མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥུ་ཅན་དུ་རྒྱ་མི་ ༢ ཀྱིས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་ཧྥུ་ཅན་དུ་རྒྱ་མི་ ༢ ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱས་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་པེ་ཅིན་ཆུ་ཚོད་ ༡༧ ཙམ་གྱི་སྟེང་། རྒྱ་ནག་ཧྥུ་ཅཱན་ཞིང་ཆེན་མི་དམངས་འཐུས་མིའི་ལྷན་ཁང་དང་མི་དམངས་སྲིད་གྲོས་གཉིས་ཀྱི་ལས་ཁུངས་ཉེ་འཁྲིས་སུ།  ས་གནས་ཧྲན་ཡཱིག་རྫོང་གི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་ཁྲིམས་ཁང་གིས་དྲང་བདེན་མ་ཡིན་པར་ཡུལ་མིར་མ་ཉེས་ཁག་གཡོགས་ཀྱི་ཉེས་མིང་བཀལ་ཏེ་སྡུག་གྱོང་མནར་གཅོད་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག 

ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོའི་ཆུ་ཚོད་ ༢༠།༣༠ སྟེང་། ས་གནས་ས་ཐོག་ནས་འབྲེལ་ཡོད་མི་སྣས་ཕྱི་སྡོད་རྒྱ་ནག་ཐེན་ཝང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྟེ་གནས་ལ་གནས་ཚུལ་བཏང་འབྱོར་ལྟར་ན། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༡༧ ཙམ་གྱི་སྟེང་། ཧྲན་ཡཱིག་རྫོང་གི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་ལ།  ད་ལྟའི་ཆར་རང་ལུས་མེར་བསྲེགས་གཏོང་མཁན་ཡུལ་མི་ཞུ་གཏུགས་པ་གཉིས་ཧྥུ་ཅན་ཞིང་ཆེན་གྱི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། ད་དུང་འཆི་གསོན་གྱི་རྟིང་ཐག་གཅོད་དཀའ་བའི་ཉེན་ཁའི་གནས་སུ་ལྷག་ཡོད་འདུག    

ཕྱི་ཚེས་ ༡༥ ཉིན་ཕྱི་སྡོད་ཐེན་ཝང་དྲ་བའི་གཞུང་འབྲེལ་འཕྲུལ་སྒྲ་(twitter) དྲ་སྐུད་ཐོག་སྦྱར་འགྲེམས་བྱས་པའི་རང་ལུས་མེར་བསྲེགས་གྱི་འདྲ་པར་དེའི་ཐད། ཐེན་ཝང་དྲ་བའི་འབྲེལ་ཡོད་མི་སྣ་ཆེད་དུ་དོན་རྐྱེན་བྱུང་ཡུལ་ས་གནས་དངོས་ལ་སོང་སྟེ་གནས་ཚུལ་དངོས་བདེན་ཡིན་པ་རྩད་ཆོད་བྱུང་ཡོད་འདུག  ཡུལ་མི་ཞུ་གཏུགས་པ་དེ་གཉིས་ཀྱིས་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་ནི། ཧྥུ་ཅན་ཞིང་ཆེན་མི་དམངས་འཐུས་མིའི་ལྷན་ཁང་གི་སྒོ་ཁ་ཡིན་པ་དང་།  རྒྱབ་ཕྱོགས་སུ་སཱན་ཧི་མཱེན་ཇ་ལོ་ཚོང་ཁང་ཟེར་བ་ཞིག་ཡོད་ལ།  དེའི་ཉེ་འཁྲིས་ནི་ཞིང་ཆེན་མི་དམངས་སྲིད་གྲོས་ལས་ཁུངས་ཀྱི་སྒོ་ལམ་ལ་ཁེལ་ཡོད་འདུག  ད་ལྟའི་ཆར་རང་ལུས་མེར་བསྲེགས་གནང་མཁན་ཞུ་གཏུགས་ཡུལ་མི་དེ་གཉིས་ཀྱི་མིང་དང་ཁྱིམ་མིའི་གནས་ཚུལ་ཞིབ་ཕྲ་གསལ་ཁ་བྱུང་མེད་པ་རེད། 

དྲ་མིང་ལ་༼ སེང་གེ ༽ཟེར་མཁན་ཞིག་གིས། ཝེ་པའོ་དྲ་བའི་སྟེང་ “གློ་བུར་བའི་གནས་ཚུལ་དེ་བྱུང་ནས་ཉིན་གཅིག་འདས་ཟིན་མོད། ད་དུང་སེམས་སུ་འཇིགས་སུ་རུང་བའི་སྣང་བརྙན་དེ་དྲན་ཡོང་གི་འདུག  དེ་རིང་དྲ་རྒྱའི་སྟེང་དོན་རྐྱེན་དེའི་རྗེས་འབྲེལ་གྱི་གནས་ཚུལ་གང་ཡང་ཐོན་མི་འདུག  ཁོ་ཚོས་དེ་ལྟའི་བཟོད་དཀའ་བའི་བྱེད་ཐབས་ཤིག་བདམས་ཟིན་སྟབས། ངའི་རེ་བར་ཁོང་གཉིས་ལ་བདེ་བ་ཞིག་ཐོབ་པར་སྨོན།” ཅེས་བཀོད་འདུག 

ཐེན་ཝང་དྲ་བའི་གནས་ཚུལ་སྤེལ་བ་ལྟར་ན། རང་ལུས་མེར་བསྲེགས་གཏོང་མཁན་གཉིས་མྱུར་སྐྱོབ་བྱེད་སའི་སྨན་ཁང་དུ། ཧྲན་ཡཱིག་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་ས་གནས་ཞུ་གཏུག་ལས་ཁུངས་ཀྱི་མགོ་བ། ས་གནས་ཉེན་རྟོག་པ་སོགས་བསླེབས་ཏེ་བཀག་སྡོམ་ལྟ་རྟོག་བྱས་ཡོད་པ་མ་ཟད།  རྒྱ་གཞུང་གིས་དྲ་ལམ་ཁག་ཏུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དང་འབྲེལ་བའི་གནས་ཚུལ་རྣམས་བཀག་འགོག་གཙང་བཤེར་བྱེད་བཞིན་ཡོད་འདུག

ཐེན་ཝང་དྲ་བའི་འགན་ཡོད་མི་སྣས་གསར་ལམ་ཁག་ཏུ་བརྗོད་དོན། རྒྱ་ནག་ནང་ས་གནས་ཡུལ་མི་ཞུ་གཏུགས་པ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་སྔ་ཤོས་ནི་ཧུའུ་པའེ་ཡུལ་མི་ཝང་ཀུས་ལན་གྱི་རང་བསྲེགས་ཡིན་པ་དང་། དེ་ནས་རིམ་པར་ཟི་ཁྲོན་གྱི་ཡུལ་མི་སཱུང་ཙུ་ཅན་གྱིས་རང་ལུས་མེར་བསྲེགས་གཏོར་ཞོར་ཉེན་རྟོག་པ་སོ་སོའི་པང་དུ་བསྡམས་པའི་དོན་རྐྱེན། ཁྲིན་ཏུའུ་གྲོང་ཁྱེར་དུ་ཐཱང་ཧྥུ་ཀྲིན་དང་ཙིན་མཱེན་ཆཱུང་གཉིས་ཀྱི་རང་བསྲེགས། ཁྲུང་ཆིན་དུ་ཝུ་ཞིག་ཧྭ་ཡི་རང་བསྲེགས། ད་ལྟ་ཧྥུ་ཅན་གྱི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱི་རང་བསྲེགས་བཅས་བྱུང་ཡོད་སྐོར་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༩ ཉིན་ས་གནས་ཁྲིམས་ཁང་གིས་མ་ཉེས་ཁག་གཡོགས་ཕོག་མཁན་ཧྥུ་ཅན་ཞིང་ཆེན་གྱི་ཡུལ་མི་ལིན་པེན་ཞིན་དང་ཧྲི་ལིས་ལཱེན། སུང་པའོ་རུང་། ཝུ་ཅིན། ཝང་ཝེ་ཀྲུ། ལིན་ཆིག་ཏིས། ལིས་ལཱང་ཡུས་སོགས།  ཞུ་གཏུགས་མང་ཚོགས་བཅུ་གྲངས་ལྷག་པེ་ཅིན་དུ་བསྐྱོད་དེ།  ཐའོ་རན་ཐཱེན་སྤྱི་གླིང་དུ་གསར་བརྗེ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ།  “ཚོགས་ཆེན་བཅོ་བརྒྱད་ཀྱི་འཐུས་མི་ཚོས་མ་ཉེས་ཁག་གཡོགས་ཕོག་མཁན་མང་ཚོགས་ལ་ཐར་ལམ་ཞིག་གནང་རྒྱུར་པུས་བཙུགས་ཞུ་འབུལ་བྱེད།” ཅེས་པའི་འཕྲེད་དར་འཕྱར་ཏེ། རྒྱ་གཞུང་གིས་ཁྲིམས་ལུགས་དྲང་བདེན་འདྲ་མཉམ་བྱེད་དགོས་པའི་རེ་སྐུལ་བཏོན་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དམར་གཞུང་ཆུ་ཤིང་སྡོང་སྐམ་འདི། །
    བོད་མིའི་མེ་ཡིས་བསྲེག་པར་ཤོག །
    དམར་མདོག་སྐར་ལྔའི་དར་དམར་འདི། །
    རྒྱ་མིའི་མེ་ཡིས་བསྲེག་པར་ཤོག །

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོའི་རྒོལ་ཤུཌ་དེ། །དམར་པོ་མེ་དང་སྡོངས་པར་ཤོག
    ཉམས་ཆུང་བོད་མིའི་རླུང་རྟ་དེ། །དམར་པོ་མེ་དང་སྡོངས་པར་ཤོག
    དམངས་ཁྲོད་རིཌ་ཉུང་འཐབ་རྩལ་དེ། དམར་པོ་མེད་དང་སྡོངས་པར་ཤོག
    དམར་པོའི་གཏུམ་སྤྱོད་རྩྭ་ཕུང་ཅན། དམར་པོ་མེ་ཡིས་བསྲེག་པར་ཤོག

    Reply
  3. རྨ་ ཉག་ཕྲན། says:
    ལོ་ 14 སྔོན།

    མི་རིགས་གང་ཡིན་ནཡིན།འདས་བོ་རྣམས་པར་་མྱ་ངན་གུས་བརྩི་ཡོད། ཁོག་ཏུ་མ་ཆུགས་་ན་ཟིག་རྣམས་རིམ་གྱི་ས་ཕྱི་རུ་འཕྱུར་ཡོང་ན་ཇག་པ་རྒྱལ་ཁབ་ཀྱི་གཞུང་འཛིན་པ་ཚོ་ཡང་འགྱུར་བ་ཕྲན་ཚག་རེ་འགྲོ་རྒྱུ་ཡོད་སྲིད།

    Reply
  4. ལྷག་བསམ says:
    ལོ་ 14 སྔོན།

    གུན་ཁྲན་དམར་པོའི་ཁྲིམས་ཁང་དེར་དམར་པོའི་མེ་ཡིས་བསྲེག་པར་ཤོག
    གུན་ཁྲན་དམར་པོའི་རྩ་ཁྲིམས་དེར་དམར་པོའི་མེ་ཡིས་བསྲེག་པར་ཤོག་
    གུན་ཁྲན་དམར་པོའི་སྲིད་གཞུང་དེར་དམར་པོའི་མེ་ཡིས་བསྲེག་པར་ཤོག
    གུན་ཁྲན་དམར་པོའི་དར་དམར་དེར་དམར་པོའི་མེ་ཡིས་བསྲེག་པར་ཤོག
    གུན་ཁྲན་དམར་པོའི་སྒེར་གཅོད་དེར་དམར་པོའི་མེ་ཡིས་བསྲེག་པར་ཤོག
    གུན་ཁྲན་དམར་པོའི་ལྐོག་ཟས་དེར་དམར་པོའི་མེ་ཡིས་བསྲེག་པར་ཤོག
    གུན་ཁྲན་ཏང་གི་དཔོན་ངན་རྣམས་དམར་པོའི་མེ་ཡིས་བསྲེག་པར་ཤོག
    གུན་ཁྲན་དམར་པོའི་བཙན་གནོན་འདིར་དམར་པོའི་མེ་ཡིས་བསྲེག་པར་ཤོག
    ཏང་གི་རྒྱུགས་ཁྱི་རྒྱལ་བཙོང་ཚོ་དམར་པོའི་མེ་ཡིས་བསྲེག་པར་ཤོག
    ཏང་ལ་མགོ་ལུས་འབུལ་མཁན་རྣམས་དམར་པོའི་མེ་ཡིས་བསྲེག་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese