མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དག་གང་ལ་འཕྲད་ཀྱང་གངས་ཅན་པའི་བདེན་ལུགས་འདོར་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་བརྒྱད་གསུམ་གཅིག་དྲུག

ཕྱི་ལོ་ ༡༩༥༩ ནས་བཟུང་དེ་རིང་བར་དུ་མི་ལོ་ཧྲིལ་བོ་ལྔ་བཅུ་ལྔ་གསུམ་འཁོར་ཡོད། ལོ་འདི་དག་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། རི་བོ་ཧི་མ་ལ་ཡི་རི་རྒྱུད་དུ་གནས་པའི་བོད་རིགས་དག་ལ་དགའ་སྤོབས་རང་དབང་དང་། བག་ཡངས་ཞི་ལྷོད་ཀྱི་བདེ་སྐྱིད་ཅིག་སྒེར་གཅོད་རིང་ལུགས་པའི་ནམ་ཡང་སྤྲད་མྱོང་མེད། ཡིན་ན་ཡང་། ཕྱི་མའི་ལས་ལ་གུས་པའི་རང་ཅག་མི་རིགས་འདིས་བཟོད་སྒོམ་ཞིག་ལ་བརྩི་སྲུང་བྱས་ཏེ། ད་བར་གྲི་ཆུང་ཞིག་གི་སོ་ཁ་ཙམ་ཡང་སྒེར་གཅོད་རིང་ལུགས་པར་བསྟན་མྱོང་མེད།

དེའི་ཕྱིར། སྒེར་གཅོད་རིང་ལུགས་པ་འུ་ཐུག་ཐབས་ཟད་དེ་མཐར་ ༢༠༠༨ ལོར་བོད་ཆས་གྱོན་ནས་མང་ཚོགས་ཁྲོད་གྲི་ཁྱེར་ནས་འཁྲབ་གཞུང་ཞིག་བཟོས་བ་རེད། འདི་ནི་འུ་ཅག་གི་མི་རིགས་འདིས་རྒྱལ་ཁ་ཞིག་ཏུ་ངོམ་ཆོག་ལ། མི་གཞིའི་མནོ་བསམ་གྱི་སྟོབས་ཤུགས་ཤིག་ཀྱང་རེད། ༸གོང་ས་མཆོག་གིས་རྒྱུན་དུ་ཞི་བདེ་དང་སྤྱི་གཞུང་ལ་དོ་ཁུར་བྱ་དགོས་ཞེས་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཡང་དེ་རེད་སྙམ། 

ཡང་གཅིག་བཤད་ན། ལོ་སྟོང་ཕྲག་བརྒྱུད་འོང་བའི་སྒང་བ་བོད་པའི་གཤིས་སྤྱོད་དང་འགྲོག་པའི་ཞི་བའི་སྤོབས་སེམས་ལ་འཛམ་གླིང་གི་མི་བུ་རེ་རེ་ཧང་སངས་ཧོན་འཐོར་ཏེ་བོད་མིའི་སྒེར་ཚུགས་ལ་གཟེངས་བསྟོད་བྱེད་བཞིན་པའི་སྐབས་འདིར། སྒེར་གཅོད་རིང་ལུགས་པའི་རྒྱུ་འབྲས་བློ་མིག་ལ་དྲག་རྒོལ་བྱེད་རྒྱུ་མོ་རྩིས་ལ་བབ་པ་ཞིག་རེད།

དེའི་ཕྱིར། དེ་རིང་ངས་ཁ་གསལ་ནས་བཤད་འདོད་པ་ཞིག་ལ། ཁྱེད་ཅག་སྒེར་གཅོད་པའི་དྲག་དམག་གི་མདུན་ལ་ལངས་བའི་ཞི་བའི་མེ་མཆོད་འབུལ་མཁན་ཚོ་སྟོང་ལོ་བརྒྱད་ཅུ་བའི་རྗེས་སུ་སྐྱེས་པའི་མི་བུ་ཤ་སྟག་ཡིན་ལ། ཁྱེད་ཅག་ནི་ ༥༩ ལོར་དམར་གསོད་བཏང་བའི་ངེད་ཚང་གི་ཕ་མ་ཚོའི་རྣམ་ཤེས་ཡིན། རྒྱུ་མཚན་དེས་ན། བཙན་རྒྱལ་རིང་ལུགས་པ་སུ་ཞིག་གིས་བུ་རབས་ཚ་རྒྱུད་ལྡན་པའི་མི་རིགས་ཤིག་མཇུག་རྫོགས་ཐུབ་མེད་སྟབས། དོན་དག་ཅི་ཞིག་ལ་འཕྲད་ཀྱང་གངས་ཅན་པའི་བདེན་ལུགས་འདི་འདོར་མི་སྲིད། 

སྟོང་ལོ་གཉིས་བ་ནས་བཟུང་བོད་ཀྱི་འཐབ་རྩོད་འདི་མི་རབས་གསར་བས་འགན་ཁུར་བའི་འཐབ་རྩོད་གསར་བ་ཞིག་ཏུ་ཁྲིད་ཡོད། དེའི་ཕྱིར། བོད་ཀྱི་འཐབ་རྩོད་ཀྱིས་ངོ་བོ་ཇེ་མཁྲེགས་ཇེ་འཁྲུག་ཏུ་གྱུར་དང་འགྱུར་བཞིན་པའི་ཁ་སང་དེ་རིང་བདུན་ཕྲག་གཅིག་ལ་མི་བུ་བཅུ་གྲངས་ཤིག་གིས་ལུས་ངག་ཡིད་གསུམ་ཞུགས་འབུལ་ཞུས་བ་འདི། མི་ རབས་གསར་བའི་འགན་ཁུར་བས་རླབས་ཆེན་གྱི་སྤོབས་སེམས་ཤིག་རེད་ལ་འགྲོ་བ་མིའི་རིགས་ལ་དགའ་ཞེན་བཅངས་པའི་མཆོག་གྱུར་གྱི་གླེང་རིན་ཡོད་པ་ཞིག་རེད། 

ཡིན་ནའང་། འུ་ཅག་གི་མི་བུ་གང་མང་ཞིག་གིས་ཞི་བའི་མེ་མཆོད་འདི་མཚམས་འཇོག་དགོས་ཚུལ་ནན་གྱིས་ཤོད་ཀྱིན་འདུག་ལ། ལྷག་པར་དུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་མི་ཆེན་སྐོར་ཞིག་གི་མིང་གིས་བཟུང་ནས་འདི་དང་འདི་དག་གིས་ཞི་བའི་མེ་མཆོད་མཚམས་འཇོག་དགོས་ཚུལ་གསུངས་སོང་ཞེས་ཡང་ དང་བསྐྱར་གྱིས་སྒྲོག་གིན་འདུག  འདི་ནི་རྒྱུན་ལྡན་མིན་པའི་བསྒྲགས་སྟངས་མི་ལེགས་པ་ཞིག་རེད།

གང་ཡིན་ཟེར་ན། ཕྱོགས་གཅིག་ནས་ཟུར་ཟ་ཞིག་རེད་ལ། གཉིས་ནས་མིག་གིས་མཐོང་བ་ཙམ་ལས་རྒྱང་རིང་ལ་ལྟ་བའི་དཔྱོད་ཤེས་ཀྱི་མིག་ཟུང་ཀུམ་སོང་བ་ཞིག་རེད། གང་ལགས་ཤེ་ན། སྟོང་ལོ་གཉིས་པའི་བརྒྱད་ཀྱི་ལོ་འཛམ་གླིང་གི་མི་བུ་རླབས་ཆེན་གང་དག་ཞིག་གིས་འུ་ཅག་གངས་ཅན་པའི་ཆེད་དུ་རྒྱ་ནག་གི་རྩེད་འགྲན་ལ་མི་ཞུགས་བའི་དམ་བཅས་ནའང་། རང་ཉིད་ཀྱི་འཐུས་ཤོར་ལ་བརྟེན་ནས་སྒེར་གཅོད་པའི་འཛུམ་མདངས་ཀྱི་མེ་ཏོག་རྒྱས་བཞིན་མཇུག་བསྡུས་བ་དེ་ཡང་རང་ཅག་གིས་ད་ལྟའི་ཆར་དྲན་དགོས་པ་གནད་ཅིག་རེད་འདོད།

 ཡང་གཅིག་བཤད་ན། རང་སྲོག་མེ་མཆོད་ཀྱི་སྦྱིན་པ་འདིར་བོད་ཕྱི་ནང་གང་གིས་འགོག་མི་ཐུབ་ལ་བཀག་ན་ཡང་མི་འོས་པ་རེད། ངས་འདི་ལྟར་བཤད་ན་འུ་ཅག་གི་མི་བུ་གང་མང་ཞིག་གིས་ང་ལ་སྐྱོན་མཚང་གིས་རྔ་བོ་དྲག་ཏུ་བརྡུང་སྲིད་ཀྱང་ངས་སྨྱུག་ཁ་འདི་ཅིས་ཀྱང་ཕྱིར་བསྡུ་མི་བྱེད། 

གང་ལ་ཟེར་ན། མེ་སྤར་མཁན་ལ་མ་གཞུས་པར་བུད་ཤིང་ལ་ལེ་བདའ་བྱས་ན་འདི་ནི་གླེན་རྟགས་ཤིག་རེད་ལ། བསམ་བློའི་སྒེར་ཚུགས་ཤོར་བའི་ཐན་ལྟས་ཤིག་ཀྱང་རེད། མ་གཞི་རང་རེའི་བསམ་བློ་བ་དང་ཆབ་སྲིད་པ། ཤེས་ཡོན་པ་སོགས་ཀྱིས་ནམ་ཡིན་ཡང་གཏམ་སྨྱུག་གི་མགོ་བོ་ནང་ལ་སྲིང་བསྡད་པ་འདི། འུ་ཅག་གི་མི་རིགས་འདིའི་སྐྱོ་གར་གྱི་ལས་འབྲས་ཤིག་ཡིན་ནམ། གཞི་རིམ་སློབ་གསོ་ཀུམ་པའི་ཤེས་རྨོངས་པ་ཞིག་ཡིན་པ་ཁོ་བོས་མ་ཤེས་སོ།།

 གང་ལྟར་ཡང་། ང་ཚོས་དྲན་དགོས་པ་ཞིག་ལ་འུ་ཅག་གི་རྒྱལ་གཅེས་རིང་ལུགས་པ་དགུ་བཅུ་ལྷག མེ་ལ་སྦར་མཁན་དེ་སྒེར་གཅོད་རིང་ལུགས་པ་རེད་ཅེས་ངས་ཅིས་ཀྱང་སྒྲོག་ན་འདོད། རྒྱུ་མཚན་དེའི་ཕྱིར། སྒྲིག་འཛུགས་གང་ཡང་མེད་པའི་རང་འགུལ་གྱི་མེ་མཆོད་ཕུལ་མཁན་དག་གིས་རླབས་ཆེ་བའི་བྱ་འགུལ་འདིའི་ངོ་བོ་བསྒྱུར་དགོས་དང་མི་དགོས། མཚམས་འཇོག་དང་མི་འཇོག་སོགས་སྒེར་གཅོད་རིང་ལུགས་པའི་འགྲོ་བ་མིའི་རིན་ཐང་ཤེས་མིན་དང་། རྒྱལ་གཅེས་དཔའ་བོ་དགུ་བཅུ་ལྷག་གི་མགྲིན་དབྱངས་གཅིག་པའི་འབོད་སྒྲའི་སྟེང་འགྲོ་ཐུབ་མིན་དེ་རེད། 

ཡིན་ན་ཡང་སྒེར་གཅོད་རིང་ལུགས་པས་ད་དུང་གླེན་རྟགས་འདིའི་མཇུག་མུ་མཐུད་སྐྱོང་སྲིད་ལ། སྤྲེལ་ལད་ཡང་མང་པོ་ཞིག་འཁྲབ་སྲིད་པས། འུ་ཅག་ལ་ཡང་ཆིག་སྒྲིལ་གྱི་ནུས་པ་ངོམ་པའི་གྲ་སྒྲིག་ཨང་གསར་དགོས་པ་མ་ཟད། དཔའ་བོ་དགུ་བཅུ་ལྷག་གི་ཞུམ་མེད་དཔའ་ངར་གྱིས་ཁ་ཆེམས་གཙོར་བཞག་ཐོག འཐོན་སྲིད་པའི་དཔའ་བོ་བརྒྱ་ཕྲག་མང་པོའི་སྙིང་སྟོབས་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་གྱེར་ཐུབ་པའི་འབད་བརྩོན་དགོས་པ་ལས་འགྲིག་མིན་བཤད་པའི་དུས་བབ་མིན།

སྤྱིར་བཏང་རང་ཅག་གི་མི་རིགས་འདིས་བྱ་འགུལ་གང་ཞིག་བརྩམས་ཀྱང་མིག་བཙུམ་ལོང་མེད་པར་གྲུབ་འབྲས་དགོས་ཞེས་པའི་ཧམ་བཤད་དེ་ལྐུག་རྟགས་ཤིག་ཡིན་པ་ཤེས་ལྡན་ཡིན་ཟེར་མཁན་ཚོས་དཔྱད་པ་མ་བྱས་ཀྱང་། ཐང་ཆད་ཆོག་ཆོག་གི་གཤིས་ངན་དེ་འབྱུང་འགྱུར་གྱི་གཉན་ནད་རེག་དུག་ཅིག་ཡིན་པས། རྒྱང་རིང་གི་དཔྱོད་ཤེས་མེད་ན་མི་རིགས་ཤིག་ཁུ་སིམ་ཁད་ཀྱིས་འཇིག་རྟེན་འདིའི་སྒང་ནས་ཡལ་འགྲོ་ངེས་པས། རང་རིགས་ཀྱི་ལས་དོན་ལ་སེམས་ཤུགས་མང་ཙམ་གླེང་མཁན་ཚོས་ངེས་པར་དུ་འདི་གླེང་དགོས་པ་ཞིག་ཡིན་ནོ།།

ད་དུང་འུ་ཅག་གི་མི་བུ་གང་མང་ཞིག་གིས་དཔའ་བོ་དགུ་བཅུ་ལྷག་གིས་ཞི་བའི་མེ་མཆོད་ཕུལ་ནའང་གྲུབ་འབྲས་ཅི་ཡིན་འདི་ཡིན་སྟོན་རྒྱུ་མེད་པ་མ་ཟད། ཐ་ན་དྲིལ་བསྒྲགས་ཀྱང་འཐུས་ཚང་ཞིག་བྱས་མ་སོང་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་དག་ལ་ལེ་བདའ་བྱེད་ཀྱི་འདུག་ལ་བྱ་དགོས་ངེས་ཤིག་ཀྱང་རེད། ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཀྱང་མང་ཚོགས་ཀྱི་འགན་ཁུར་ཞིག་ལ་བསམ་ནས་རྒྱབ་མདུན་ནོར་མི་ཉན། འོན་ཀྱང་། གྲུབ་འབྲས་མི་འདུག་ཅེས་པའི་བཤད་སྟངས་དེ་དཔྱོད་ཤེས་ཀྱི་མིག་ཟུང་ཞར་སོང་བ་རེད།

རང་ཅག་གི་དཔའ་བོ་དགུ་བཅུ་ལྷག་གི་རླབས་ཆེན་གྱི་ཆོད་སེམས་དེས་སྒང་བ་བོད་པའི་གནས་སྟངས་ཀ་དང་ཁ་ཞེས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་བསྲིངས་ཡོད་པ་མ་ཟད། འབར་ལ་ཉེ་བའི་རྒྱལ་སྤྱིའི་གནད་དོན་རང་བཞིན་ཅན་ཞིག་ཆགས་ཡོད།  ཁ་སང་དེ་རིང་མེད་ན་སང་ཉིན་རང་ཅག་ཧང་སངས་བའི་ཉིན་མོ་ཞིག་ཡོད་པའི་འུ་ཅག་གི་ཆོད་སེམས་ནམ་ཡང་སྨག་རུམ་དུ་ལྷུང་མི་ཉན། 

ད་དུང་ཆིག་སྒྲིལ་ནི་འཐབ་རྩོད་ཀྱི་མ་རྩ་ཡིན་པས། ད་ལྟ་འུ་ཅག་བོད་མི་ཡོད་དོ་ཅོག་གི་སེམས་ངོ་ན་བརྗེད་ཐབས་མེད་པའི་ཆིག་སྒྲིལ་གྱི་རྨ་ཁ་ཞིག་བཞག་ཡོད། དེ་ནི་དེ་རིང་ནས་བཟུང་སླར་ཡང་མི་ལོ་ལྔ་བཅུའི་རིང་གི་རྣོ་ངར་ལྡན་པའི་འཐབ་རྩོད་ཀྱི་རྨང་རྡོ་ཇེ་བརྟན་ཇེ་མཁྲེགས་སུ་བཞག་པ་རེད། ད་དུང་དགེ་ཆོས་ལགས་ཀྱིས་རང་རྒྱུས་རང་ལ་ཡོད་གསུངས་པར་ལྟར་འུ་ཅག་གི་མི་རིགས་འདི་ནང་ཕན་ཚུལ་ཁ་རྩུབ་ལག་རྩུབ་ཅིག་ཡིན་པ་སྦ་གསང་བྱེད་ས་མེད་ནའང་། ད་ལྟའི་གནས་བབ་ལ་ཚིག་ངན་ཞིག་ཤོར་ནའང་། ལམ་སང་དཔའ་བོ་ཚོའི་ཞལ་ཆེམས་ཀློག་ཡོང་གི་ཡོད་པར་གསལ་རྗེན་དུ་མཁྱེན་བཞིན་དུ་ད་དུང་གྲུབ་འབྲས་མི་འདུག་ཅེས་ལབ་ཕོད་པ་འདི་ཡང་དཔའ་རྒོད་ཞིག་གི་རང་གཤིས་ཡིན་སྲིད་མོད་། ངས་གླེན་པ་ཞེས་འབོད་རྒྱུ་ཡིན། 

མཐར་ངས་འདི་ལྟར་བརྗོད་ན་འདོད། ཆོད་སེམས་ནི་འགྲོ་བ་མིའི་ལེགས་འགྲུབ་ཀྱི་མྱུ་གུ་ཡིན་པ་བདེན། བསམ་བློ་ནི་འགྲོ་བ་མིའི་རིན་ཐང་གི་ལྗིད་ཚད་ཡིན་པ་བདེན། དེའི་ཕྱིར། འུ་ཅག་གི་ལམ་བུ་ཀྱག་ཀྱོག་དང་ཚེར་མའི་གང་ནའང་ལེགས་འགྲུབ་ཀྱི་མྱུ་གུ་ཡོད་པའི་ནམ་ཡང་ལམ་ཟུར་དུ་ཐོན་མི་རུང་། སྙིང་ཉེ་བའི་གངས་ཅན་པ།

                                                                           ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༠༣ ཉིན།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 4

  1. ཀུན་དགའ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་པ། གུས་ནས་རྨོངས་འཆར་རྡོག་རྡོག་གསུམ་ཙམ་ཞིག་ཞུས་ན། དེང་བོད་གནས་ཛ་ཇེ་དྲག་ནས་ཐབས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོ་རང་དབང་ལུང་པ་ན་ཡོད་པའི་བོད་མིར་མཚོན་ན་ངེས་པར་སྒྲུབ་དགོས་པའི་དོན་གནད་གསུམ་མཐོང་གིན་འདུག
    གཅིག སྒྲིག་འཛུགས་བཀའ་ཤག་གིས་རྐང་འགན་བཞེས་ནས་དྲིལ་བསྒྲགས་ལས་ཁང་གི་ཁྱབ་ཁོངས་སུ་ཆེས་ཚད་ལྡན་ནམ་ཚད་མཐོའི་བོད་རྒྱ་དབྱིན་གསུམ་གྱི་རྩོམ་སྒྲིག་སྡེ་ཚན་ཞིག་གང་མགྱོགས་ངང་ཆེད་འཛུགས་གནང་ནས་གཤམ་གྱི་དོན་ཚན་གསུམ་གསུམ་ལག་བསྟར་ངེས་པར་གནང་ཐུབ་དགོས།
    ༡ ༽ བོད་དོན་ཆེད་༢༠༠༨ ཚུན་རང་སྲོག་དོར་པའི་བོད་ཕྱི་ནང་གི་དཔའ་བོ་དཔའ་མོ་རྣམས་༼འདིའི་ནང་མེར་བསྲེགས་མ་ཡིན་པའི་བོད་དོན་ཆེད་རང་སྲོག་ཕུལ་མཁན་ཚོའང་ཚུད་དགོས་༽ཀྱི་ལོ་རྒྱུས་དང་ཞལ་ཆེམས་སོགས་ཞིབ་གསལ་གྱིས་ཡིག་ཐོག་དང་བརྙན་ཐོག་གཉིས་ཀར་རྩོམ་སྒྲིག་བཟོ་འདོན་བྱེད་རྒྱུ།
    ༢༽༢༠༠༨ ཡར་སྔོན་གྱི་ལོ་རབས་རེ་རེ་དང་དུས་རབས་རེ་རེར་འབྲེལ་པའི་བོད་ཀྱི་དཀའ་སྡུག་དང་ཁྱད་པར་རྒྱ་དམར་གྱི་དྲག་ནོན་འོག་བོད་མིའི་ཤོར་བའི་དཔའ་བོ་ཚོའི་ལོ་རྒྱུས་ཁོངས་དག་བསྡུ་སྒྲིག
    ༣༽ གོང་ཞུས་དོན་ཚན་གཉིས་ལག་བསྟར་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་དང་འབྲེལ་ཡོད་གཞུང་སྒེར་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཡོངས། ལྷག་དོན་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་ནང་འགྲེམས་སྤེལ་ཐུབ་རྒྱུ།
    གཉིས། རང་དབང་ཡུལ་གྲུ་ཁག་ནང་སྔར་སྲོལ་གྱི་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་བསྐོར། འབོད་ཚིག་རྙིང་བ་སོགས་དེང་གི་འཕྲུལ་ལས་བརྡ་འཕྲིན་གྱི་དུས་དང་བསྟུན་རྣམ་པ་གསར་པར་སྐྱོད་དེ་འཛམ་གླིང་མི་མང་གིས་གོ་ཐོས་ཡོད་པ་ཐབས་འཚོལ་གནང་དགོས།
    གསུམ། རང་གཞུང་གཙོས་ཚོགས་སྡེ་ཡོངས་ནས་རྒྱུ་ཐབས་གང་དགོས་ངེས་པར་འབད་བརྩོན་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་ལ་འབྲེལ་ལམ་གཏིང་ཟབ་འཛུགས་དགོས། འདི་དག་ནི་བཙན་བྱོལ་བོད་མིས་བྱེད་ནུས་པ་དང་བྱེད་འོས་པ་ཅི་ནས་ཀྱང་བྱེད་དགོས་ཞིག་ཏུ་མཐོང་ངོ་།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མི་འདི་ཚོས་རང་ཉིད་ས་ཆ་བཙན་ས་ཞིག་ཏུ་བསྡད་དེ་གཞིས་ལུས་མི་དམངས་ཚོ་དགྲ་བོའི་སྔུན་ནས་རང་ཤི་རྒྱག་པར་སྐུལ་མ་བྱེད་ཀྱིན་འདུག ་་་་ཟེར།

    Reply
  3. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    མི་འདི་ཚོས་རང་ཉིད་ས་ཆ་བཙན་ས་ཞིག་ཏུ་བསྡད་དེ་གཞིས་ལུས་མི་དམངས་ཚོ་དགྲ་བོའི་སྔུན་ནས་རང་ཤི་རྒྱག་པར་སྐུལ་མ་བྱེད་ཀྱིན་འདུག དཔེར་ན་ཉིས་སྟོང་བརྒྱད་ལོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་འུར་བསླངས་ཏེ་བོད་བར་དུ་འགྲོ་ཁུལ་འདིས། སྙིང་སྟོབས་ལྡན་ཞིང་ཕྱི་རོལ་ཡུལ་གྱི་དེ་ཉིད་མི་རྟོགས་པའི་རང་རིགས་བརྒྱ་ཕྲག་མང་པོ་དགྲ་བོའི་མེ་མཚོན་དུ་དྲངས་ཤིང་། སྟོང་ཕྲག་མང་པོ་ཁྲི་མུན་དུ་བཅུག བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་དུ་བཅུག་སོང་། ཡང་རང་མིང་སྦས་པའི་མི་འདི་དག་གིས་ངར་ཤ་སློང་གིན་འདུག རྫུན་གཏམ་ལབ་ཀྱིན་འདུག ད་ལྟ་བར་གྱི་ཞི་བའི་ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་དུ་འཇུག་འདོད་འདུག རང་ལུས་མེར་བསྲེགས་མཁན་མི་བུ་བརྒྱ་ཁ་མ་ཟིན་ཙམ་གྱི་བློས་གཏོང་ལ་ནག་རྩི་བྱུག་རྩིས་འདུག་་་

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    བོད་ནང་གི་རང་ལུས་མེར་བསྲེག་གི་དོན་རྐྱེན་འབྱུང་བཞིན་པ་འདི་ཡིས་མཚོན་པའི་དགྲ་རྒོལ་ཞི་བའི་འཐབ་རྩོད་འདི་དག་ཇི་སྲིད་རྒྱ་ནག་གིས་བོད་ལ་རང་དབང་མ་སྤྲད་པ་དེ་སྲིད་དུ་ཡོང་གི་རེད། འདི་ནས་ཞུ་འདོད་པ་ནི། སོ་སོས་རང་འགན་འཐབ་རྩོད་མི་བྱེད་པར་བོད་ནང་གི་བོད་མིར་བཀའ་གཏོང་འདོད་མཁན་འདི་དག་གི་རྒྱབ་ན་སུ་ཡོད་ངེས་པར་དོ་སྣང་བྱེད་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese