མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝུན་གྱིས་ཁྲིམས་ལྟར་བདའ་འདེད་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༧ ཉིན་ཝུན་ཇ་པའོ་ཡིས་ཁྲིམས་རྩོད་པ་བརྒྱུད་དེ། ནེའུ་ཡོག་དུས་བབ་ཀྱིས་ཁོའི་ནང་མིའི་རུལ་སུངས་མ་དངུལ་ ༢༧ བསྡུ་ཉར་བྱས་ཡོད་པའི་བཤད་ཚུལ་དེར་བདའ་འདེད་བྱས་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་ནེའུ་ཡོག་དུས་བབ་གསར་ཤོག་སྟེང་། རྒྱ་གཞུང་སྲིད་བློན་ཝུན་ཇ་པའོ་ཡི་ནང་མི་ཉེ་འབྲེལ་གྱིས་རྒྱུན་ལྡན་མ་ཡིན་པའི་ཐབས་ལམ་སྤྱད་དེ། ཁྱིམ་ཚང་ལ་ཨ་སྒོར་དུང་ཕྱིར་ ༢༧ རུལ་སུངས་ལྐོག་ཉར་བྱས་པའི་གནས་ཚུལ་སྤེལ་བའི་ཐད། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། པེ་ཅིན་ཅོན་ཧི་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་པའེ་ཐའོ་དང་། ཀོ་ཧོ་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཝང་བའེ་ཏུང་གཉིས་ཀྱིས་གནས་ཚུལ་དེ་ནི་བདེན་པ་མིན་པའི་གསལ་བསྒྲགས་ཤིག་སྤེལ་འདུག 

གསལ་བསྒྲགས་དེའི་ནང་། ནེའུ་ཡོག་དུས་བབ་ཀྱིས་སྤེལ་བའི་ཝུན་ཇ་པའོ་ནང་མིའི་མ་དངུལ་རུལ་སུངས་ཀྱི་གནས་ཚུལ་དེ་བདེན་པ་མིན་པ། གཉིས། ཝུན་ཇ་པའོ་ནང་མིའི་ཁྲོད་ཁག་ཅིག་རྩ་བ་ཉིད་ནས་དཔལ་འབྱོར་ཁེ་ལས་དང་འབྲེལ་བ་མེད་པ་མ་ཟད། དཔལ་འབྱོར་ཁེ་ལས་གཉེར་མཁན་ནང་མི་དག་གིས་ཀྱང་ཁྲིམས་མཐུན་མ་ཡིན་པའི་དཔའ་འབྱོར་འཚོལ་སྒྲུབ་ཀྱི་བྱ་སྤྱོད་གང་ཡང་སྤེལ་མེད་ལ། ཁོ་ཚོས་བཟོ་ཚོང་ཁེ་ལས་སུ་ཞིག་གི་མ་དངུལ་བེད་སྤྱོད་བྱས་མེད་པ། གསུམ། ཝུན་ཇ་པའོ་ཡི་ཨ་མར་ཁྲིམས་མཐུན་གྱི་ཕོགས་དངུལ་དང་རྒན་ཡོལ་རོགས་དངུལ་ལས་གཞན་པའི་ཁེ་སྤོགས་དང་ཐོན་འབབ་གང་ཡང་མེད་པ། བཞི། ཝུན་ཇ་པའོ་ཡི་ནང་མིའི་བཟོ་ཚོང་ཁེ་གཉེར་གྱི་ཚོང་དོན་ཐད་ཁོ་རང་ཉིད་ཀྱི་དབང་ཤུགས་གང་ཡང་ཐེབས་མེད་པ་མ་ཟད། ནང་མིས་བཟོ་ཚོང་ཁེ་ལས་ཀྱིས་ཁོས་གཏན་འབེབ་དང་ལག་བསྟར་བྱེད་བཞིན་པའི་གཞུང་གི་སྲིད་ཇུས་ལ་ཤུགས་རྐྱེན་གཅིག་ཀྱང་ཐེབས་མེད་པ། ལྔ་། ཝུན་ཇ་པའོ་ཡི་གཉེན་ཉེ་འབྲེལ་དང་། ཁོ་ཚོའི་གྲོགས་པོ་དང་ལས་གྲོགས་ཚང་མས་སོ་སོའི་བཟོ་ཚོང་ཁེ་ལས་བྱ་འགུལ་ལ་འགན་འཁྱེར་དགོས་པ། དྲུག ཁོ་ཚོས་མུ་མཐུད་ནས་ནེའུ་ཡོག་དུས་བབ་ཀྱི་དངོས་བདེན་མིན་པའི་གནས་ཚུལ་རིགས་མུ་མཐུད་གསལ་འདོན་བྱ་རྒྱུ་ཡིན་པ་མ་ཟད། ཁྲིམས་ཐོག་ནས་འགན་ལེན་པའི་ཁེ་དབང་བདའ་འདེད་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ། བཅས་བཀོད་འདུག 

སྐབས་དོན་དབྱེ་ཞིབ་པ་དག་གིས། ཝུན་ཇ་པའོ་ཡིས་ཁྲིམས་རྩོད་པ་བརྒྱུད་ཕྱིའི་གསར་ལམ་གྱིས་སྤེལ་བའི་གནས་ཚུལ་གསལ་འདོན་བྱེད་ཐབས་དེ་ནི། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཁྲོད་ཧ་ཅང་མཐོན་དཀོན་པོའི་གནས་སྟངས་ཤིག་ཆགས་སྟབས། གནས་ཚུལ་འདིའི་སྟེང་ནས་རྒྱ་གཞུང་ཚོགས་ཆེན་ ༡༨ པ་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་དམར་གཞུང་ནི་ནང་ཁུལ་འགལ་བ་ཧ་ཅང་ཛ་དྲག་གི་གནས་སྟངས་ཤིག་ལ་སླེབས་ཡོད་པའི་ངོས་འཛིན་བྱེད་བཞིན་པ་མ་ཟད། ཐེངས་འདིའི་ཝུན་ཇ་པའོ་ཡིས་ཁྲིམས་ལུགས་གཞིར་བཟུང་གནས་ཚུལ་དེར་བདའ་འདེད་ཀྱི་རྣམ་འགྱུར་དེས།  ཅཱང་དང་ཀྲིག་གི་ཉེས་སྤྱོད་མཐའ་དག་ལ་རྣོ་ངར་ལྡན་པའི་ཁ་གཏད་ཅིག་ཆགས་ཡོད་སྐོར་བརྗོད་འདུག 

གཞན་ཡང་སྲིད་དོན་དབྱེ་ཞིབ་པ་ཁག་གིས་བརྗོད་པ་ལྟར་ན།  ཐེངས་འདིར་ཝུན་ཇ་པའོ་ཡི་ནང་མིའི་ཚུལ་མཐུན་མ་ཡིན་པའི་དཔལ་འབྱོར་མ་དངུལ་སྐོར་རྒྱལ་སྤྱིའི་གསར་ལམ་བརྒྱུད་ཕྱིར་སྒྲོག་བྱེད་མཁན་ནི། སྤྱིར་བཏང་གི་མི་མང་དཀྱིས་མ་ཞིག་མ་ཡིན་པར། ཅཱ་དང་ཀྲིག་སོགས་རྒྱ་གཞུང་གི་གསང་བའི་ལས་དོན་ལ་འབྲེལ་བ་ཡོད་མཁན་གནད་ཡོད་དཔོན་རིགས་ཁག་ཅིག་ཡིན་པ་མ་ཟད།  ཝུན་གྱི་ནང་མིའི་དཔལ་འབྱོར་མ་དངུལ་ཕྱིར་སྒྲོག་བྱེད་དགོས་དོན་ནི། སྲིད་སྟེགས་ནས་འབབ་ལ་ཉེ་བའི་ཝུན་ཇ་པའོ་ལ་གནོན་ཤུགས་སྤྲོད་རྒྱུ་ཁོ་ན་ཙམ་མ་ཡིན་པར། ཝུན་གྱིས་རྒྱབ་སྐྱོར་དང་སྐོ་འཐེན་གནང་བཞིན་པའི་རྒྱ་གཞུང་གི་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་གྱི་འདུ་ཤེས་འཛིན་མཁན་གྱི་ཚབ་མཚོན་མི་སྣ་སྟེ།  ད་ལྟའི་ཀུང་ཏུང་ཞིང་ཆེན་དམར་ཤོག་དྲུང་ཆེ་ཝང་ཡཱང་སྐབས་རྗེས་མའི་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་ ༧ གྱི་གྲས་སུ་བསླེབས་རྒྱུར་ཁ་གཏད་གཅོག་ཐབས་ཤིག་ཡིན་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 6

  1. མལ་གྲོའི་བཙུན་པ་ says:
    ལོ་ 13 སྔོན།

    འདིར་ཨ་སྒོར་དུང་ཕྱིར་ཞེས་དུང་ཕྱིར་བྲིས་པ་དང་ཡང་མི་མང་དཀྱིས་མ་ཞེས་དཀྱིས་མ་ཞེས་བྲིས་པར་གོ་བ་ལྷག་པོ་ག་རེ་ལེན་རྒྱུ་ཡོད་ན།

    Reply
  2. ཐོ་རེངས། says:
    ལོ་ 13 སྔོན།

    སྲིད་བློན་ཝུན་ཅ་ཡི་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་གསལ་འདོན་བྱེད་ཚུལ་ལ་སུ་ཞིག་ཡིད་སྟོན་ནུས།
    རྒྱ་ནག་གི་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཚོ་ཡང་ཝུན་ཅ་པོ་རང་ཉིད་ལྟ་བུ་འབའ་ཞིག་རེད།
    ཁྲམ་པའི་རྒྱབ་སྐྱོར་ཁྲམ་པའི་བྱེད་རྒྱུ་རེད།

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    འོན་ཅ་པོ་ལ་ནག་ཉེས་མེད་ན་བོད་པ་ཚོས་སྐད་བཅོལ་མ་རྒྱག་ན་བཟང་།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    ཁྲིམས་ལྟར་བདའ་འདེད་ཀྱི་ཐོབ་ཐང་དོར་གྱི་མིན་ཞེས་པ་ལས་བདའ་འདེད་བྱེད་རྒྱུ་ཡིན་ལབ་ཐུབ་ཡོད་པ་མ་རེད། གང་ལྟར་ཝུན་ནི་བོད་མིའི་མེར་བསྲེག་དྲག་སྤྱོད་པར་བརྗོད་མཁན་གྱི་དགྲ་བོ་ལྟེ་བ་དེ་ཡིན་པས། ལྐོག་ཟ་རུལ་སུངས་ཐ་དག་ཐད་བོད་པ་ཚོས་ཀྱང་ཉམས་ཞིབ་ཀྱིས་ཐེར་འདོན་བྱེད་རོགས་གནང་རྒྱུ་བོད་མི་ཡིན་ཟེར་མཁན་དག་གི་ལས་འགན་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཝུན་གྱི་བདེན་པ་ཉིད་རྒྱལ་འགྱུར་ཅིག འོནད་ཀྱང་། གལ་སྲིད་ཝུན་གྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་ན། ཚོགས་ཆེན་མ་འཚོགས་གོང་ལ་ཐེར་འདོན་ཡོང་བའི་སྨོན་འདུན་ཡང་ཡོད་ལགས།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ སྐབས་དོན་དབྱེ་ཞིབ་པ་དག་གིས། ཝུན་ཇ་པའོ་ཡིས་ཁྲིམས་རྩོད་པ་བརྒྱུད་ཕྱིའི་གསར་ལམ་གྱིས་སྤེལ་བའི་གནས་ཚུལ་གསལ་འདོན་བྱེད་ཐབས་དེ་ནི། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཁྲོད་ཧ་ཅང་མཐོན་དཀོན་པོ་ཡིན་སྟབས། གནས་ཚུལ་འདིའི་སྟེང་ནས་རྒྱ་གཞུང་ཚོགས་ཆེན་ ༡༨ པ་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་དམར་གཞུང་ནི་ནང་ཁུལ་འགལ་བ་ཧ་ཅང་ཛ་དྲག་གི་གནས་སྟངས་ཤིག་ལ་སླེབས་ཡོད་པའི་ངོས་འཛིན་བྱེད་བཞིན་པ་་་་་་ སོགས་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese