ཁ་སང་ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་གིས་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཆོས་རྭར་ལམ་རིམ་ཆེན་མོའི་བཀའ་ཁྲིད་དང་འབྲེལ་ཏེ། གདན་ས་ཁག་ཏུ་སློབ་གཉེར་གནང་མཁན་ཚོས་དགེ་བཤེས་བཏང་རྗེས། ཕྱི་རྒྱལ་ལ་འགྲོ་རྒྱུར་རྔམ་རྒྱུ་མ་ཡིན་པར། རབ་བྱུང་ན་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་བསྐྱེད་དེ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཞིག་གནང་རྒྱུ་དང་། གལ་སྲིད་དེ་ལྟར་མ་བྱུང་ཡང་གྲྭ་ཚང་རང་དུ་བཞུགས་ཏེ། གཞན་དོན་འཆད་རྩོད་རྩོམ་གསུམ་གྱི་ཐུགས་འགན་བཞེས་རྒྱུ་གལ་ཆེ་ཚུལ་གསུངས་འདུག
༧གོང་ས་མཆོག་གིས་བཀའ་གནང་དོན། “འཛམ་གླིང་དཔལ་འབྱོར་ཡར་རྒྱས་ཞེ་དྲག་ཕྱིན་པའི་སྐབས་འདིར་རྣམ་གཡེང་འདུ་འཛིའི་རྐྱེན་མང་པོ་ཞིག་ཡོང་གི་ཡོད། ང་ཚོའི་དགེ་འདུན་པའི་ནང་སློབ་གཉེར་གང་ལ་གང་འཚམ་ཐོན་འགྲོ་བ་ཡོང་གི་ཡོད། དགེ་བཤེས་གང་མགྱོགས་བཞག་ཟིན་པའི་རྗེས་ལ་དམིགས་ཡུལ་ཌོ་ལར་(Dollar)དོན་གཉེར་བྱས་ཏེ། རྒྱ་གར་ནང་ཞེ་དྲག་ཡིད་མ་ཆགས་པར་རྒྱ་གར་རུའོ་བྷི་(Rupees)ལ་ཞེ་དྲག་གི་མཐོང་མ་བྱས། དེ་ལས་ཌོ་ལར་མཐོང་ཆེ་བ་ཡོད་དུས་ཕྱི་རྒྱལ་ལ་འགྲོ་རྒྱུར་རྔན་པ་དང་རྒྱུ་སྤྲད་ན་ཨེ་དྲག ག་རེ་བྱེད་དགོས་བྱུང་ཡང་བྱས་ཏེ་འགྲོ་ཡི་ཡོད། དེ་འདྲ་བྱས་ན་ང་ཚོའི་ནོར་འཁྲུལ་རེད། གྲྭ་ས་འགྲིམས་ནས་དཔེ་ཆ་བལྟས་ཏེ་རབ་བྱུང་ན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཞིག་དགོས་ཀྱི་ཡོད། སྔོན་གྱི་ལམ་རིམ་བླ་མ་དེ་དག་སྔོན་ལ་སློབ་གཉེར་དང་དེ་ནས་བྱ་བྲལ་བྱས་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས་པ་དེ་འདྲའི་ཐོག་ནས་བསྟན་པར་ཞབས་འདེགས་བསྒྲུབས་ཡོད” ཅེས་གསུངས་འདུག
ཁོང་གིས་མུ་མཐུད་དོན། “ རིམ་པ་གཉིས་པ་དེ་གྲྭ་ས་གྲྭ་ཚང་རང་དུ་བསྡད་དེ་དཔེ་ཁྲིད་ཀྱི་འགན་འཁྱེར་རྒྱུ་ཞེ་དྲག་གལ་ཆེན་པོ་ཞིག་དང་། སྐབས་རེར་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལས་ཀྱང་དེ་གལ་ཆེ་བའི་བཟོ་འདྲ་ཞིག་ཡོད། སངས་རྒྱས་པའི་བསྟན་པ་མི་རབས་ནས་མི་རབས་བར་འཛིན་དགོས་པ་ཡིན་དུས་སོ་སོ་སློབ་གཉེར་གྱིས་སྒྲུབ་པའི་རྒྱལ་མཚན་བཟུང་སྟེ། ས་ལམ་བགྲོད་རྒྱུ་གལ་ཆེ་ཡིན་ཡང་དེ་ལས་ཀྱང་མི་རབས་ནས་མི་རབས་སངས་རྒྱས་པའི་ཆོས། ལྷག་པར་དུ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ། མི་རབས་ནས་མི་རབས་འཛིན་ཐུབ་རྒྱུ་ཞིག་གདན་ས་ཁག་གཙོ་བོར་གྱུར་པའི་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དཔེ་ཁྲིད་གནང་སྟེ་ཐུགས་འགན་བཞེས་མཁན་མང་པོ་ཞིག་དྲན་པའི་ཡུལ་ཙམ་མ་གཏོགས་མེད་པར་ད་ཆ་དགོངས་པ་རྫོགས་ཚར་ཡོད། དེ་དག་གི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། བཀའ་དྲིན་མཛད་རྗེས་ཆེན་པོ་རྣམས་དྲན་དགོས་པ་རེད། ཁྱེད་རྣམས་མི་རབས་གསར་པ་ཐོན་ཡོད་པ་ཚོས་སོ་སོའི་གྲྭ་ས་རང་དུ་བསྡད་དེ་ང་ཚོའི་འཇིག་རྟེན་དུ་སྐབས་གསུམ་དུ་སྨིན་པ་གསུངས་པ་ལྟར་རེད། སོ་སོ་འཚར་ལོངས་དང་སློབ་གཉེར་བྱེད་ཡུལ་དེར་སློབ་སྦྱོང་ཤེས་པ་གཞུང་གི་གོ་རྒྱ་གང་ཡོད་པ་མི་རབས་གསར་པར་རྩིས་སྤྲད་དེ་འགྲོ་རྒྱུ་གལ་ཆེན་པོ་འདུག” ཅེས་བཀའ་གནང་འདུག
༧གོང་ས་མཆོག་གིས་མུ་མཐུད་དུ་ཕྱི་རྒྱལ་ཆོས་ཚོགས་ཁག་གི་སྐོར་ལ་གསུངས་དོན། “ འཛམ་གླིང་འདིའི་སྟེང་ཆོས་ཚོགས་བོད་ཀྱི་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ལུང་པ་འདྲ་མིན་ནང་ཡོད། ཆོས་དགེར་འགྲོ་མཁན་ཚོ་ཞེ་དྲག་གལ་ཆེན་པོ་འདུག ཆོས་ཚོང་བ་དང་ཟོག་རྫུ་ཤོད་མཁན་དེ་འདྲ་ཆགས་པ་ཡིན་ན། ངོ་ཐོག་བཤད་ན་གང་ཟག་རྫུན་པ་ཆགས་པ་མ་གཏོགས་གང་ཡང་མེད་ཀྱང་། མཚན་གཞི་དཔེ་བརྗོད་དེ་བཟུང་ནས་བོད་ཀྱི་སངས་རྒྱས་ཆོས་རྫུན་པ་དང་ཚུལ་འཆོས་དེ་འདྲ་ཞིག་མཐོང་ན་ཡག་པོ་མི་འདུག དེར་བརྟེན་ཆོས་ཚོགས་འདྲ་མིན་ནང་དགེ་རྒན་སློབ་སྟོན་བྱེད་པར་འགྲོ་མཁན་གྲས་དེ་ལྷག་པར་དུ་གལ་ཆེན་པོར་བརྩིས་ཏེ། འགན་ཆེན་པོ་ཞིག་ཡོད་བསམས་པ་བྱས་ཏེ་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་ཡིན” ཞེས་གསུངས་འདུག
དགེ་བཤེས་ཚོའི་ཐར་པ་ནི་ཕྱི་རྒྱལ་ཡིན་པས་དེ་དོན་དུ་མི་གཉེར་རང་གཉེར་རེད།
རེད་གྲོགས་པོ་རྣམ་པ་ཁྱེད་ཚོས་གླེང་བཞིན་འདི་ཟུར་ཙམ་ཞིག་རེད། ད་དུང་དེ་ལས་ཧ་ཅང་གལ་ཆེན་སྒོམ་དང་ཚན་རིག་པ་དང་འབྲེལ་བ་དང་རྒྱ་གླིང་སོགས་ཀྱི་གནས་ཚུལ་མང་བོ་ཞིག་འདིར་བཀོད་མེད་པ་རེད། ཉིན་དང་པོ་གཉིས་པ་སོགས་ཀྱི་བཀའ་སློབ་ཕྱོགས་བསྡུས་བྱས་ནས་བཀོད་དགོས་པ་ལས། ཟུར་ཐུང་ངུ་རེ་བཀོད་གླེང་གཞི་བྱས་ན་ཅི་ཞིག་ཕན།
བློ་དགའ་ལགས། ༧ གོང་ས་མཆོག་གིས་བཀའ་གནང་བ་དེར་གནད་འགག་ཆེན་པོ་གཟིགས་ཀྱིན་ཡོད་སང་གསུངས་བྱོན་པ་རེད།
ཁྱེད་རང་གིས་གོ་མྱོང་ཡོད་རྒྱུ་རེད། ངས་དེ་རིང་ཁྱེད་ལ་ཟུར་ཙམ་འགྲེལ་བཤད་ཅིག་བྱེད་འདོད་བྱུང་། སྔོན་མ་ཨ་རིའི་གཞུང་ནང་གྲྭ་པ་ཞིག་གཞུང་ཚབ་ཀྱི་ཤེལ་སྒོ་བཅགས་པའི་སྐད་ཆ་བྱུང་བ་དང་། དེའི་རྗེས་ཨ་རིའི་གཞུང་ཚབ་ལ་༧ གོང་ས་མཆོག་གང་ཉིད་ཀྱིས་དགོངས་དག་ཞུ་དགོས་ཐུབ་པ་རེད།
གྲྭ་པ་དེ་སུ་རེད་ཅེས་ན་ནི། གྲྭ་པ་དེ་བོད་རྒྱ་ཐང་ནས་སྐྱེས་ཞིང་སྔོན་མ་ལྷོ་ཕྱོགས་འབྲས་སྤུང་དགོན་དུ་ནང་ཆོས་སྦྱངས་ཏེ་ལྷ་རམས་དགེ་བཤེས་ཨང་པོའི་གྲས་ཤིག་རེད་འདུག
དེར་བརྟེན་ཁོ་རང་ཆོས་ཚོགས་ཀྱི་ངོས་ནས་ཨ་རིར་ཕེབས་ནས་ཨ་རིའི་མི་སེར་གྱི་ཐོབ་ཐང་ལག་འཁྱེར་ཡང་རག་ཟིན། དེ་རྗེས་ཁོང་གི་བོད་མི་མང་པོ་ཨ་རིར་ཐེན་ནས་དངུལ་མང་པོ་བླངས་ནས་ཚོང་རྒྱག་མཁན་ཞིག་ཆགས་པ་རེད།
དེ་རྗེས་སུ་ཁོས་མི་བརྒྱད་ཙམ་ཞིག་རུབ་རུབ་བཟོས་ཏེ་མི་རེ་ས་ནས་དངུལ་འབུམ་ ༡༠ ཙམ་བླངས་ནས་མི་དེ་དག་ཨ་རིར་ཐེན་བརྩིས་པ་རེད། ཝི་ཛ་མཐོང་ཆེན་རག་ཁག་པོ་ཡོད་ཙང་ཁོ་རང་དངོས་སུ་རྒྱ་གར་དུ་སླེབས་ནས་ཨ་རིའི་གཞུང་ཚབ་ནང་ཕྱིན་ནས་ཐབས་ཤེས་བཏང་ཀྱང་ཝི་ཛ་སྤྲད་མེད་སྟབས། ཁོང་ཁྲོ་ལངས་ཏེ་གཞུང་ཚབ་ཀྱི་ཤེལ་་སྒོ་བཅགས་བརྗུང་བྱས་པའི་གནས་ཚུལ་ཐོན་པ་རེད།
དེར་བརྟེན་༧ གཞུང་ཚབ་ཀྱིས་གནས་ཚུལ་དེ་གནད་ཡོད་མི་སྣ་ཚོར་གསལ་བཤད་བྱས་སྟབས། ༧ གོང་ས་མཆོག་གིས་ངོས་ནས་དགོངས་དག་མ་ཞུ་ཀ་མེད་ཐུག་པ་རེད།
དེ་རྗེས་ཁོང་ཨ་རིས་ན་ཚ་ལྕི་མོ་ཞིག་ཕོག་ནས་བཅོས་ཐབས་མེད་པར་མཐར་སྤྱི་ལོ་ ༢༠༡༡ ལོར་སྐད་གྲགས་ཡོད་ལྷ་རམ་དགེ་བཤེས་ཁོང་ཨ་རི་ཚུར་བཞུགས་སྒར་རྡ་སར་སླེབས་ནས་སྨན་བཅོས་བྱས་འདུག
འོན་ཀྱང་ལྷ་དང་ལྷ་མའི་དགོངས་པ་ཆེར་དཀྲུགས་པའི་རྐྱེན་ལས་མཐར་སྐུ་ཚེ་མ་ཟིན་པར་ཁོང་རྡ་རམ་ས་ལར་གྲོངས་ཟོང་བ་རེད། ལྷ་རམས་པ་ཚད་ལྡན་འདི་ཚོའི་གྲས་ཀྱིས་གནང་སྟངས་ཁྱིམ་པ་མི་ནག་ལས་སྡུག་པའི་གནས་ཚུལ་འདི་འདྲ་མང་པོ་ཡོད་སྟབས་༧ བོད་མིའི་སྐྱེ་མགོ་ལུས་ཀྱི་བདག་པོ་༧ གོང་ས་མཆོག་ཁོང་གསུངས་སྐད་ཤོར་གྱིན་འདུག
ཡིད་ཆེས་ཀྱི་མེད་ན་ན་གནས་ཚུལ་འདི་རིགས་འབྲས་སྤུང་དགོན་པར་སོང་ནས་ཞིབ་འཇུག་བྱོས། དེ་ནས་བློ་དགའ་ཁྱེད་ཀྱིས་ཏོག་ཙམ་ཤེས་ཐུབ་ཀྱི་རེད།
གྲོགས་པོ་བློ་དགའ་ལགས།
ཁམས་བཟང་། ཁྱེད་ཀྱིས་དོ་གལ་ཆེན་པོའི་སྒོ་ནས། ངའི་བསམ་ཚུལ་ལ་དུས་ཐོག་ཏུ་ལན་ཞིག་བཏབས་པར་ཐུགས་རྗེ་ཆེ་ཞུ། མ་ཟད། གུ་ཡངས་དང་བསམ་ཤེས་ཀྱི་ཐོག་ནས་མ་འོངས་པར་མུ་མཐུད་བསམ་ཚུལ་བརྗེ་རེས་བྱེད་ཐུབ་ན། བོད་ཀྱི་མི་རབས་གསར་བའི་འགན་འཁྲི་ཞིག་རང་ཤུགས་ཀྱིས་འཁྱེར་བཞིན་པ་མིན་འགྲོ།
བདེན་པ་རེད། རྒྱུ་མཚན་ལྡན་པའི་སྒོ་ནས་དོགས་སློང་དང་དགག་སྒྲུབ་བྱེད་དགོས་པ་ནི། རྣམ་དཔྱོད་དང་ཐབས་བྱུས་ཀྱི་སྒོ་མོ་ཡངས་པོར་འབྱེད་ཐུབ་པས་མི་ཚད། མི་དམངས་བྱིངས་ཀྱི་ཤེས་རྟོགས་དང་ལག་ལེན་ལ་དཔེ་སྟོན་བཟང་བོ་འཇོག་ཐུབ་པའི་རེ་འདུན་ཆེ། གང་ལྟར། བསམ་ཚུལ་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད།
མི་སྒེར་གྱི་མདུན་ལྗོངས་ཅི་ཙམ་ཡངས་ན། དེ་ཚོད་ཀྱིས་མི་རིགས་ཤིག་གི་ནུས་སྟོབས་ཆེ་རུ་འགྲོ་བ་ནི། ལྟོས་འབྲེལ་གྱི་གནད་འགག་ཅིག་རེད། དེ་འདྲ་ཡིན་དུས། མི་རིགས་ཤིག་གི་མདུན་ལམ་གལ་འགངས་ཆེན་པོ་ཅི་ཙམ་ཆགས་ན། དེ་ཙམ་གྱིས་མི་རིགས་དེའི་ཁོངས་སུ་གཏོགས་པའི་མི་དམངས་ཀྱི་གོ་རྟོགས་དང་མཉམ་རུབ་སྟོབས་ཅན་ཞིག་ཡོང་དགོས་པ་ནི་གཞི་རྩའི་རྩ་དོན་ཆེན་པོ་ཞིག་རེད།
སྤྱིར་ན། བོད་ཀྱི་དགེ་བཤེས་རྣམས་ནུབ་ཕྱོགས་སུ་སོང་ན། དགེ་མཚན་ག་རེ་ཡོད་དམ། བོད་ཀྱི་རིག་གཞུང་གིས་བོད་རྩོད་ཀྱིན་པ་རེད་དམ། བོད་མི་རིགས་ཀྱིས་བོད་ཀྱི་རིག་གཞུང་རྩོད་ཀྱིན་ཡོད་རེད། བོད་ཀྱི་དཀའ་ངལ་ཆེ་ཤོས་དེ་ནང་ཆོས་དར་སྤེལ་མ་ཐུབ་པ་རེད་དམ།
རྨེའུ་དཀོན་རྒྱམ་ལགས། མི་ལ་རང་གཤིས་ཤིག་མེད་ན་ད་གཟོད་རང་ཉིད་བར་བ་རེད། ༧གོང་ས་མཆོག་གི་གསུང་ལ་དོགས་སློང་ཞིག་བྱས་པ་དེ་ཙམ་ལ་ཁྱོད་རང་སྣང་བར་མ་སོང་ན་དེར་རྒྱུ་མཚན་གང་ཡང་མཐོང་མ་སོང་། ཨང་དང་པོ་རྒྱུ་མཚན་ལ་ལྟ་དགོས་པ་རེད། ཕུགས་ལ་བསམ་བློ་གཏོང་དགོས་རབས་ཤིག་ཤོད་ཀྱི་འདུག མི་སྒེར་རེ་རེའི་ཕུགས་ལམ་གལ་ཆེ་བ་རེད་དམ། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མདུན་ལམ་གལ་ཆེན་པོ་རེད། ལོ་གཅིག་རེའི་ནང་གདན་ས་གསུམ་ལ་དགེ་བཤེས་ཉིས་བརྒྱ་སུམ་བརྒྱ་འཐོན་ཡོང་གི་ཡོད་པ་རེད། དེ་དག་ཚང་མས་གྲྭ་ཚང་གི་ཐབ་ཚང་སྲུང་བསྡད་ན་ཅི་ཞིག་བྱ་དགོས་པ་རེད། ཕྱི་ལོགས་སུ་ཕེབས་ན་ཀུན་སྤྱོད་དང་ཚུལ་ཁྲིམས་ཚུལ་བཞིན་སྲུང་ཐུབ་མིན་དང་། སྤྱི་ཚོགས་ལ་གཞན་ཕན། ནང་ཆོས་དར་སྤེལ་ཅི་ཙམ་ཐུབ་མིན་དེ་དགེ་བཤེས་སོ་སོའི་སྟེང་གི་གནས་ཚུལ་ཞིག་རེད།
བློ་དགས་ཟེར་ན།
“༸གོང་ས་མཆོག་གི་གསུང་ལ་རྒྱུ་མཚན་ཆེན་པོ་ལོས་ཡོད་དེ།” ཟེར་བའི་ཚིག་དེ་སྣང་བར་འགྲོ་མ་སོང་། མ་གཞི་ནས། མི་སོ་སོའི་ཁམས་མོས་དང་འཚམ་པའི་བསམ་ཚུལ་ཤོད་རྒྱུ་ལ་སོགས་པའི་དབང་ཚད་རང་ལ་དབང་བ་བདེན་པ་རེད་དེ།
༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་རྒྱབ་ལྗོངས་དང་རྒྱུ་མཚན་ལ་རྒྱང་ལྟ་བྱེད་དགོས་པ་གལ་ཆེན་རེད་མ་གཏོགས།
རང་གི་ལྟ་བ་དང་ལངས་ཕྱོགས་སུ་མཐུན་པའི་རིགས་ཀྱི་བཀའ་སློབ་ཁག་གལ་ཆེན་འཛིན་པ་དང་། རང་གི་བསྒྲུབས་མ་ཐུབ་པ་དང་འདོད་འདུན་ལ་མི་འཚམ་པའི་བཀའ་སློབ་ལམ་སྟོན་གང་གསུངས་སྣང་མེད་གཡུག་པའི་བསམ་སྤྱོད་འདི། རང་ཉིད་འབོར་སྟངས་ཤིག་ཡིན་ན་ཐང་།
ཧ་ཧ་བློ་དགའ་ལགས་སྐད་ཤོར་ཤག། ང་ཁྱེད་ཀྱི་དགོངས་ཚུལ་ལ་མོས་མཐུན་མེད་ནང་ཆོས་དེ་ང་རང་ཚོའི་་སྤྱི་ཚོགས་ནང་ཁྱབ་དགོས་པ་རེད། ད་ལེ་ཁྱེད་རང་ནོར་ཞག། ཁོང་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གསུངས་པ་རེད། ཁོང་གི་ནང་ཆོས་བསྟན་པ་དར་ཆེད་སྐུ་ངལ་གྲངས་མེད་སྐྱོན་པ་རེད། ད་དགེ་བཤེས་ཐོན་རྗེས་མགོ་སེར་རྗེས་རྒྱུགས་བྱས་ཚེ་སྐྱོན་ལས་དགེ་མི་མངོན། གང་ལ་ཟེར་ན་དགེ་མངོན་སར་༧ གོང་ས་མཆོག་ནས་མངགས་གཏོང་མཛད་ཡོད་པ་དང་དེས་རྒྱུ་འབྲས་ཀྱང་འདྲ་མིན་ཡོད་རེད། དགེ་བཤེས་ལོ་མང་འབད་པས་བསྒྲུབ་རྗེས་རང་རང་གི་མི་རིགས་ལ་འགོ་དང་པོ་ཕན་དགོས་པ་རེད། ཕྱི་རྒྱལ་དུ་སླེབས་ནས་ལོ་ཤས་རྗེས་དགེ་བཤེས་ལོག་སྐབས་ཨ་ནི་གང་ཡང་ཡོང་གི་མ་རེད། བརྟེན་རང་གི་ལམ་དུ་རང་བསྐྱོད་ན་ལེགས་སོ།།།།།
ངས་བསམ་བློ་བཏང་ན། ༧གོང་ས་མཆོག་གི་གསུང་ལ་རྒྱུ་མཚན་ཆེན་པོ་ལོས་ཡོད་དེ། གདན་ས་ཁག་གི་དགེ་ལུགས་རྒྱུགས་སྤྲོད་ནང་ཞུགས་ཏེ་དགེ་བཤེས་གཏོང་མཁན་ཞིག་ལ་མཚོན་ན། ཉུང་མཐར་ལོ་ ༢༤ ཡས་མས་ལ་ནང་ཆོས་ཐོག་སློབ་གཉེར་གནང་པ་ཞིག་དགོས་པ་རེད། དེ་ལྟ་བུ་ཞིག་ལ་སློབ་གཉེར་གནང་གྲུབ་ཟིན་རྗེས་བྱུང་ན། སློབ་སྦྱོང་དེའི་ནུས་པ་སྤྱི་ཚོགས་ནང་འདོན་ཆེད་ཟེར་ན་འདྲ། ནང་ཆོས་ཁྱབ་སྤེལ་ཟེར་ན་འདྲ་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུ་གལ་ཆེན་པོ་རེད་དྲན་ཡོད། དགོན་པའི་ནང་དགེ་རྒན་རེ་ཟུང་བཞུགས་དགོས་པ་གལ་ཆེན་པོ་ཡིན་ཡང་། དགེ་བཤེས་གཏོང་མཁན་ཚང་མ་བཞུགས་བསྡད་པ་ཡིན་ན། དེ་ཙམ་ཕན་ཐོགས་ཆེན་པོ་ཨེ་ཡོད་ན་བསམ་གྱིན་ཡོད།
རིགས་ལ་ཞེན་པའི་མང་ཚོགས་དཀྱུས་མ་ཞིག་གིས་འདི་ལྟར་བརྗོད་ན་ཁ་རྡུང་གི་མཆན་ཆར་པ་བབ་བབ་ཡིན་རྒྱུ་རེད། ད་ལེན་གསུངས་མཁན་༧་གོང་ས་མཆོག་ཡིན་པའི་རྒྱུ་མཚན་གྱིས་ཞལ་བཙུམ་ནས་མ་ི་སྡོད་ཐབས་མེད་ཆགས་འདུག དེས་ཅི་ཞིག་མཚོན་ནམ??????????????
་་་་་གདན་ས་ཁག་ཏུ་སློབ་གཉེར་གནང་མཁན་ཚོས་དགེ་བཤེས་བཏང་རྗེས། ཕྱི་རྒྱལ་ལ་འགྲོ་རྒྱུར་རྔམ་རྒྱུ་མ་ཡིན་པར། རབ་བྱུང་ན་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་བསྐྱེད་དེ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཞིག་གནང་རྒྱུ་དང་། གལ་སྲིད་དེ་ལྟར་མ་བྱུང་ཡང་གྲྭ་ཚང་རང་དུ་བཞུགས་ཏེ། གཞན་དོན་འཆད་རྩོད་རྩོམ་གསུམ་གྱི་ཐུགས་འགན་བཞེས་རྒྱུ་གལ་ཆེ་ཚུལ་གསུངས་འདུག ་་་་ཟེར།
ད་རེས་༧གོང་ས་མཆོག་གིས་རྣག་ཐོག་གཙག་འཁེལ་གྱི་བཀའ་སློབ་གནང་འདུག ད་དུང་གདན་ས་ཁག་གི་དགེ་བཤེས་ཚོའི་སྐོར་ལ་མང་ཙམ་གསུངས་དགོས་ཀྱི་འདུག
དགེ་བཤེས་ཚོ་ dollar ལ་དགའ་དྲགས་ནས་ Rupees ཡི་བཀའ་དྲིན་རྗེད་ཀྱི་འདུག་ཟེར་་་་་་་་་་་་་ཧ་ཧ་ཧ་ཧ་་་་་་་་་་་་དངོས་གནས་དྲང་གནས་་་་་་་་་ཧ་ཧ་ཧ་