ཁ་སང་ཕྱི་དྲོ་བཞུགས་སྒར་དྷ་སར། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གཞུང་འབྲེལ་ཐོག་མཆོད་འབུལ་སྨོན་ལམ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་ནས་མར་མེ་ཁྲོམ་སྐོར་བཅས་གནང་སོང་།
ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཉེ་ཆར་རང་ལུས་མེར་བསྲེཊ་ཀྱིས་འདས་གྲོངས་ཕྱིན་པའི་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་དང་དོན་འགྲུབ།རྡོ་རྗེ་རིན་ཆེན་གསུམ་གཙོས། ད་ལྟའི་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གཞིས་བཞུགས་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གཞུང་ཕྱོཊ་ནས་གདུང་སེམས་མཉམ་སྐྱེད་ཀྱི་མྱང་ངན་རྗེས་དྲན་ཞུ་སླད། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་བྱེས་བྲག་རི་སྤྲུལ་སྐུ་མཆོག་དབུ་བཞུཊ་ཐོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུ་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔཊ་གསུམ་དང་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་གནང་སོང་།
དེ་བཞིན། ཕྱི་དྲོ་ཆུ་ཚོད་ ༦ པའི་སྟེང་དྷ་ས་ས་གནས་གཞོན་ནུ་དང་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོཊ་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ལྟར། སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་ཐོག མེག་གྷན་རླངས་འཁོར་འབབ་ཚིགས་ནས་ཐེག་ཆེན་ཆོས་གླི་གཙུག་ལག་ཁང་གི་དཔའ་བོའི་རྗེས་དྲན་རྡོ་རིང་བར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཏེ། བདེན་ཚིག་སྨོན་ལམ་དབྱངས་སུ་གྱེར་བ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་ངག་བཅད་བཅས་གནང་སོང་།
མར་མེ་ཁྲོམ་སྐོར་གྱི་མཇུག་སྡོམ་གཏམ་བཤད་སྐབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། “ རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོ་རིམ་པས་ང་ཚོ་དང་ཁ་བྲལ་ཏེ་ཕྱིན་པའི་སྐབས། ང་ཚོ་ལ་སྐྱོ་གདུང་གི་སེམས་ཚོར་ཅིག་ཡོང་གི་ཡོད་པ་རེད། ཡིན་ནའང་། ང་ཚོ་སྐྱོ་གདུང་དང་སེམས་ཚོར་ཙམ་གྱི་ནང་དུ་བསྡད་བཞག་ན་འགྲིག་གི་ཡོད་པ་མ་རེད། བོད་ནང་གི་དཀའ་ངལ་དེ་མཇུག་སྒྲིལ་བའི་ཆེད་དུ། ང་ཚོ་སྐྱབས་བཅོལ་གཞུང་མང་ཚང་མས་ང་ཚོའི་འཐབ་རྩོད་ཀྱི་ལས་རིམ་ལ་བསྐྱར་ཞིབ་ཅིག་གནང་དགོས། ” ཞེས་གཏམ་བཤད་སྤེལ་ཏེ། ༢༠༠༨ ནས་བཟུང་གཞིས་བཞུགས་རྒྱ་ཆེ་མི་མང་གི་བློས་གཏོང་ཚད་མཐོན་པོ་གནང་ཡོད་པ་དེ་ནི། ལོ་ ༦༠ འཐབ་རྩོད་ནང་སྔར་བྱུང་མ་མྱོང་བའི་སྟོབས་ཤུཊ་གསར་བ་ཞིག་ཡིན་ལ། ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་འདིའང་རླབས་ཆེན་གྱི་སྟོབས་ཤུཊ་ཤིག་ཡིན་པས། བོད་མི་ཚོས་སྟོབས་ཤུཊ་དེ་གཉིས་ད་ལྟ་ང་ཚོའི་ལག་པར་ཡོད་པ་ངོ་ཤེས་པའི་ཐོག་ནས་འགན་ཡག་པོ་ཞིག་ཁུར་ཏེ། ༸གོང་ས་མཆོག་གི་སྐུ་ཚེ་འདི་ལ། བོད་རྒྱལ་ཁབ་སླར་གསོ་བྱས་པའི་ཐོག་སོ་སོའི་ཕོ་བྲང་དང་རྒྱལ་སར་ཆིབས་སྒྱུར་བསྐྱང་ཐུབ་པ་གནང་དགོས་སྐོར་དང་། དེ་བཞིན། བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་སྟངས་འདི་ནི། རྒྱ་གཞུང་གིས་དྲག་གནོན་དབང་སྒྱུར་གྱི་བཙན་འཛུལ་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཡིན་པས། མེར་བསྲེཊ་ཀྱི་ཛ་དྲག་གནས་སྟངས་འདི་མཚམས་འཇོག་འཇུག་མིན་དེ་རྒྱ་གཞུང་མགོ་ཁྲིད་ཚོས་ལག་ཡོད་པ་བརྗོད་སོང་།
རྒྱ་ནག་གཞུང་གིས་བོད་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་ཆུ་ཚོད་ ༢ ཙམ་ལ། མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་སྒྲོག་མ་སྡེ་བ་ནས་ཡིན་པའི་རང་ལོ་ ༢༧ སོན་པ་རྒྱལ་གཅེས་པ་ལྷ་མོ་སྐྱབས་དང་། ཕྱི་ཚེས་ ༢༢ ཉིན་བོད་ནང་སྔ་དྲོའི་ཆུ་ཚོད ༧། ༣༠ ཙམ་མདོ་སྨད་བླ༌བྲང་གི་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པའི་རང་ལོ་ ༦༡སོན་པ་རྒྱལ་གཅེས་པ་ཧོར་ཁ་གྱའི་དོན་འགྲུབ་ལགས། ཕྱི་ཚེས་ ༢༣ ཉིན་བོད་ནང་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་ལ་མདོ་སྨད་བླ་བྲང་ཟ་ཡུས་ནང་ནས་ཡིན་པ་རང་ལོ་ ༥༧ སོན་པའི་རྡོ་རྗེ་རིན་ཆེན་ལགས་གསུམ་ཀྱིས། སྔ་ཕྱིར་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།