

    Reply
  7. འཇིགས་མེད། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་ཕྱི་རྒྱལ་ཁག་གི་མཐོང་ཆེ་དང་འབྲེལ་བ་བྱེད་ཚུལ་ལ་གནད་འགག་ཁག་ཁ་ཤས་ཤིག་ཡོད། གཅིག རྒྱལ་བ་རིན་པོ་ཆེའི་སྐུའི་གཟི་བརྗིད་དང་།
    གཉིས་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མཆོད་མེར་སྤར་བའི་རླབས་ཆེན་གྱི་མཛད་རྒྱས་ཀྱི་བཀའ་དྲིན།
    གསུམ་ནས་བཀའ་ཁྲི་ཁོང་གིས་ཕྱག་ལས་གནང་སྟངས་བང་བསྒྲིག་སྟངས་ལེགས་པ་སོགས་ཀྱིས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese