བལ་ཡུལ་ནང་བོད་མི་ཁག་ཅིག་གིས་མ་སྐུལ་དང་བླངས་ཐོག བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེཊ་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་སྨོན་མཆོད་འབུལ་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བལ་ཡུལ་གནས་སྡོད་དང་བླངས་བོད་མི་ ༥༠ ལྷག་གིས་རང་ངོས་ནས་མ་དངུལ་བསྡུ་རུབ་ཀྱིས། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་དང་། དེ་དག་ནང་མི་སྤུན་མཆེད་རྣམ་ལ་གདུང་སེམས་མཉམ་སྐྱེད་ཆེད། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་མཆོད་མེ་སྟོང་མཆོད་དང་། དགོན་པ་ཁག་ ༤༦ ལ་མཆོད་འབུལ་དང་སྐྱབས་འཇུག་ཞུས་ཡོད་པ་མ་ཟད། ད་ལྟའི་བར་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེཊ་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༦༣ མཚན་གཞུང་དང་པར་རིས་ཁག་འཚོལ་བསྡུ་བྱས་ཏེ། དགོན་སྡེ་ཁག་དང་ས་གནས་མི་མང་ལ་གསལ་བཤད་དང་བཅས་འགྲེམས་སྤེལ་གནང་ཡོད་འདུག
གསར་འགོད་པ། དོན་གོ
སྐུ་ཞབས་དོན་གོ་ལགས་ནས། གནས་ཚུལ་དུས་ཐོག་ཏུ་གསར་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུ།