ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༨ བར་བོད་ནང་གི་ས་ཁུལ་ཁག་ཅིག་ཏུ། སློབ་ཆེན་པ་དང་ལས་བྱེད། རྩོམ་པ་པོ། གྲྭ་བ། ཚོང་བ་བཅས་མི་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་འདུག
ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༡༠ ནས། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་དུས་ཚོད་ ༨ བར་དུ། བོད་ཀྱི་རྒྱལ་ས་ལྷ་ས་དང་ཁམས་བྲག་འགོ། འཇོ་མདའ། རྫ་ཆུ་ཁ། ཁྲི་འདུ། གསེར་རྟ། མཚོ་སྔོན་ཟི་ལང་། རེབ་གོང་། དཀར་མཛེས། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་བཅས་སུ་ཡོད་པའི་བོད་མི་ ༦༠ ལྷག་གིས་ས་གནས་སོ་སོ་ནས་ཟས་བཅད་ངོ་རྒོལ་དང་། གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་བ་སྨོན་ལམ་གནང་གི་ཡོད་འདུག
ཟས་བཅད་ངོ་རྒོལ་གནང་མཁན་བོད་མི་དེ་དག་ནི་ས་གནས་སོ་སོར་ཡོད་པའི་སློབ་གྲྭ་ཆེན་མོ་པ་དང་། རྒྱལ་ཁབ་ཀྱི་ལས་བྱེད་པ། རྩོམ་པ་པོ། གྲྭ་པ། ཚོང་པ་སོགས་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཤེས་ལྡན་པ་རྐྱང་རྐྱང་ཡིན་ཞིང་། ཁོང་གིས་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་༩༡ ལྷག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་ཞིང་། དེ་བས་མང་པོ་ཞིག་ཁྲི་མུན་བཙོན་འཇུག་བྱས་ཏེ་མནར་གཅོད་བཟོད་བརླག་མེད་པ་མྱངས་དང་མྱོང་བཞིན་ཡོད་པ་སོགས་ལ། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དེ་ལས་ལྷག་པའི་ཁ་གསལ་ཞིག་དགོས་དོན་མེད་འོ་ན་ཁྱོད་རང་ལ་མི་རེ་ངོ་རེ་བྱས་ནས་ལབ་དགོས་བ་འདྲ་གལ་སྲིད་དེ་འདྲ་བྱས་བ་ཡིན་ན་མི་དེ་དག་རྒྱ་ནག་ལ་སྤྲད་པ་མ་རེད་བེ
ཁ་གསལ་མེད་པའི་འདིའི་རིགས་ལ་ཡིད་ཆེས་དཀའ་་བ་དང་ཕྱིས་སུ་འདི་འདྲ་རིགས་འབྱུང་ན་གསར་ཁང་གིས་ངེས་པར་རྟགས་དཔྱད་བྱེད་དགོས་པ་ལས་མཐོང་མ་ཐག་འགོད་མི་རུང་
ངས་བསྒུག་ནས་བསྡད་སའི་ལས་འགུལ་ཅིག་ནི། གཞིས་སྡོད་བོད་མི་ཤེས་ཡོན་པ་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་གི་ཡོད་པ་འདི་ཡིན་ནོ། ད་འགྲིགས་སོང་སྙམ་ལགས། མུ་མཐུད་ཅིག མུ་མཐུད་ཅིག མུ་མཐུད་ཅིག །