ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་ཝ་ཤིན་ཊོན་དུ་རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཞིག་འཚོགས་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་ཝ་ཤིན་ཊོན་གྱི་ཧེར་ཞི་ཧོ་རོན་(Hersh Horn Museum)འགྲེམས་སྟོན་ཁང་དུ། རྒྱ་རིགས་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་ཀྱི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག འགྲེམས་སྟོན་ཁང་དེ་ཨ་རི་གཞུང་གི་རྒྱབ་གཉེར་ཡོད་པའི་སི་མའེ་ཐི་སོ་ནའེ་( Smithsonian )འགྲེམས་སྟོན་ཁང་གི་ཁོངས་གཏོགས་ཡན་ལག་ཅིག་ཆགས་ཡོད་འདུག
དེ་རིང་ཕྱི་ཚེས་ ༤ ཉིན་འགྲེམས་སྟོན་ཁང་གི་འགན་ཁུར་མི་སྣས་གསར་ལམ་ཁག་ཏུ། ཐེངས་འདིའི་འགྲེམས་སྟོན་ཁྲོད་རྒྱ་རིགས་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་ཀྱིས་བླངས་པའི་པར་རིས་དང་། བརྙན་རིས། འཇིམ་བརྐོས། རྒྱན་རིས་སོགས་སྒྱུ་རྩལ་བརྩམས་ཆས་སྣ་ཚོགས་འདུས་ཡོད་སྐོར་བརྗོད་འདུག
དེ་བཞིན། འགྲེམས་སྟོན་གོ་སྒྲིག་མི་སྣས་བརྗོད་པ་ལྟར་ན། ཨེ་ཝེ་ཝེ་འགྲེམས་མཛད་སྒོར་བཅར་འདོད་ཤིན་ཏུ་ཆེན་པོ་ཡོད་འདུག ཡིན་ནའང་། པེ་ཅིན་གཞུང་གིས་ཨེ་ཝེ་ཝེ་ཡི་ཕྱི་བསྐྱོད་ལག་དེབ་འཕྲོག་ཏེ་ད་དུང་ཕྱིར་སྤྲད་མེད་པ་རེད།
ཨེ་ཝེ་ཝེ་ལགས་ཀྱིས་དྲ་ཐོག་ཏུ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། དུས་རབས་སྔོན་མའི་ལོ་རབས་ ༨༠ ནས་ ༩༠ ནང་ཁོ་རང་ཨ་རིར་ལོ་ ༡༢ རིང་འཚོ་བ་རོལ་མྱོང་ཡོད་སྟབས། ཐེངས་འདིར་ཝ་ཤིན་ཊོན་དུ་སྤེལ་འཆར་གྱི་འགྲེམས་སྟོན་དེ་ནི། ཁོ་རང་ངོས་ལ་མཚོན་ན་ཧ་ཅང་དོན་སྙིང་གལ་ཆེན་ལྡན་ཡོད་སྐོར་བརྗོད་པ་རེད།
ལོ་སྔོན་མའི་ཕྱི་ཟླ་ ༤ ནས་ ༦ བར་རྒྱ་གཞུང་གིས་ཨེ་ཝེ་ཝེ་འཇུ་བཟུང་བཀག་སྐྱིད་བྱས་ཡོད་པ་མ་ཟད། ད་ལྟའི་བར་འགྲོ་འདུག་ལ་རང་དབང་མེད་པའི་ལྟ་རྟོག་འོག་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་རྒྱ་གཞུང་ཁྲིམས་ཁང་གིས། དེ་སྔའི་ཨེ་ཝེ་ཝེ་ཡི་ཞུ་གཏུགས་ངོས་ལེན་མ་བྱས་པར་ཕྱིར་བསློགས་རྗེས། པེ་ཅིན་གྲོང་ཁྱེར་བཟོ་ཚོང་སྡེ་ཁག་གིས་ཨེ་ཝེ་ཝེ་ཡི་སྒེར་གཉེར་ལས་ཁུངས་ཀྱི་ཁྲིམས་མཐུན་ཚོང་གཉེར་ལག་ཁྱེར་རྩིས་མེད་བཟོས་ཏེ་སྒོ་རྒྱག་བཅུག་ཡོད་འདུག
་་་་་་་ ཨེ་ཝེ་ཝེ་འགྲེམས་མཛད་སྒོར་བཅར་འདོད་ཤིན་ཏུ་ཆེན་པོ་ཡོད་འདུག ཡིན་ནའང་། པེ་ཅིན་གཞུང་གིས་ཨེ་ཝེ་ཝེ་ཡི་ཕྱི་བསྐྱོད་ལག་དེབ་འཕྲོག་ཏེ་ད་དུང་ཕྱིར་སྤྲད་མེད་པ་རེད། ་་་་ཟེར།
ནག་ཆུར་རང་ལུས་མེར་བསྲེཊ།
སྐར་མ་ ༢༣ སྔོན་ལ་སྤེལ།
རིག་པ། (༠)
ནག་ཆུ་འབྲི་རུ་རྫོང་གི་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་ནག་ཆུའི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་འདུག
དེ་རིང་ལྷ་ས་ནགས་ཆུ་ཁ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་ཞིག་ཁྱབ་ཀྱིན་པ་བདེན་པ་ཨེ་རེད།