མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་ཛ་དྲག་མིན་ཡང་ཚང་མས་ཡིད་གཟབ་བྱ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་སམ་ནང་རྙོག་དྲ་དེར་རྐྱེན་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཅིག་ནང་ཟང་ཟིང་ཆགས་ཡོད་པ་དང་། བོད་རིགས་སློབ་ཕྲུག་དང་སིལ་འཚོང་པ་མང་ཆེ་བ་ཞིག་ཀྱང་ཕྱིར་རང་རང་གི་ནང་དུ་ལོག་པ་དང་། ཁ་ཤས་གནས་སྐབས་རིང་ཉེན་ཡོལ་ལྟ་བུར་གདན་ས་ཁག་ཏུ་སྐྱོད་ཡོད་འདུག  

ཉེ་ཆར་ཨ་སམ་ནང་ས་གནས་བྷོ་ཌོ་གྲངས་ཉུང་མི་རིགས་དང་ཁ་ཆེ་བའི་བར་འཁྲུག་རྩོད་བྱུང་རྗེས། རྒྱ་གར་གྱི་གྲོང་ཁྱེར་དང་ས་གནས་མང་པོའི་ནང་ཟང་ཟིང་ཆགས་ཀྱིན་ཡོད་ཅིང་། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་དང་མེ་སོར་སོགས་ཀར་ན་ཊ་ཀ་མངའ་སྡེ་ནང་ཡོད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་མཐོ་སློབ་སློབ་ཕྲུག་དང་། ལས་བྱེད་ཚོང་ལས་པ་སོགས་སྟོང་ཕྲག་མང་པོ་ཕྱིར་རང་གི་ལུང་པར་ལོག་གི་ཡོད་པ་མ་ཟད། གྲོང་ཁྱེར་དེ་དག་ནང་གི་བོད་མི་ཚོས་ཀྱང་ཞེད་སྣང་འོག་སོ་སོའི་ནང་དང་། ལྷོ་ཕྱོགས་གདན་ས་ཁག་ཏུ་བྲོས་བྱོལ་བྱེད་ཀྱི་ཡོད་འདུག

གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་སྤྱི་ཁྱབ་པ་ཀརྨ་སེང་གེ་མཆོག་ལ་ལྷོ་ཕྱོགས་བོད་མའི་གཞིས་ཆགས་དང་བོད་མིའི་འདུས་སྡོད་ས་གནས་ཁག་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་བྷིང་ལོར་དང་མེ་སོར་གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་མི་རྣམས་ཞེད་སྣང་གིས་ཕྱིར་ལོག་བྱེད་ཀྱི་ཡོད་པ་དང་། བོད་རིགས་སློབ་ཕྲུག་དང་སིལ་འཚོང་བ་དག་ཀྱང་ཞེད་སྣང་གིས་ཁུངས་སོ་སོའི་གཞིས་ཆགས་ཁག་དང་གྲྭ་ས་ཁག་ཏུ་བྲོས་བྱོལ་ལྟ་བུ་བྱེད་ཀྱི་ཡོད་འདུག དེ་ནི་བོད་པ་ཚོ་ཨ་སམ་གྱི་འཁྲུག་རྩོད་ལ་འབྲེལ་བ་མེད་ཀྱང་། རྒྱ་གར་བྱང་ཤར་ཁུལ་གྱི་མི་དང་བོད་པ་ཚོའི་ཕྱི་ཚུལ་འདྲ་བོ་ཡོད་སྟབས། གལ་སྲིད་གནས་ཚུལ་ཛ་དྲག་ཆགས་པ་ཡིན་ན་ཁ་ཆེ་ཚོས་བོད་མི་ཚོའང་བྱང་ཤར་ཁུལ་གྱི་མི་དང་ནོར་ཏེ། གནས་ཚུལ་འབྱུང་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་སྐོར་གསུངས་བྱུང་།

ཡང་ཁོང་གིས་ལྷོ་ཕྱོགས་ཁུལ་གྱི་བོད་པ་ཚོའི་བདེ་འཇགས་སྐོར་གྱི་གནས་བབ་ངོ་སྤྲོད་གནང་པ་ལྟར་ན། ཉེ་ཆར་གནས་བབ་ཛ་དྲག་ཏུ་གྱུར་འཕྲད་མངའ་སྡེ་གཞུང་གིས་བོད་མིའི་འབྲེལ་ཡོད་མི་སྣ་འབོད་འགུག་བྱས་ཏེ། མངའ་སྡེ་ནང་གི་བོད་མི་ཚོ་བྲོས་བྱོལ་བྱེད་མི་དགོས་པ་དང་། མངའ་བདེ་གཞུང་གིས་བོད་མི་ཚོའི་བདེ་འཇགས་ལ་འགན་ལེན་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། འབྲེལ་ཡོད་མི་སྣ་ཚོས་ཐོ་གཞུང་ཕུལ་བ་ལྟར་གཞིས་ཆགས་ཁག་དང་དགོན་སྡེ་ཁག དེ་བཞིན་ཁ་འཐོར་བོད་མིའི་སྡོད་གནས་བཅས་སུ། ཉེན་རྟོག་པ་དང་བདེ་སྲུང་མི་སྣ་འགྲེམས་འཇོག་བྱས་ཡོད་འདུག་ལ། ཁོང་གིས་ “མངའ་སྡེ་གཞུང་གིས་ཉེན་སྲུང་གང་ལེགས་བྱེད་ཀྱི་ཡོད་ཀྱང་། མཐའ་གཅིག་ཏུ་གནས་ཚུལ་ཛ་དྲག་འབྱུང་གི་མ་རེད་ལབ་ཐུབ་ཁག་པོ་རེད།  དེར་བརྟེན། བོད་མི་ཚོས་གཟབ་ནན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་སྲིད་ཕྱི་ལོགས་སུ་འགྲོ་དགོས་བྱུང་ན་མི་མང་པོ་མཉམ་དུ་འགྲོ་བའམ། ཡང་ན་ས་གནས་སོ་སོའི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་ཉེན་སྲུང་མི་གཏོང་རོགས་ཞུས་ན་གྲ་སྒྲིག་ཡོད་རེད”ཅེས་འབོད་སྐུལ་གནང་སོང་།

གསར་འགོད་པས་སྦེལ་ཀོབ་དང་མོ་གྷོ་ཊི་ས་གནས་ལས་ཁུངས་སོ་སོར་འབྲེལ་བ་བྱས་ཏེ་གནས་ཚུལ་དྲིས་སྐབས། གཞིས་ཆགས་ནང་མི་རྣམས་རྒྱུན་ལྡན་ཡིན་པ་དང་། མངའ་སྡེ་གཞུང་གི་ཉེན་རྟོག་པ་དང་བདེ་སྲུང་མི་སྣ་མང་པོ་གང་སར་འགྲེམས་འཇོག་བྱས་ཡོད་འདུག་ལ། མོ་གྷོ་ཊི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་ “ད་སྔ་དཀྲོག་གཏམ་མང་པོ་ཞིག་འབྱུང་གི་ཡོད་ཀྱང་། དེ་དག་ར་འཕྲོད་པ་དེ་འདྲ་གང་ཡང་མིན་པ་དང་། འདས་པའི་ཉིན་འགའི་རིང་འདི་ཕྱོགས་ཀྱི་དགེ་འདུན་པ་མང་པོ་ཞིག་སྦེལ་ཀོབ་ཏུ་དགེ་ལུགས་རྒྱུགས་སྤྲོད་དུ་ཕྱིན་སྐབས། རྒྱ་གར་ཉེན་རྟོག་པ་དང་བདེ་སྲུང་མི་སྣིས་མེ་སོར་བར་དུ་སྲུང་སྐྱོབ་ཐོག་ཕར་སྐྱེལ་ཚུལ་ལེན་བྱེད་ཀྱི་ཡོད་པ་རེད་”ཅེས་བརྗོད་བྱུང་།

གསར་འགོད་པས་བྷང་ལོར་(Bangalore)སློབ་ཕྲུག་ཚོགས་པའི་ས་གནས་གཞོན་ནུའི་ཚོགས་གཙོ་ཨ་ཆོས་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་སྐབས། ཁོང་གིས་འདས་པའི་ཉིན་འགའི་ནང་སློབ་ཕྲུག་ཚོར་ཞེད་སྣང་ཆེན་པོ་བསླེབས་ཏེ། མང་པོ་ཞིག་གིས་མཐོ་སློབ་ནས་དགོངས་པ་ཞུས་ཏེ་སོ་སོའི་ནང་དང་ས་གནས་གཞན་དུ་ཕྱིན་ཡོད་པ་དང་། ཡང་སྒེར་ངོས་ནས་སྡོད་ཁང་གླས་ནས་བསྡད་ཡོད་མཁན་མང་པོ་ཞིག་བོད་ཁྱིམ་སྡོད་ཁང་དུ་སྤོ་བཞིན་ཡོད་ཅིང་། ད་སྔ་དམིགས་བསལ་དོན་རྐྱེན་འདྲ་བྱུང་མེད་མོད། རེ་ཟུང་ལ་ཉེན་བརྡ་བཏང་པའི་གནས་ཚུལ་དེ་འདྲ་བྱུང་ཡོད་པ་དངོས་བདེན་ཡིན་ཚུལ་བརྗོད་སོང་། ཁོང་གིས་ “ཁ་སང་ཀར་ན་ཊ་ཀའི་ནང་སྲིད་བློན་ཆེན་ང་ཚོ་ཡོད་སར་ཡོང་སྟེ། ཁྱེད་ཚོས་སེམས་འཚབ་རྩ་བ་ཉིད་ནས་མ་བྱེད། ཁྱེད་ཚོར་གནས་ཚུལ་འདི་མ་འཇམ་པར་དུ་གཞུང་གིས་སྲུང་སྐྱོབ་འགན་ལེན་བྱ་ངེས་ཡིན་ཞེས་གསུངས་བྱུང་ལ། ཁ་སང་ས་གནས་ཡུལ་མི་ཚོ་ཡོང་སྟེ་ཁྱེད་ཚོར་ཉེན་སྲུང་དང་རྒྱབ་སྐྱོར་བྱ་ངེས་ཡིན་ཞེས་བརྗོད་བྱུང་པ་མ་ཟད། དེ་རིང་ཁོ་ཚོའི་ཚོགས་འདུ་ཞིག་ལ་མགྲོན་འབོད་ཀྱང་བྱས་བྱུང་། སྤྱིར་ས་གནས་ཡུལ་མི་དང་ང་ཚོར་དེ་ཙམ་འབྲེལ་བ་མེད་ཀྱང་། ཐེངས་འདིར་ཁོང་ཚོས་རོགས་རམ་དང་བོད་མི་ཚོའི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་གནང་གི་འདུག”ཟེར།

མཱང་ལོར་(Mangalore) སློབ་ཕྲུག་ཚོགས་པའི་ཚོགས་གཞོན་བཀྲ་ཤིས་ནོར་བུ་ལགས་སུ་འབྲེལ་བ་བྱས་སྐབས། ཁོང་གིས་གནས་བབ་ངོ་སྤྲོད་བྱས་པ་ལྟར་ན། མང་ལོར་གྲོང་ཁྱེར་ནང་གི་བོད་ཕྲུག་ཚོར་དམིགས་བསལ་དོན་རྐྱེན་བྱུང་མེད་ཀྱང་། སྨན་ཞབས་པ་རེ་ཟུང་མ་གཏོགས་སློབ་ཕྲུག་མང་ཆེ་བ་ས་གཞན་དུ་ཕྱིན་ཚར་ཡོད་འདུག་ལ། མེ་སོར་(Mysore)སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བློ་བཟང་འཇམ་དབྱངས་ལགས་ཀྱིས་ཀྱང་སྨན་ཞབས་པ་ཁག་ཅིག་ལ་དགོངས་པ་མ་སྤྲད་སྟབས་མཐོ་སློབ་ཀྱི་སྡོད་ཁང་ནང་བསྡད་ཡོད་པ་ལས། གཞན་ཚང་མ་སོ་སོའི་ནང་དང་ས་གནས་གཞན་དུ་ལོག་ཚར་ཡོད་ཚུལ་བརྗོད་བྱུང་།

ཅེན་ནའེ་(Chennai)སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཅེན་ནའེ་ནང་ཡོད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་མི་ཁག་ཅིག་ནང་མིས་འབོད་འགུལ་བྱས་སྟབས་ལོག་ཡོད་པ་ལས། གནས་ཚུལ་ཛ་དྲག་གང་ཡང་མེད་པ་མ་ཟད། སློབ་ཕྲུག་རྣམས་རྒྱུན་ལྡན་ལྟར་འཛིན་གྲྭར་སྐྱོད་བཞིན་ཡོད་འདུག ཊ་མེལ་ཎ་ཌུ་(Tamil Nadu) མངའ་སྡེའི་ནང་སྲིད་ལས་ཁུངས་དང་། ཅེན་ནའེ་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་བཅས་ཀྱིས་ཁོང་ཚོར་འབྲེལ་བ་བྱས་ཏེ། གྲོང་ཁྱེར་ནང་གི་བོད་ཕྲུག་ཚོས་ཞེད་སྣང་བྱ་མི་དགོས་པ་དང་། ཁོ་ཚོའི་བདེ་འཇགས་ལ་ཁེགས་ཐག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གོང་གི་འབྲེལ་ཡོད་མི་སྣ་ཁག་དང་། རྒྱ་གར་དབུས་དང་མངའ་སྡེ་གཞུང་སོ་སོའི་གསང་པའི་ལས་ཁུངས་དང་ཞིབ་འཇུག་སྡེ་ཚན་ཁག་གིས་བརྗོད་པའི་གནས་ཚུལ་ལྟར་ན། ཨ་སམ་གྱི་དོན་རྐྱེན་བྱུང་རྗེས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཅིག་ནང་ཟང་ཟིང་ཆགས་པ་ཏེ་གཙོ་བོ་ཁ་པར་ནང་གི་འཕྲིན་ཐུང་དང་། ངོ་དེབ་སོགས་བརྒྱུད་དེ་དཀྲོག་གཏམ་སྣ་ཚོགས་བཟོས་ཡོད་ཅིང་། གནས་ཚུལ་དེ་དག་གི་རྒྱབ་ལྗོངས་ལ་ཞིབ་བཤེར་བྱས་སྐབས། འཕྲིན་ཐུང་དང་པར་རིས་ཕལ་ཆེ་བ་པ་ཀི་སི་ཐན་ནས་བྱུང་ཡོད་པར་ངོས་འཛིན་གཅིག་གྱུར་བྱུང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 1

  1. གནས་ཚང་། says:
    ལོ་ 14 སྔོན།

    གནོན་ཤུགས་མེད་ན་ཕ་ཡུལ་དྲན་གྱི་མ་རེད། གནོན་ཤུགས་ཇི་འདྲ་ཆེ་ན་དེ་ལྟར་ཕ་ཡུལ་དྲན་གྱི་རེད། རྙོག་དྲ་བཟོ་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese