མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིན་ཧྭ་གསར་ཁང་གི་སོ་མྱུལ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁེ་ན་ཊའི་གསར་འགོད་པ་ཞིག་གིས་ས་གནས་རྒྱ་ནག་ཞིན་ཧྭ་གསར་ཁང་གི་འགན་འཛིན་གྱིས།  ཁོང་ལ་༸གོང་ས་མཆོག་ཁེ་ན་ཊར་ཕེབས་སྐབས་སོ་མྱུལ་རྗེས་འདེད་དགོས་པའི་བཀའ་བཀོད་བཏང་བའི་སྐོར་བརྗོད་འདུག

ཕྱི་ཚེས་ ༢༢ ཉིན་ཁེ་ན་ཊ་གསར་ཁང་ (The Canadian Press) གིས་རང་དབང་རྩོམ་པ་པོ་དང་གསར་འགོད་པ་མཱར་ཁི་བྷོ་རའེ་ (Mark Bourrie) ལགས་ལ་བཅར་འདྲིའི་སྐབས། ཁོང་གིས་དེ་སྔོན་༸གོང་ས་མཆོག་ཁེ་ན་ཊའི་ཨོ་ཌ་ཝར་ཆིབས་སྒྱུར་སྐབས། ཨོ་ཌ་ཝར་གནས་སྡོད་རྒྱ་ནག་ཞིན་ཧྭ་གསར་ཁང་གི་འགན་འཛིན་གྱིས་ཆེད་དུ་ཁོང་ལ་བཀའ་བཀོད་བཏང་སྟེ། ༸གོང་ས་མཆོག་ལ་སོ་མྱུལ་རྗེས་འདེད་བྱེད་དགོས་པ་བརྗོད་པར་བརྟེན། ཁོ་རང་ས་གནས་རྒྱ་ནག་ཞིན་ཧྭ་གསར་ཁང་གི་གསར་འགོད་པའི་ལས་གནས་ནས་ཕྱིར་འབུད་བྱ་དགོས་བྱུང་ཚུལ་བརྗོད་འདུག 

དེ་བཞིན། ཕྱི་ཚེས་ ༢༣ ཉིན་གྱི་ཨོ་ཌ་ཝ་དུས་དེབ་(Ottawa Magazine)སྟེང་དུའང་། མཱར་ཁི་བྷོ་རའེ་ཡིས་གནས་ཚུལ་དེའི་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཏེ། འདི་ལོའི་ཕྱི་ཟླ་ ༤ ནང་༸གོང་ས་མཆོག་ཁེ་ན་ཊའི་ཨོ་ཌ་ཝར་ཆིབས་སྒྱུར་སྐབས། ས་གནས་ཞིན་ཧྭ་གསར་ཁང་གི་འགན་འཛིན་གྱིས་བཀའ་བཀོད་བཏང་སྟེ། ཁོང་ལ་གནས་ཚུལ་གསར་འགོད་བྱེད་མ་དགོས་པར། ༸གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་ག་རེ་གནང་གི་ཡོད་མེད་དང་། ཁེ་ན་ཊའི་སྲིད་བློན་ཧཱར་ཕེར་ (Stephen Harper) ལགས་དང་སྒེར་གྱི་མཇལ་འཕྲད་སྐབས་ཀྱི་ཞིབ་ཕྲའི་གནས་སྟངས་ཐད་རྗེས་འདེད་སོ་མྱུལ་བྱེད་དགོས་བརྗོད་ཡོད་པའི་སྐོར་བཀོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བྱང་སྣེ་ས་ཁུལ་དུ་ལྟ་སྐོར་གནང་བཞིན་པའི་ཁེ་ན་ཊའི་སྲིད་བློན་ཧཱར་ཕེར་ལ་རྗེས་འདེད་ལྟ་བུར་སླེབས་ཡོད་པའི། ཨོ་ཌ་ཝར་གནས་སྡོད་ཞིན་ཧྭ་གསར་ཁང་གི་འགན་འཛིན་ཀྲང་ཏཱ་ཁྲིན་གྱིས་གནས་ཚུལ་དེ་ངོས་ལེན་བྱས་མི་འདུག ཡིན་ནའང་། གནས་ཚུལ་དེའི་ཐད་ཁེ་ན་ཊའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མ་འོངས་པར། གསར་འགོད་པ་མཱར་ཁི་བྷོ་རའེ་དང་ས་གནས་རྒྱ་ནག་ཞིན་ཧྭ་གསར་ཁང་གི་འགན་འཛིན་གཉིས་སོ་སོར་འགྲེལ་བཤད་རྒྱག་འཇུག་རྒྱུ་ཡིན་འདུག 

ཉེ་ཆར་གསར་དུ་བྱུང་བའི་རྒྱ་ནག་ཞིན་ཧྭ་གསར་ཁང་གི་བྱ་སྤྱོད་དེས། རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་ཡོངས་ལ། རྒྱ་ནག་ཞིན་ཧྭ་གསར་ཁང་ནི་རྒྱ་དམར་གཞུང་གི་གསང་མྱུལ་རྩ་འཛུགས་སྡེ་ཁག་ཅིག་དང་། ཡང་ན་ཁྲིམས་མཐུན་གྱི་གསར་ཁང་ཞིག་ཡིན་མིན་ཐད་དོགས་སློང་ཆེན་པོ་སླེབས་ཡོད་པ་རེད།

མཱར་ཁི་བྷོ་རའེ་ནི་རང་དབང་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། ཁོང་གིས་འདས་པའི་ལོ་གཉིས་རིང་ཁེ་ན་ཊར་གནས་སྡོད་རྒྱ་ནག་ཞིན་ཧྭ་གསར་ཁང་ལ་གསར་འགོད་པའི་ལས་ཀ་གཉེར་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༩ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese