དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་མདོ་སྨད་གཙོད་གྲོང་ཁྱེར་དང་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། ས་གནས་དེ་གའི་ཡུལ་ཚོ་རྫེ་རོའི་སྐྱེས་པ་རང་ལོ་ ༢༧ ཡིན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
ཁོང་གིས་མེར་བསྲེགས་གཏོང་སྐབས་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་ཞེས་པ་སོགས་ཀྱི་སྐད་འབོད་གནང་ཡོད་འདུག སྐབས་དེར་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཏེ་བསྔོ་སྨོན་རྒྱ་ཆེར་གནང་ཡོད་པ་དང་། དེའི་རྗེས་དགོན་པ་ནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་སྡེ་བར་གདན་དྲངས་ཏེ་མཆོད་འབུལ་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་དགོན་པ་དང་སྡེ་བར་འབྱོར་ཡོད་འདུག
སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ། གཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་ཟེར་ཞིང་། ཁོང་ལ་ལོ་ ༧ ཡིན་པའི་བུ་རྡོ་རྗེ་དོན་འགྲུབ་དང་། ལོ་ ༥ ཡིན་པའི་བུ་མོ་ཏིང་འཛིན་འཚོ་བཅས་བྱིས་པ་གཉིས་ཡོད་འདུག
ད་ལྟ་རྡོ་དཀར་ཚོ་བ་གསུམ་གྱི་མི་མང་རྣམས་ཁོང་གི་ཁྱིམ་དུ་འཛོམས་ཏེ་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་སུ་མྱ་ངན་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་གཏོང་བཞིན་ཡོད་པ་མ་ཟད། རྗེས་ཕྱོགས་གང་ཐད་ནས་འགན་ཁུར་མཉམ་ལེན་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུའི་ཁས་ལེན་གནང་སྟེ་འདས་པོའི་ནང་མིར་གདུང་སེམས་མཉམ་སྐྱེད་གནང་ཡོད་འདུག
༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྡོ་དཀར་སེར་སྐྱ་མང་ཚོགས་ནས་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། སྔ་གཞུག་ཏུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཡོང་སྟེ་སྡེ་བ་སོ་སོར་བཙན་འཛུལ་གྱིས་སྒོ་དང་སྒེའུ་ཁུང་སོགས་བཅག་སྟེ སྦག་སྦག་ ༨༠ ཙམ་བཙན་འཕྲོག་དང་། གཞན་རྒྱུ་དངོས་རྩ་ཆེན་མང་བོ་བཅོམ་འཕྲོག་བྱས་ཡོད་འདུག མི་སྐྱ་ ༧༠ ལྷག་འཛིན་བཟུང་གཅར་རྡུང་ཚད་མེད་བཏང་མཐར་རྒྱ་སྒོར་ ༣༠༠༠ རེའི་ཉེས་ཆད་བཅད་དེ་ཀློད་གྲོལ་བཏང་ཡོད་འདུག སྐབས་དེ་ནས་བཟུང་ད་ལྟའི་བར། དུས་ཚོད་ངེས་མེད་ལ་རྒྱ་གཞུང་གི་ལས་དོན་རུ་ཁག་དགོན་ནང་དུ་ཡོང་ནས་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་གྱི་ཡོད་འདུག
གནས་ཚུལ་ཞིབ་ཕྲ་ཁོ་སྤྲོད་གནང་མཁན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མིང་གྲྭ་ཚང་གི་གྲྭ་ཆོས་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ལོ་འདིའི་ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། ༢༠༠༧ ལོར་ཡུལ་དེར་ས་གནས་རྒྱའི་དཔོན་རིགས་ཁག་ཅིག་སླེབས་ཏེ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་མོས་མཐུན་ཡོད་མེད་ཀྱི་བསམ་ཚུལ་མིང་རྟགས་བླངས་སྐབས། མི་མང་ཐུན་མོང་གིས་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཀྱང་། ས་གནས་རྒྱའི་ལས་བྱེད་རྣམས་ཀྱིས་ལོག་བསྒྲུབ་བྱས་ཏེ་རྡོ་དཀར་མི་མང་གིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འདོད་མོས་མི་འདུག་ཅེས་གོང་རིམ་ལ་སྙན་ཞུ་རྫུན་མ་ཕུལ་བ་དེ་དྲང་བདེན་མ་ཡིན་པ་དང་། མི་མང་གི་བསམ་འདུན་དང་རྒྱབ་འགལ་ཡིན་པའི་འབོད་སྒྲ་བསྒྲགས་པ་ཞིག་ཡིན་འདུག
རྡོ་དཀར་ཡུལ་ཚོ་ནི་སྔོན་ཆད་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཆོད་གཞིས་དང་། རྡོ་དཀར་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ཡང་ན༼ རྡོ་དཀར་དགོན ༽འབྲས་འབུལ་སྡུད་པ་བོད་པ་ཆོས་རྗེས་ཕྱག་བཏབ་པ་ཞིག་རེད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་སྐྱབས་མཆོག་འཇིགས་མེད་དབང་བོའི་སྐུ་རིང་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེའི་ནང་མར་གྱུར་ཅིང་། དུས་འགྱུར་ཡར་སྔོན་བར་རྡོ་དཀར་དགོན་པའི་གྲྭ་བ་རྣམས་བཀྲ་ཤིས་འཁྱིལ་གྱི་རིགས་གྲྭ་དང་སྨོན་ལམ་སོགས་ལ་ཕེབས་སྲོལ་ཡོད་པ་རེད། ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་སྣ་བུག་ཞང་རྡོ་དཀར་རུ་ཆེན་ཞེས་གཞུང་ཕྱོགས་ནས་བཅད་བགོས་བྱས་ཡོད་ལ། ཉིན་པ་སྡེ་བདུན་དང་སྲིབ་པ་སྡེ་བདུན་བཅས་རྡོ་དཀར་ཉིན་སྲིབ་གཉིས་ཀར་སྡེ་བ་བཅུ་བཞི་ཡོད་འདུག
སངས་རྒྱས་རྒྱ་མཚོ་ལགས་ཀྱི་ནང་མི་ཚོས་འདས་པོའི་རྗེས་ལ་བོད་པའི་ཡུལ་སྲོལ་ལྟར་རྩམ་གསུར་ཕུལ་བཞིན་པ།
འདས་པོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཁྱིམ་གྱི་སྐུ་ཕུང་བཞུགས་ཡུལ།
རྡོ་དཀར་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་དགོན་པ།
འདས་པོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་གྲོང་སྡེ་རྫེ་རོ་ཡུལ་ཚོ།
རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས།
འདས་པོ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་བཟའ་ཟླ་རྡོ་རྗེ་སྐྱིད།
འདས་པོ་སངས་རྒྱ་མཚོ་ལགས་ཀྱི་བུ་རྡོ་རྗེ་དོན་འགྲུབ་དང་བུ་མོ་ཏིང་འཛིན་འཚོ་གཉིས།
དཔའ་བོ་དཔའ་མོ་ཚོ། འ་ཤུ་རེ་ཁོ། ཁྱོད་ཚོས་ས་སྣུམ་ཉོ་བ་ལས་འབོམ་ཞིག་ཉོས་ན་མི་ཆོག་གམ། འཁྱམ་པོ་ཟར་བས་རྒྱ་ཁྱི་ཁྱོད་ཁ་བཙུམ།
སྙིང་ནས་མྱ་ངན་གུས་འདུད་ཞུཞུ་ཞུ་ཞུཞུ། དཔའ་བོ་དཔའ་བོ་དོན་གྱི་དཔའ་བོ་ངོ་མ།
འདི་མཚམས་སུ་གུས་པས་བསམ་འཆར་དང་སེམས་ཚོར་ཞིག་ཞུ་འདོད་བྱུང་།
བསྟན་སྲིད་གཉིས་ཆར་ལ་ཕུག་རྒྱང་རིང་པོའི་བསམ་གཞིག་གིས་ལང་ཚོ་རྒྱས་པ་གངས་ཅན་པའི་ཤེས་འཇོན་གཉིས་ལྡན་གྱི་གྲོགས་པོ་ཚོ། འདི་ལྟར་ཕ་ཡུལ་གྱི་མེ་ལྕེ་རྒྱལ་ཞེན་གྱི་དཔའ་བོ་དཔའ་མོ་རྣམས་ལ་གྲངས་ཀ་རྒྱག་གིན་མཆེད་དུ་བཅུག་པ་ནི་བོད་མི་རིགས་ཀྱི་བསྟན་སྲིད་ལ་སྙིང་ནས་དགའ་ཞན་ཞིག་ཡོད་ན། རིག་པའི་གནས་རྩ་བ་ནས་མིན་པར་སེམས། གུས་པས་འདིར་བཙན་བྱོལ་དུ་བཞུགས་པའི་གཞུང་མང་གཉིས་ཐད་ནས་མ་འཇོན་པ་དང་མ་བྱེད་པ་ཞིག་ལ་དུས་ནམ་ཡང་ཁ་སྨྲས་བཏང་མྱོང་མེད་ལ། བཏང་དགོས་པའི་རྒྱུ་མཚན་ཡང་མེད། འདིའི་ཁེ་ཕན་ལ་བསམ་གཞིག་གཏིང་ནས་བྱེད་དགོས་པ་བོད་མི་ཡོད་ཚད་ཀྱི་ཕྲག་ཏུ་ཡོད་པ་ཡིན་ཙང་། འདི་ལག་ཆ་ཞིག་ལ་གཏན་ནས་འཛིན་མི་རུང་། ལག་ཆ་འདི་ནི་སྡུག་གྱོང་རྡོ་སྒྱོག་མགོ་ལ་ཞུ་བ་ཉག་གཅིག་ལས། གཞིས་བྱེས་གཉིས་ཐད་ལ་ཕན་སྣང་ཞིག་དང་བཟང་ཐབས་ཤིག་གཏན་ནས་བྱུང་མ་སོང་། དེ་འདྲ་ཡིན་ཙང་༧གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བའི་གཞུང་མང་ཡོངས་ཀྱིས་དུས་ད་ནས་བཟུང་རང་བསྲེགས་ཀྱི་ལས་འགུལ་འདི་གཞིས་བྱེས་གཉིས་ནས་དུས་ནམ་ཡང་མི་བྱེད་པའི་འབོད་བསྐུལ་གཞི་རྒྱ་ཆེན་པོ་ཞིག་མ་གནང་ན། འདི་བློ་རིགས་ཤེས་འཛང་ལྡན་པའི་ལས་འགུལ་ཞིག་གཏན་ནས་མ་རེད་སྙམས། རང་གི་སེམས་ལ་ཚོད་དཔག་ཙམ་བྱེད་དཀའ་བའི་ལྷག་བསམ་རྒྱལ་ཞེན་འཛམ་གླིང་འདིའི་སྒང་རྒྱལ་ཁབ་སུ་ལ་ཡང་བྱུང་མྱོང་མེད་པའི་ངེད་ཚོ་གངས་ཅན་པའི་དཔའ་བོ་དཔའ་མོ་འདི་ཚོ། རང་སྡུག་རང་གི་ཉོ་ནས་འདི་འདྲའི་ཀློང་དུ་གཅིག་རྗེས་ཉིས་མཐུད་ཀྱིས་བཞུད་ཤོར་ན། འདི་ནི་ང་ཚོའི་སྡུག་གྱོང་ནང་གི་སྡུག་གྱོང་ཞིག་ལས་རྒྱལ་ཁབ་དང་མི་རིགས་ལ་ཕན་རློབས་ཆེ་བའི་ལས་གཞི་ཞིག་གཏན་ནས་མིན་པར་འདོད། རང་སྡུག་རང་གི་ཁུར་བ་ནི་ཆོས་སྲིད་གཉིས་ཆར་གྱི་ཐད་ནས་གནོད་པ་ལས་ཕན་པ་ཞིག་གཏན་ནས་མིན། ང་ཚོ་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་ཡིན་ན་འདིས་ཕན་པ་ཞིག་དང་ལྟ་ཞོག་གནོད་པ་ཚབ་ཆེན་པོ་བསགས་ཚར་བ་རེད། གང་ཡིན་ཞུ་ན། གཅིག འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོས་དོ་སྣང་བྱེད་མདོགས་བྱེད་ཀྱང་དོན་ངོ་མ་ལ་ཕན་པའི་རོག་པ་སུས་ཀྱང་མེད་ཁར་ལས་གཞི་འདི་ནུས་མེད་ལ་ཟུབ་ཚར་བ་རེད།
གཉིས་པ། དམར་གཞུང་གི་གཞིས་བྱེས་གཉིས་ཀྱི་འགྲོ་འདུག་བྱ་ལས་ཡོད་ཚད་ལ་ནག་སུབ་ཆེ་ནས་ཆེ་རུ་ཕྱིན་པ་ལས་དོན་ཕན་ལྡན་པའི་གྲོས་མོལ་དང་ཞི་བདེ་ཁོད་ཡང་ཤ་ཚ་སྙིང་ཉེའི་ཡིད་ཆེས་ཤིག་གཏན་ནས་སྐྱེ་ཐབས་མེད།
གསུམ་པ། སྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་འགལ་ཚབ་ཤིན་ཏུ་ཆེ་བས་དུས་ཇི་སྲིད་དུ་འཁོན་ཆེ་ནས་ཆེ་རུ་དཀའ་ལས་དང་ནང་འགལ་ཆེ་ནས་ཆེ་རུ་ཕན་ཚུན་མི་དགའ་བའི་འགལ་འདུ་ཆེ་ནས་ཆེ་རུ་ཕྱིན་པ་ལས།
དོན་ངོ་མའི་བོད་རྒྱ་གཉིས་ཀྱི་མཐུན་ལམ་རྩ་ཆད་དུ་འགྱུར་བ་ལས་རང་གཞན་སུ་ལ་ཡང་ཕན་ཐོག་གཏན་ནས་མེད་བ་བཟོ་བ་བཅས་ལས་མི་འདུག་པས་རང་བསྲེགས་ཀྱི་ལས་འགུལ་འདི་བོད་མི་གཞིས་བྱེས་སུས་ཀྱང་སྤེལ་རྒྱུ་མེད། དུས་དེ་རིང་ནས་བཟུང་རང་བསྲེག་མཚམས་འཇོག་བྱེད་དགོས།།།།
བོད་མི་རིགས་ཀྱི་དོན་དུ་ཕན་པ་ཞིག་སྒྲུབ་དགོས་ན་གསོན་པོར་གནས་ནས་ཕན་པ་སྒྲུབ་དགོས་པ་ཞིག་ལས་འཆི་ཚར་ནས་ཕན་པ་སུས་ཀྱང་སྒྲུབ་མི་ཐུབ་ལ། ཁ་ཆེམས་ལས་ཀྱང་དེ་བས་དོན་དམ་པའི་སྟེང་དུ་ཡིད་འཇོག་དང་ལག་ལེན་བྱེད་པ་ཤིན་ཏུ་དཀའ་བ་རེད།
༧རྒྱལ་བ་དོན་གྱི་བདག་པོས་ཀྱང་བསན་གྱི་ཡོད་ན། འདི་འདྲའི་གྲ་བསྒྲིག་ཞིག་གི་བར་ན་ཁྱེད་བོད་ལ་ཕེབས་ཐུབ་པའི་ལམ་ཁ་ཞིག་གཟིགས་ཀྱི་འདུག་པས། ཁྱེད་བོད་དུ་ཕེབས་པ་ལ་མི་ག་ཚོད་ཀྱིས་ལུས་པོ་བསྲེག་དགོས་ཀྱི་ཡོད་རེད། ཁྱེད་ཀྱིས་ཀྱང་། རེ་བ་ཆེ་ས་དང་གྲྭ་བསྒྲིག་སྡུག་ས་གསུང་པ་དེ་འདི་འདྲ་ཞིག་ལ་གསུང་པ་ཡིན་ནམ།
གུས་པ་སྒེར་གྱི་བསམ་ཚུལ་ཁོ་ན་ཡིན། སྔོན་མ་འཇམ་དཔལ་ཡེ་ཤེས་གང་གིས་རྒྱལ་ས་རྡི་ལི་རུ་སྐུ་ལུས་མེར་བཏང་སྐབས་སུ་ཡང་། རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་འབོད་པའི་གཙུག་ལག་ཁང་དེ་ཉིད་དུ་བོད་མི་སྟོང་ཕྲག་མང་པོ་མྱ་ངན་གྱིས་མིག་ཆུ་ག་ཚོད་ཙམ་བཏང་སོང་། དེ་སྐབས་སུ་༧རྒྱལ་བ་དོན་གྱི་བདག་པོས་གསུང་ག་འདྲ་ཞིག་ཕེབས་ཀྱི་ཡོད་ན། གཤིན་པོ་ལ་ག་འདྲ་ཞིག་བླ་བདེ་ལམ་བདེ་གནང་གི་ཡོད་ན་བསམ་ནས་སེམས་ཚོར་ལ་བརྗོད་མི་ཤེས་པ་ཞིག་ཡོད་ཀྱང་། ཚིག་རིས་ཤར་མ་ཞིག་གི་གཤིན་གསོན་གཉིས་ཀ་ལ་བཀའ་ཕེབས་མི་ཐུབ་པ་འདིའི་གནས་སྟང་མཐོང་དུས་ང་ངོ་མ་ཧང་སང་སོང་། དེ་རྒྱུ་མཚན་ག་རེ་རེད། བོད་མི་ཤི་བ་ལས་ལྷག་ཙམ་ག་རེ་ཡོང་རྒྱུ་ཡོད་རེད། གསལ་པོ་ཞིག་ཤེས་ཉན་བྲོ་གི་འདུག
ད་དུང་ག་ཚོད་ཙམ་གྱིས་ལྷོང་ཡང་གནང་དགོས་ཀྱི་རེད། ཁྱེད་རྣམ་པས་གུས་པའི་སེམས་ཚོར་འདི་ནོར་བ་འདུག་ན་འདི་འདྲ་ནོར་བའི་བཀའ་མོལ་ཞིག་ངེས་པར་དུ་གནང་སྐྱོང་ཡོང་བ་ཞུ། ངའི་སེམས་ཚོར་འདི་གཏན་ནས་བཟོད་ཀྱི་མི་འདུག
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
ཨོཾམཎིཔདྨེཧཱུྃ
རང་ལུས་མེར་སྲེག་གི་ལས་འགུལ་འདི། གནས་སྐབས་ཅིག་མཚམས་ཆད་ན་མི་དྲག་གམ།
སེམས་པ་ཧ་ཅང་སྐྱོ་བཞིན་སྐྱོ་བཞིན་མྱ་ངན་གུས་འདུད་ཞུ། ང་ཚོའི་དོན་དམ་གྱི་དཔའ་རྒོད་ཚོ་འདི་ལྟར་བཞུད་ཤུལ་ན་བདག་པོ་ཅི་ཡང་མེད་པ་དེར་རང་དབང་མེད་པར་མིག་ཆུ་འཁོར། ཞུ་གཏུག་གི་ལོ་ཞེས་པའི་ཁ་ཕོ་དེ་གང་དུ་ཕྱོགས་སམ། ཡིག་འབྲུ་རྡོག་འགའ་རེ་འབྲེལ་ཡོད་སྡེ་ཚན་ཁ་ཤས་ལ་སྤྲད་པ་ཙམ་གྱིས་ཞུ་གཏུག་གི་ལོ་ཟེར་བ་དེ་གྲུབ་ཟིན་པ་ཡིན་ནམ། ང་ཚོ་ལ་བདེན་པ་རི་རབ་འདྲ་བ་འདི་འདྲ་ཡོད་བཞིན་དུ་ད་དུང་རྒྱ་ནག་ལ་ཕར་བསྟུན་མཁས་བྱས་ནས་སྡོད་ཀྱི་ཡིན་ནམ། རང་རེའི་དཔའ་རྒོད་ཚོ་རེ་རེ་བཞིན་བྱས་ཏེ་་་གཅིག་་་་ནས་་་་དྲུག་ཅུར་ཟིན་ཉེ་བར་དུ་འདི་ལྟར་མཆོད་མེར་ཕུལ་སོང་། དམར་ལྷབ་ལྷབ་ཏུ་འབར་བཞིན་པའི་མེ་ལྕེ་དྲག་པོའི་ཁྲོད་ཀྱི་ཁོང་ཚོའི་འབོད་སྒྲ་རེ་རེ་ལ་ཞིག་གསོན་དང་། ཁོང་ཚོའི་འབོད་སྒྲ་ནི་ད་ལྟའི་ལས་སྣེ་ཁྱོད་ཚོས་སྒྲུབ་ཀྱིན་པའི་དོན་དག་དེ་ཚོ་མ་རེད། མྱ་ངན་བྱེད་སྟངས་ཚུན་ཆད་ནས་རྒྱ་ལུགས་ལྟར་བྱ་དགོས་ན་་་་་་་་་་་
དཀོན་མཆོག་མཁྱེན། ད་གང་དྲགས་ བོད་མགོ་ནག་ཡོང་ཀྱི་སྐྱབས་མགོན་ཞེས་འབོད་བཞིན་འདི་ལྟར་ཞུད་བཞིན་འདུག ཁྱེད་ཀྱིས་གཟིགས་སམ། གལ་སྲིད་ཁྱེད་ཀྱི་འབང་འདི་ཚོ་མེ་ཤིང་ཞིག་ཡིན་པའི་དབང་དུ་གཏང་ཡང་ཇ་ཙམ་ཕར་བཞག་ཆུ་ཙམ་ཡང་ཁུལ་མི་ཐུབ་པའི་དོན་མེད་མེ་ཤིང་འཕྲོ་བརླགས་གཏོང་སྲིད་དམ། ཤ་རུས་གཅིག་པའི་སྤུན་ཟླ་དུ་དུ་མས་གཅེས་པའི་ལུས་སྲོག་མེ་ལ་སྒྲོན་བཞིན་ད་དུང་སྐྱབས་མགོན་ཞེས་འབོད་བཞིན་འདུག་ལ་ཤུས་ལུས་ཡ་ང་ཞིང་ཡིད་མུག་པའི་ད་ཕྲུག་དང་བློ་སེམས་གཅིག་དུ་སྒྲིལ་བའི་གཟའ་ཟླ་བཅས་མཐོང་ཡོང་དུས་ང་ཚོ་ཕལ་བ་རྣམས་ཀྱང་མིག་ཆུ་རང་དབང་མི་འདུག་ན་སྙིང་རྗེའི་བདག་ཉིད་ཁྱེད་ལ་གང་འདྲ་ཡོད་ན། ད་ནི་སྐྱབས་མགོན་ཁྱེད་ཀྱིས་ཡང་ན་བོད་བསྟན་སྲིད་ཆེད་དུ་མཆི་ན་དག་ཞིང་འདྲེན་པའི་ཞལ་བཞེས་ཞིག་གནང་རོགས། དེ་ལྟར་བྱུང་ན་ཤུལ་ལུས་རྣམས་བློ་བདེ་ལ་སྤུན་ཟླ་ངོ་ཚོ་ཡང་དགའ་འོས་པ་ཞིག་འདུག དེ་ལྟ་བུའི་འདེངས་ཚོད་ཁྱེད་ལ་མེད་ན་རང་ལུས་མེ་རུ་སྒྲོན་པས་ལས་འགུལ་མཚམས་འཇོག་དགོས་པའི་དཀའ་སློབས་ཞིག་ཕེབས་རན་པའི་མ་ཚད་ཕྱིས་ནས་འདུག སྤུན་ཟླ་དྲུག་བཅུ་ཉེ་བར་མེ་མཆོད་ཕུལ་ཚར་སོང་། ད་དུང་ལས་ཀ་དེ་རྫིག་རབ་ཡག་རབ་བཤད་སྡད་ན་ད་དུང་མུ་མཐུད་སྤུན་ཟླ་དུ་མའི་ཚེ་སྲོག་ཤོར་བ་སྨྲོས་མེད་ལ་དེ་བས་ད་ནི་མེ་འགོག་ལས་འགུལ་སྤེལ་བས་དུས་ལ་བབས་པ་སེམས། དེ་ནི་མགོ་ནག་བོད་འབངས་སྐྱུས་མ་ཞིག་གི་རེ་བ་དང་བསམས་ཚུལ་ཙམ་ཞིག་ལས་གཞན་གང་ཡང་མིན།
མི་ཡུལ་ན་ཅི་འདྲའི་དཔའ་ངར་ལྡན་པའི་མི་བུ་ང་ཚོར་ཡོད།གནམ་འོག་ན་ཅི་འདྲའི་བློ་སྟོབས་ཆོད་པའི་དཔའ་བོ་ང་ཚོར་ཡོད། ངའི་མགྲིན་པ་བརྣངས་ཤིང་།སྐད་ངག་ལྐུགས་པར་གྱུར་བའི་བོད་ཡུལ་གྱི་འབོད་པ་འདི་དག ངའི་མིག་ཆུ་ཤོར་ཞིང་།ངུ་ངག་དབང་མེད་འཆོར་བའི་བོད་ཡུལ་གྱི་མེ་ཡི་ཚེ་སྲོག་འདི་དག ་་་་་་་་་་་་་་་་
གནས་ཚུལ་མཁོ་འདོན་པའི་འདི་འདྲའི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་གནང་ཐུབ་པར་ཞོར་དུ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
སྐད་གཉིས་སྨྲ་མཁན་ཤེས་ལྡན་པ་གང་ན་ཡོད་ན། གནས་ཡུལ་དེའི་གསར་ལམ་ཆེ་ཁག་དག་ལ་སྐྱེལ་རོགས། དེས་ང་ཚོས་བྱེད་ཐུབ་པ་དེ་གཅིག་པོ་རེད།
གོང་གི་གནས་ཚུལ་སྐོར་ལ་ཞིབ་ཏུ་རྒྱུས་ལོན་བྱ་འདོད་ཡོད་རིགས་ཚོས་གཤམ་གྱི་ཁ་པར་ཨང་གྲངས་འདིའི་ཐོག་འབྲེལ་བ་གནང་རོགས། ༩༩༠༡༧༧༥༡༩༡
ཁྱེད་ཚོ་འདི་ལྟར་བཞུད་སོང་ན། ང་ཚོས་ཅི་ཞིག་བྱེད་དགོས་པ་རེད་དམ། ང་ཚོར་གནམ་ས་འགུལ་བའི་ཕྱག་ལས་གནང་རྒྱུ་མེད་པ་ཐག་ཆོད་ཡིན་བཞིན་དུ། ཁྱེད་ཚོས་གནམ་ས་གཉིས་ཀ་མེར་བསྲེགས་ནས་བཞུད་འགྲོ་བ་འདི་ཅི་ཞིག་ཡིན་ནམ། ད་དུང་སེམས་ཀྱི་བཟའ་ཟླ་དང་གཅེས་པའི་བུ་ཕྲུག་རྣམས་འདི་ལྟར་བཞག་ནས་འགྲོ་ཕོད་པ་འདི་ངས་ཟུར་ཙམ་ཡང་གླེང་རྒྱུ་ལྟ་ཞོག ཡིད་ལ་ཤར་སྒོམ་ཙམ་ཡང་བྱེད་ཐུབ་ཀྱི་མི་འདུག དཔའ་བོ་དཔའ་མོ་ཚོ། ད་མུ་མཐུད་ནས་བསྲེགས་དགོས་པ་རེད་དམ། ག་ཚོད་བར་དུ་བསྲེགས་དགོས་པ་རེད།། བདེན་པ་མེད་པའི་གནམ་འོག་འདི།
གངས་ཅན་དཔའ་བོ་དཔའ་མོར་བསྐྱབས་སུ་མཆི། སྡུག་གི་མུན་པ་སངས་པའི་ཤིས་པ་སྩོལ།
Dorjee Puntsok གྲོགས་པོ་ཅི་མཛད་ཀྱིན་ཡོད། དེ་སང་ལས་དཀའི་བྲེལ་བ་ཆེའམ།
དེ་རིང་ཡང་བོད་ནང་ནས་མི་གཅིག་མེར་བསྲེགས་བཏང་འདུག། ཁྱེད་ཀྱིས་རིག་སོང་ངམ། ཨོ་མ་ཎི་པདྨེ་ཧཱུཾ༔
Tsering Dawa ང་ནི་རྟག་པར་དྲ་རྒྱ་ལ་མགོ་འཁོར་བཞིན་ཡོད། དེ་རིང་གོང་གསེང་ཡིན། བོད་ནང་མེར་བསྲེགས་བཏང་འདུག་པ་ཧ་གོ་སོང་། ཡིན་ནའང་ཅི་གང་བྱེད་ཡ་མི་འདུག་གྲོགས་པོ། ཨ་ཧོ་ ད་ཅི་བྱེད་
Dorjee Puntsok ངས་བསམས་ན་ཁྱོད་ཀྱིས་གཅིག་བྱས་པ་རེད། ཁྱོད་ལ་”ཨ་ཧོ་”སྙམ་པའི་ཚོར་བ་སྐྱེས་པ་དེ་ག་རང་གིས་ཁོང་ལ་རྒྱབ་སྐྱོར་བྱས་པ་རེད། མ་གཞི་ངས་ཁོང་ཚོས་ངོ་རྒོལ་བྱེད་སྟངས་འདིས་རྒྱ་ནག་ལ་གནོད་པ་ཙམ་དུ་མ་ཟད། བོད་དོན་ལ་ཧ་སང་ཡ་ཕན་ཐོག་འདུག་བསམས་ཀྱིན་ཡོད། བོད་དོན་ནི་བོད་མི་རེ་རེའི་ངོས་ནས་བསྒྲུབ་དགོས་པ་ཞིག་ལས། ཚོགས་པ་ཞིག་གམ་གཞུང་ཞེས་དམིགས་གསལ་ཞིག་གིས་འགྲུབ་ཡོང་བ་ཞིག་གཏན་ནས་མིན་ལ། དེ་བས་བོད་མི་རེ་རེ་བཞིན་བོད་དོན་ལས་འགུལ་དུ་ཞུགས་པར་ཚོར་བ་ཡོད་པའི་ཐོག་ནས་ཞུགས་ཡོང་བ་ཞིག་ལས། རང་གར་གོ་མེད་ཚོར་མེད་ཀྱིས་ཞུགས་པ་ནི་ཕལ་ཆེར་མེད་ཅིང་གལ་སྲིད་ཞུགས་ནའང་དེ་ནི་ཧ་ཅང་གི་ཕུག་མེད་ཅིག་ལས་ཅི་ཡང་མིན་ཞིང་། དེ་ལས་ཁོང་ཚོའི་ལས་འགུལ་སྤེལ་སྟངས་འདི་ཚོ་ལས་ང་ཚོར་སེམས་ཤུགས་དང་ཚོར་བ་ཧག་ལས་པ་འདི་འདྲ་སྤྲོད་ཀྱིན་འདུག་པས། འདི་ནི་ཁོང་ཚོས་བོད་དོན་ལས་འགུལ་གྱི་གྲུབ་འབྲས་ཡག་ཤོས་ཤིག་ལ་བགྲངས་ཆོག་ལ། ཁོང་ཚོའི་ཕུག་འདུན་གྱི་ཆ་ཤས་ཤིག་ཀྱང་ཡིན་སྲིད་པ་རེད། ཁྱོད་ཀྱིས་བསམ་ན་དེ་འདྲ་ཞིག་ཨེ་རེད།
ངས་བསམ་ན་ང་ཚོ་ལས་བོད་ནང་དུ་ཡོད་པའི་བོད་མི་ཚོར་སེམས་ཤུགས་དང་ཚོར་བ་ཆེ་བ་སྤྲོད་ཀྱིན་ཡོད་རྒྱུ་རེད་བསམ་གྱིན་འདུག ང་ཚོར་ ཨ་ཧོ་ སྙམ་པའི་ཚོར་བ་འདི་ཡོད་ཅིང་འདི་ནི་ང་ཚོའི་བོད་དོན་ལས་འགུལ་གྱི་རྨང་གཞི་ཡང་རེད། ཁྱོད་ལ་དེ་ལྟ་བུའི་ཚོར་བ་སྐྱེས་ཡོད་པ་ནི་དངོས་གནས་སེམས་ཤུགས་དང་སེམས་ཁུལ་ཡོད་པས་རེད།
Tsering Dawa ངས་ཇི་ལྟར་བསམ་ནའང་ཁྱོད་ཀྱིས་བཤད་པ་འདི་དག་མ་རེད་ལབ་ཐུབ་ཀྱིན་མི་འདུག ཡིན་ནའང་ད་དུང་ངས་ཁོང་ཚོའི་ཆེད་དུ་ཅི་ཡང་བྱས་ཡོད་པའི་ཚོར་བ་ཞིག་ཡོང་གིན་མི་འདུག་ལ། ཅི་གང་བྱས་ཡོད་ཅེས་ལབ་ནའང་ངོ་ཚ་བ་དང་གནོང་ཡོང་བ་ཞིག་ལས་ཅི་ཡང་ཡོང་གིན་མི་འདུག
Dorjee Puntsok རེད་གྲོགས་པོ། ངས་ཀྱང་དེ་ལྟར་བསམ་ནས་མ་ཎི་ཞིག་བགྲངས་བ་དེ་ཡིན། མ་ཎི་རེ་ཟུང་གིས་ཁོང་ཚོ་བདེ་བ་ཅན་དུ་བསྐྱལ་འགྲོ་མིན་མི་ཤེས་ཏེ། རང་ངོས་ནས་སེམས་གསོ་བྱེད་ཙམ་ཞིག་ནི་ཅིས་ཀྱང་ཡོང་གིན་འདུག ཨོ་མ་ཎི་པདྨེ་ཧཱུཾ༔ ཨོ་མ་ཎི་པདྨེ་ཧཱུཾ༔ ཨོ་མ་ཎི་པདྨེ་ཧཱུཾ༔
Tsering Dawa ཡ་ཡ་གྲོགས་པོ། དེ་ན་ངས་ཀྱང་མ་ཎི་དང་སྨོན་ལམ་རེ་བྱེད་རྒྱུ་ཡིན། ཨོ་མ་ཎི་པདྨེ་ཧཱུཾ༔ བདེ་བ་ཅན་དུ་སྐྱེ་བར་ཤོག དག་པའི་ཞིང་དུ་འགོད་པར་ཤོག བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག ཨོ་མ་ཎི་པདྨེ་ཧཱུཾ༔ ཨོ་མ་ཎི་པདྨེ་ཧཱུཾ༔ ཨོ་མ་ཎི་པདྨེ་ཧཱུཾ༔ ་་་་་་་
(འདི་ནི་ད་ལྟ་རང་ངོ་དེབ་ལས་གྲོགས་ཚེ་རིང་ཟླ་བ་ལ་ཁ་བརྡ་བྱས་པ་ཞིག་ཡིན།)
སྨྲ་བསམ་བརྗོད་འདས་ཀྱི་ལས་འགུལ་འདི་ནི་དཔག་ཏུ་མེད་པའི་རང་དབང་འཐབ་རྩོད་ཀྱི་ལམ་ཕྱོགས་གཅིག་ཡིན་པས། ང་ཚོས་ནམ་ཡང་གུས་འདུད་སྙིང་ནས་ཞུ་འོས།
མྱ་ངན་གུས་འདུད་དང་། དལ་འབྱོར་མིའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཡོད།
ཨ་ཤུ་རེ་ད་ང་ཚོས་ག་རེ་བྱེད་དགོས་རེད་བོད་མི་ཚང་མ་བུད་ཤིང་དུ་གྱུར་འདུག་་་་སྙིང་སྟོབས་དང་ལ་རྒྱའི་རང་གཞིན་དཔའ་བོ་སངས་རྒྱས་རྒྱ་མཚོ་མཆོག་ལ་མྱ་ངན་གུས་འདུག་དང་བཅས་བསྔོ་སྨོན་རེ་ཨེ་འཇོན་ལྟས་ཡོད་་
དེ་རིང་སྟེ་སྤྱི་ལོ2012/10/6ཉིན་མདོ་ལྷོ་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ་ཆུ་ཚོད་12ཡོལ་ཙམ་ལ་ཡུལ་ཚོ་དེའི་ན་གཞོན་སངས་རྒྱས་རྒྱ་མཚོ་ཟེར་བས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་འདུག ཁོའི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ། སྡེ་བའི་མིང་ལ་རྫས་རུ་བ། དགོན་པ་དང་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད། བྱིས་པ་ཕོ་མོ་གཉིས་ཀྱི་ཕ་དང་ལོ་ཉེར་བདུན་རེད། ཁོའི་བུའི་མིང་ལ་རྡོ་རྗེ་དོན་འགྲུབ་དང་ལོ་བདུན། བུ་མོའི་མིང་ལ་ཏིང་འཛིན་འཚོ་ལོ་དྲུག ༼ངའི་གླེང་མོལ་ནང་བོད་ནས་བཏང་སོང་ངསངས་ཁོང་ཚོའི་བདེ་འཇགས་ཆེད་ཁ་བརྡ་བྱས་མེད།༽
ངོ་མཚར་ཆེའོ་ཁྱེད་ཀྱི་སྙིང་སྟོབས་དེ། །གཟི་བརྗིད་ཆེའོ་ཁྱེད་ཀྱི་དཔའ་ཉམས་དེ། །ལ་རྒྱ་ཆེའོ་ཁྱེད་ཀྱི་བློས་གཏོང་དེ། །༸ཡིད་བཞིན་ནོར་བུས་ཁྱེད་ཉིད་དྲང་དུ་གསོལ། །